གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་ལ་རྨི་ལམ་ཞིག་འབྲི་ན་འདོད།

2017-06-03 15:19:25 བོང་སྟག་ལྷག་ག ཀློག་གྲངས། མཆན ཡོད།


རྩྭ་ཐང་གི་ཟིལ་བ་འཁུར་བའི་བུ་མོ་ལགས།
ངས་ཁྱོད་ལ་རྨི་ལམ་ཞིག་འབྲི་ན་འདོད།
རྨི་ལམ་གྱི་སྣེ་མོ་ནས་ཁྱོད་ཀྱིས་མེ་བུས་ཆོག
ང་ཡིས་ཇ་བསྐོལ་ཆོག
ཞོགས་པ་རེ་རེར་ཁྱོད་ཀྱིས་ཇ་མཆོད་འཕེན་ཆོག
ང་ཡིས་རི་བསང་གཏང་ཆོག
ངས་ཁྱོད་ལ་འདི་ལྟ་བུའི་རྨི་ལམ་ཞིག་འབྲི་ན་འདོད།

བུ་ཆུང་ཚེ་རིང་ལོ་བརྒྱ་ལ།
རྩམ་པ་རྫི་ཚུལ་སོགས་ཁྱེད་ཀྱིས་བསླབ་རོགས།
ངས་ཡབ་མེས་ཀྱི་རྣམ་ཐར་ཕར་སློག་ཚུར་སློག་བྱས་རྗེས།
ཐོན་མིའི་བཀའ་དྲིན་ལ་བརྟེན་ཏེ།
བུ་ཆུང་ལ་གསེར་གྱི་དཀར་ཡོལ་ཞིག་བཟོ་ཆོག
ཁྱེད་ཀྱིས་དེའི་ནང་དུ་འབྲི་ཞོ་མངར་མོ་ཞིག་ལྡུག་རོགས།

རྒྱུན་པར་ངའི་རྨི་ལམ་ལ།
གངས་རི་དང་རྩྭ་ཐང་། སྔོ་མ་སོགས།
རྟ་ནོར་ལུག་གསུམ་ཐེ་བའི་འབྲོག་ཐང་གི་འཚོ་བ་ཞིག་རྨི་བཞིན་ཡོད།
ངས་རྨི་ལམ་འདི་ཁྱོད་ལ་བྲིས་ཏེ།
རྨི་ལམ་འདིའི་ནང་ནས་ཁྱོད་རང་བག་མར་ལེན་དགོས།

            2016/8/23   རྒྱ་ནག་ནན་ཅིན་ནས་བྲིས་སོ།།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།