གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསིལ་སྣང་།

2017-05-21 18:54:02 ཇོ་ཇོ། ཀློག་གྲངས། མཆན ཡོད།


བསིལ་སྣང་དེ་གངས་འདབས་སུ་གཞིས་ཆགས་པ་དང་འདྲ་ལ
གངས་རི་ནི་སེམས་པ་ལས་ཀྱང་དཀར

གཙང་བོ་དེའི་བསིལ་ཚད་གཏན་དུ་བརྗེད་མི་ཐུབ་པས
འགྲོ་ཞོར་ལམ་ནས་ལག་པས་ཆར་དང་རླུང་བུ་རྒུམ

ཁེར་རྐྱང་དང་གྲང་ངར་ལ་མཛད་མཐའ་མེད་པས
དར་ཆ་ནི་སྙིང་ཁ་ཡང་མི་ཁེབས་པའི་བསིལ་གྲིབ་ལག་མཐིལ་ཙམ

ཞྭ་འདབས་སུ་མེ་ཏོག་བཙུགས་ནས་ཆུ་གཏོར་ན
གདོང་ལ་བབས་པའི་བསིལ་གྲིབ་དེ་ཇེ་ཆེ་ཇེ་ཆེ་ཡིན་ནམ

ཆར་གདུགས་འོག་ནས་རང་སའང་ཟིན་ཐབས་བྲལ་སོང
དེ་ནི་ང་རང་ཁྱོད་ལ་གོམ་གང་བཅར་མ་ཐུབ་པས་ཡིན་ནམ

                                                       2017,5,3


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                                          

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།