ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས།(ཞར་བཀོད་བཞི་ཡོད)

_____1.jpg
གྲིབ་མའི་ངོས་སུ
ཆུའི་གཏིང་དུ

མི་ཤི་བོའི་མལ་ཐུལ་དང
གཅན་གཟན་གྱི་པགས་པའི་ངོས་སུ

ཁྱི་སྨྱོན་གྱི་མཆེ་བའི་སྟེང་དུ
སྤྲིན་དཀར་གྱི་འདབ་མའི་མཐའ་རུ
དུག་སྦྲུལ་གྱི་ལྕེ་དཀར་ནག་གི་ངོས་སུ
ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས

མེ་མདའི་རྒྱབ་ཏུ
ཁེར་རྐྱང་གི་གླིང་ཕྲན་སྟེང་དུ
ནད་པ་ལྟ་བུའི་ས་སྲོད་ཀྱི་ཆུ་ཚོད་ངོས་སུ
ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས

                         ཕྱི་ལོ༢༠༡༦ཟླ༤ཚེས༡༦ཉིན།

                                 ང་ཡི་སྒྱུ་རྩལ་གྱི་ཕོ་བྲང་།

ཁྱེད་ཀྱི་མིག་ཟུང་ནི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་འདུག
དེའི་ནང་དུ་མི་མང་པོས་གྲུ་ཆུང་གཏོང་བཞིན་ཡོད་ནའང
རྦ་རླབས་ཀྱིས་ང་ཡི་གྲུ་ཆུང་ཚལ་བར་གཤག་སྟེ
དྲག་ཆར་གྱིས་བསད་པའི་ཁྱི་རོ་ཞིག་ལྟར
མཐའ་མི་མངོན་པའི་སྲང་ལམ་ཞིག་ཏུ་འཕངས

ང་ཡིས་ལུས་ཀྱི་ཡན་ལག་དག
མཚོན་ཆ་རེ་རེར་བསྒྱུར་ཏེ
ཉེ་རིང་གང་རུང་ནས་སྦྱོར་བ་བརྩམས་ནའང
ཁྱོད་ཀྱི་མིག་ཟུང་ལས་ང་ཡི་སྒྱུ་རྩལ་གྱི་ཕོ་བྲང་མངོན་ཡོང

དེ་དུས  བར་སྣང་དུ་རླུང་ལྟར་ཡངས་བའི་བྱ་དངོས་དག
གཟུགས་མེད་པ་འགའ་ཞིག་ཏུ་ཆགས་འདུག

                     ཕྱི་ལོ༢༠༡༤ལོའི་ཟླ༦ཚེས༧ཉིན།

                             འཆི་བའི་གཞས།

ང་རང་ཚེ་འཕོས་ཁར
ངས་ཁྱོད་ཀྱི་མིང་ཡིག
གཞས་ཚིག་ཏུ་བསྒྱུར་ཏེ
དབྱངས་རྩོམ་ངེས

རོལ་མོའི་རྒྱུད་སྐུད་སྟེང་དུ
ང་རང་ཕུག་རོན་ཞིག་ཏུ་གྱུར་ཏེ
གཤོག་ཟུང་ཁོ་ནས་རོལ་མོ་དཀྲོལ་དུས
འཆི་བའི་སྡུག་བསྔལ་ནི
ནང་མ་སྤྲོ་སྐྱིད་ཁང་ཞིག་དང་མཚུངས

ང་རང་ཚེ་འཕོས་ཁར
ངས་ཆང་རག་སླེ་བོ་གང་ཁུར་ཏེ
འཇིག་རྟེན་དུ་འཚོ་བཞུགས་མ་ཐུབ་པའི་གྲོགས་པོ་དག་ལ
གསོལ་སྟོན་ཞིག་བཤམས་ངེས

ནམ་ཞིག་ནས་ནམ་ཞིག་གི་ཚེ
ཁྱོད་ཀྱིས་ཀྱང་ང་ལ་ཆང་སྟོན་ཞིག་ཡོད་པར་སྨོན

               ཕྱི་ལོ༢༠༡༦ལོའི་ཟླ༤ཚེས༩ཉིན།

                                ཁྱེད་ཀྱི་རྗེས་ཤུལ་དུ་བྲིས་པའི་སྙན་ངག

དགོང་དྲོའི་དུས་སུ  ཁྱེད་ཀྱི་ལུས་པོ་བྱེ་མའི་འཆིང་བུ་བཞིན་འཐོར་སོང་བས
ནམ་མཁའ་དང་སྤྲིན་དཀར་ལ་གཡུལ་འཐབ་བྱས་ནའང
དགུ་ཚིགས་ལས་འཐོར་བའི་ཆག་རོ་དག་གིས
ཁྱེད་ཀྱི་རྗེས་ཤུལ་དུ་མུན་པ་དྲུད་ཡོང

ང་ཡིས་ལག་པ་ཁོ་ན་བར་སྣང་དུ་འགུལ་ནའང
དམིགས་མེད་དུ་ལྷུང་ཡོང་བའི་རྡོ་བ་དག་གིས
ང་རང་ཉོབ་ཉོབ་པོར་བཏང་སྟེ
བཀྲེས་ལྟོགས་ཀྱིས་མནར་བའི་ཁྱི་སྨྱོན་ཞིག་ལྟར
ཅི་བྱ་གཏོལ་མེད་དུ་བཏང

དེ་བས  ཤེད་ཤུགས་ཡོད་ཚད་བཏོན་ན་ཡང
ཁྱེད་ཀྱི་རྒྱབ་ལོགས་ན་རྒྱུ་བའི་རླུང་བུ་ཁོ་ནས
ང་ཡི་རྨི་ལམ་གྱི་རྩིག་པ་རྨང་ནས་བཅོམ་སྟེ
སྒོ་དང་སྒེའུ་ཁུང་མེད་པ་ཞིག་ཏུ་བཟོས

དེ་ལྟར  ལོ་དུ་མ་ཞིག་འགོར་རྗེས
ཁྱེད་ཀྱི་བྲང་གཞུང་ལས
རྩྭ་མགོའི་ཟིལ་བ་ལྟར་ནེམ་པའི་འོད་ཕུང་དག
གང་ཞིག་ཏུ་འཕྲོས་སོང་བ་དེ་ང་ལ་མི་གསལ་ནའང
ང་ཡི་མིག་ཟུང་སྔར་བཞིན་ཁྱེད་ཀྱི་རྗེས་ཤུལ་དུ་ཡོད་ངེས

                    ཕྱི་ལོ༢༠༡༤ལོའི་ཟླ༦ཚེས༥ཉིན།

                               གྲིབ་མ་བརྐུས་པ།

ཁྱོད་འགྲོ་ཁར
ངས་ཁྱོད་ཀྱི་གྲིབ་མ་བརྐུས་ཏེ
ཉར་ཚགས་བྱས་པ་ཡིན

ས་རུབ་རྗེས
ངས་ཁྱོད་ཀྱི་གྲིབ་མ་ཁྲིད་དེ
སྤྲོ་གསེང་དུ་སོང་བ་ཡིན

ཁྱོད་དྲན་དུས
ང་གྲིབ་མ་ལ་འཐམ་སྟེ
མིག་ཆུ་བཏང་བ་ཡིན

མིག་ཆུ་འཁྱིལ་དྲགས་པས
མཚོ་མོ་ཞིག་གྲུབ་འདུག

ངས་རང་ཉིད་ཀྱི་སྐྲ་ལོས
གྲུ་གཟིངས་ཤིག་བཟོས་ཏེ
གླ་བྱེད་མགྲོན་པོ་དྲུད་པ་ཡིན

                   ཕྱི་ལོ༢༠༡༦ལོའི་ཟླ༡ཚེས༢༦ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས།(ཞར་བཀོད་བཞི་ཡོད)

2016-12-12 ཨ་མཆོག་ཟུར་མིག ཀློག་གྲངས། མཆན ཡོད།

_____1.jpg
གྲིབ་མའི་ངོས་སུ
ཆུའི་གཏིང་དུ

མི་ཤི་བོའི་མལ་ཐུལ་དང
གཅན་གཟན་གྱི་པགས་པའི་ངོས་སུ

ཁྱི་སྨྱོན་གྱི་མཆེ་བའི་སྟེང་དུ
སྤྲིན་དཀར་གྱི་འདབ་མའི་མཐའ་རུ
དུག་སྦྲུལ་གྱི་ལྕེ་དཀར་ནག་གི་ངོས་སུ
ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས

མེ་མདའི་རྒྱབ་ཏུ
ཁེར་རྐྱང་གི་གླིང་ཕྲན་སྟེང་དུ
ནད་པ་ལྟ་བུའི་ས་སྲོད་ཀྱི་ཆུ་ཚོད་ངོས་སུ
ངས་ཁྱོད་ལ་སྙན་ངག་སུམ་བརྒྱ་དྲུག་ཅུ་བྲིས

                         ཕྱི་ལོ༢༠༡༦ཟླ༤ཚེས༡༦ཉིན།

                                 ང་ཡི་སྒྱུ་རྩལ་གྱི་ཕོ་བྲང་།

ཁྱེད་ཀྱི་མིག་ཟུང་ནི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་འདུག
དེའི་ནང་དུ་མི་མང་པོས་གྲུ་ཆུང་གཏོང་བཞིན་ཡོད་ནའང
རྦ་རླབས་ཀྱིས་ང་ཡི་གྲུ་ཆུང་ཚལ་བར་གཤག་སྟེ
དྲག་ཆར་གྱིས་བསད་པའི་ཁྱི་རོ་ཞིག་ལྟར
མཐའ་མི་མངོན་པའི་སྲང་ལམ་ཞིག་ཏུ་འཕངས

ང་ཡིས་ལུས་ཀྱི་ཡན་ལག་དག
མཚོན་ཆ་རེ་རེར་བསྒྱུར་ཏེ
ཉེ་རིང་གང་རུང་ནས་སྦྱོར་བ་བརྩམས་ནའང
ཁྱོད་ཀྱི་མིག་ཟུང་ལས་ང་ཡི་སྒྱུ་རྩལ་གྱི་ཕོ་བྲང་མངོན་ཡོང

དེ་དུས  བར་སྣང་དུ་རླུང་ལྟར་ཡངས་བའི་བྱ་དངོས་དག
གཟུགས་མེད་པ་འགའ་ཞིག་ཏུ་ཆགས་འདུག

                     ཕྱི་ལོ༢༠༡༤ལོའི་ཟླ༦ཚེས༧ཉིན།

                             འཆི་བའི་གཞས།

ང་རང་ཚེ་འཕོས་ཁར
ངས་ཁྱོད་ཀྱི་མིང་ཡིག
གཞས་ཚིག་ཏུ་བསྒྱུར་ཏེ
དབྱངས་རྩོམ་ངེས

རོལ་མོའི་རྒྱུད་སྐུད་སྟེང་དུ
ང་རང་ཕུག་རོན་ཞིག་ཏུ་གྱུར་ཏེ
གཤོག་ཟུང་ཁོ་ནས་རོལ་མོ་དཀྲོལ་དུས
འཆི་བའི་སྡུག་བསྔལ་ནི
ནང་མ་སྤྲོ་སྐྱིད་ཁང་ཞིག་དང་མཚུངས

ང་རང་ཚེ་འཕོས་ཁར
ངས་ཆང་རག་སླེ་བོ་གང་ཁུར་ཏེ
འཇིག་རྟེན་དུ་འཚོ་བཞུགས་མ་ཐུབ་པའི་གྲོགས་པོ་དག་ལ
གསོལ་སྟོན་ཞིག་བཤམས་ངེས

ནམ་ཞིག་ནས་ནམ་ཞིག་གི་ཚེ
ཁྱོད་ཀྱིས་ཀྱང་ང་ལ་ཆང་སྟོན་ཞིག་ཡོད་པར་སྨོན

               ཕྱི་ལོ༢༠༡༦ལོའི་ཟླ༤ཚེས༩ཉིན།

                                ཁྱེད་ཀྱི་རྗེས་ཤུལ་དུ་བྲིས་པའི་སྙན་ངག

དགོང་དྲོའི་དུས་སུ  ཁྱེད་ཀྱི་ལུས་པོ་བྱེ་མའི་འཆིང་བུ་བཞིན་འཐོར་སོང་བས
ནམ་མཁའ་དང་སྤྲིན་དཀར་ལ་གཡུལ་འཐབ་བྱས་ནའང
དགུ་ཚིགས་ལས་འཐོར་བའི་ཆག་རོ་དག་གིས
ཁྱེད་ཀྱི་རྗེས་ཤུལ་དུ་མུན་པ་དྲུད་ཡོང

ང་ཡིས་ལག་པ་ཁོ་ན་བར་སྣང་དུ་འགུལ་ནའང
དམིགས་མེད་དུ་ལྷུང་ཡོང་བའི་རྡོ་བ་དག་གིས
ང་རང་ཉོབ་ཉོབ་པོར་བཏང་སྟེ
བཀྲེས་ལྟོགས་ཀྱིས་མནར་བའི་ཁྱི་སྨྱོན་ཞིག་ལྟར
ཅི་བྱ་གཏོལ་མེད་དུ་བཏང

དེ་བས  ཤེད་ཤུགས་ཡོད་ཚད་བཏོན་ན་ཡང
ཁྱེད་ཀྱི་རྒྱབ་ལོགས་ན་རྒྱུ་བའི་རླུང་བུ་ཁོ་ནས
ང་ཡི་རྨི་ལམ་གྱི་རྩིག་པ་རྨང་ནས་བཅོམ་སྟེ
སྒོ་དང་སྒེའུ་ཁུང་མེད་པ་ཞིག་ཏུ་བཟོས

དེ་ལྟར  ལོ་དུ་མ་ཞིག་འགོར་རྗེས
ཁྱེད་ཀྱི་བྲང་གཞུང་ལས
རྩྭ་མགོའི་ཟིལ་བ་ལྟར་ནེམ་པའི་འོད་ཕུང་དག
གང་ཞིག་ཏུ་འཕྲོས་སོང་བ་དེ་ང་ལ་མི་གསལ་ནའང
ང་ཡི་མིག་ཟུང་སྔར་བཞིན་ཁྱེད་ཀྱི་རྗེས་ཤུལ་དུ་ཡོད་ངེས

                    ཕྱི་ལོ༢༠༡༤ལོའི་ཟླ༦ཚེས༥ཉིན།

                               གྲིབ་མ་བརྐུས་པ།

ཁྱོད་འགྲོ་ཁར
ངས་ཁྱོད་ཀྱི་གྲིབ་མ་བརྐུས་ཏེ
ཉར་ཚགས་བྱས་པ་ཡིན

ས་རུབ་རྗེས
ངས་ཁྱོད་ཀྱི་གྲིབ་མ་ཁྲིད་དེ
སྤྲོ་གསེང་དུ་སོང་བ་ཡིན

ཁྱོད་དྲན་དུས
ང་གྲིབ་མ་ལ་འཐམ་སྟེ
མིག་ཆུ་བཏང་བ་ཡིན

མིག་ཆུ་འཁྱིལ་དྲགས་པས
མཚོ་མོ་ཞིག་གྲུབ་འདུག

ངས་རང་ཉིད་ཀྱི་སྐྲ་ལོས
གྲུ་གཟིངས་ཤིག་བཟོས་ཏེ
གླ་བྱེད་མགྲོན་པོ་དྲུད་པ་ཡིན

                   ཕྱི་ལོ༢༠༡༦ལོའི་ཟླ༡ཚེས༢༦ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།