ས་དམར་གྲགས་པའི་སྙན་ངག་གསར་བ། ར་ས། ལྷ་ས། རྡོ་ས།

ས་དམར་གྲགས་པ།(དབུས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-10


IMG_4697.JPG

                          ༡

ཕྱེ་མ་ལེབ་དེར་གཤོག་པ་ཆེན་པོ་འདུག
ནམ་མཁའ་རུ་འཇའ་ཚོན་གྱིས་རྐང་ལག་བརྐྱངས།
ལོགས་བྲིས་ཀྱི་སྣེ་མོ་རུ་གཙང་བོ་ཞིག་བཞུར་བཞིན་གདའ།
ཉ་ལ་རྐང་པ་སྐྱེས་ཤིང་མི་ལ་འགྲོག་སྟེ་འཕུར།
བྱ་ཚོགས་ཀྱི་རླུང་གཤོག་རྡོ་བར་གཡར།
ཚོང་པ་ཚོས་ལུ་མ་དག་ཡར་མར་དུ་བསྐྱལ་མཚམས་བཞག་པ།
ས་གཞི་ལ་རིན་གོང་ཆེ་བས་མ་རེད།
སྐོར་ལམ་ནས་ཕྱག་འཚལ་མཁན་དག་གིས།
ཤན་པར་དད་པ་བྱས་པ་ཨེ་བདེན།

རྐང་རྗེན་དུ་འགྲོ་དགོས་པ་ཚོར་ཏེ་རང་དབང་མེད་པར།
དད་པ་ནི་ཁ་མ་སོས་པར་བར་སྐོར་ལ་བཏབ་པའི།
མེ་ཏོག་འགའ་རུ་འདོད་པས་རེད།

ཆང་བཙགས་ས་ནས་ཁྲུང་རྐྱན་བདག་ཏུ་འཛིན་དོན།
ཆང་རྫུན་ལ་ཞེད་སྣང་ཡོད་པ་ལྟར་སྣང་ཡང་།
འཁོར་བ་ནི་བྱེ་མ་བཞིན།
སེམས་ནས་མངའ་ཐང་ཞིག་གི་ཚད་ལས།
མར་མར་ཟགས།

ཨ་ཁུ་སྟོན་པའི་ལས་ཀྱི་སྨོན་ལམ་ཡོད་ཚད།
ལྷ་སས་བདག་ཏུ་བཟུང་།

                           ༢

ཁམས་ནས་བཙོངས་ཟིན་པའི་རལ་གྲི་དེ།
ཁ་ཆེ་ཚོང་པ་ཞིག་གིས་ལྷ་སའི་ཡུལ་སྐོར་བ་ཞིག་ལ་བཙོངས།
ངས་ལག་པ་རུམ་ནས་མ་བླངས།
ངའི་ཁྲག་གི་དྲོད་ཚད་མར་འཇགས་པས།
སངས་རྒྱས་དྲན་སོང་།

སུ་ལའང་བཤད་མ་ཕོད་པའི་སྐད་ཆ་དག
རུས་པའི་ནང་གི་རྐང་ལྟར་རྡོ་བའི་གསེབ་ཏུ་བཅོལ་ན་ཡང་།
སྲོག་ལ་མི་གཅེས་པའི་སེམས་ཅན་ཞིག
གློ་རྡེག་ཏུ་ཁ་ཕྱིར་འཁོར་ཏེ།
སེན་མོའི་སྟེང་དུ་ཤོང་ཚད་ཀྱི་ནམ་མཁའ་ཞིག་བྲིས།

ངོ་མི་ཤེས་པའི་ལག་པ་ཞིག་གཡར་ཏེ།
དེའི་སྟེང་དུ་ལྷ་ས་ཞིག་བྲིས།

ཕྱེ་མ་ལེབ་དེ་ད་དུང་འཕུར་བཞིན་གདའ།
གཤོག་པ་ཆེན་པོ་ཞིག་འདུག

                          ༣

ངག་ནས་འཁྲུངས་པའི་ན་རོ་དེ་ཡང་གཤོག་པ་ཅན་ཞིག་རེད།
ངས་ཕྱེ་མ་ལེབ་དེ་དྲན་བྱུང་།

རི་སྒང་འདི་རུ་ཕྱེ་མ་ལེབ་མང་པོ་མེད།
གླག་རྒོད་དང་ཁྭ་ཏ་ལས།
གཞན་ད་དུང་གཤོག་པ་མ་ཐོགས་པའི་རླུང་དང་རྡོ་བ།
ཉི་འོད་དང་ཟིལ་བ་ཡོད།

རྭ་ལས་བྱུང་བའི་འཇིགས་པ་བརྒྱད་པོ།
རྐང་ཐང་དུ་སོང་མ་ཚར་བའི་སྒྲུང་དེབ་དེ་ལས་མ་རྙེད།
གྲུ་ཁ་ནས་མེ་འབུད་མཁན་དེ།
རོ་བདག་ཅིག་སྟེ།

རྟ་ཁ་ཕྱིར་མི་འཐེན་རོགས།
སངས་རྒྱས་འཚོལ་བར་ཕྱིན་པའི་མི་དེ།
ས་དོང་ཞིག་གི་ཁ་རུ།

ཆུ་ཁར་གཡེང་བའི་ཟླ་བར་ཅེར་ཏེ།
འོད་བཅུ་བཞིན་འདུག

                             ༤

ལྷ་ས། ཁྱོད་ལ་རྗེས་གྲུབ་ཀྱི་མིང་ཅི་ཙམ་བྱུང་ཡོད།
དེ་དག་ལ་གཤོག་པ་ཡོད་དམ།

ཚིག་མཛོད་ལས་སྒྲ་མ་ཕྱུངས་པ་དེ་དག
ཨ་མས་བསླབ་པའི་མགུར་མ་དེ་དག
བརྡ་ལས་མ་གྲུབ་པ་དེ་དག
འབྲི་མ་ཤེས་པ་དེ་དག

ལྷ་ས། ཁྱོད་ལ་གཤོག་པ་ཡོད་དམ།
གཤོག་པ་ལ་ཆེ་ཆུང་ཡོད་དམ།
གྲིབ་མ་ཡོད་དམ།

ཐང་ཆད་བྱུང་ངམ།

                          ༥

རུས་པའི་ཟིལ་བ་ལྡག་པ་ནས།
སྒལ་ཚིགས་གསེང་གི་མདུད་པ་དེ་ལྷོད་ཙམ་གནང་དང་།
ལུས་ཀྱི་ཤུན་སྐོགས་འདིའི་ཕྱི་ནང་བརྗེས་ཡོད།

མགོ་བོ་མཐོ་བའི་སྣང་བ་དེར།
ཞེད་སྣང་དགོས་དོན་ག་རེ་འདུག
ངའི་ངག་གི་ཤ་དྲོད་ལ་རྡོ་ཡི་མེ་ཁ་གསོས་པ་ནས།
ལུས་ཀྱི་རླངས་པ་དཀར་པོ་དེ་ཟླ་བར་བཅོལ་ཡོད།
ཟླ་བའི་ངོས་ཀྱི་ཟིལ་བར་བཅོལ་ཡོད།
མིག་གི་ནང་དུ་སྦས་ཡོད།

ཉི་འོད་འདི་ཅི་འདྲའི་ཚ་བ་ལ།
རྨི་ལམ་དུ་ཁ་བ་འབབ་དོན་ག་རེ་ཡིན་ན།
ང་རང་ངལ་བས་མནན་པའི་གྲིབ་མ་ཞིག་དང་འདྲ།
ཡི་གེའི་གསེང་དུ་སྐམ་པའི་དྲན་པ་དེའི་སྲུབས་ཀ་ནས།
འོ་མ་བཞུར་ཡོང་སྲིད་དམ།

ཆང་ལ་བཟི་ཁ་རྒོད་ཀྱང་།
སེམས་པ་སྦྲིད་རྒྱུ་མི་འདུག

                          ༦

ཉིན་ཞིག་ང་རང་འཆི་བའི་དུས་སུ།
ངས་རང་གི་ལུས་ཀྱི་ཤ་ཁྲག་རུས་གསུམ་པོ།
རྡོ་ཡི་ཁྲི་ལ་བཤམས་ཏེ།
བྱ་ཡི་ཚོགས་ལ་གཏོར།

ཡི་གེའི་ཚོགས་ཀྱིས་གྲུབ་པའི་ཕོ་བྲང་ཞིག
ཁྱོད་ལ་དབུལ་ལོ།།

དེའང་ངས་ཁྱོད་ལ་བཞག་པའི་ཆེས་མཐའ་མའི།
རང་གི་ལས་སྐལ་དེ་ཡིན་ཡང་སྲིད།

"མི་འུ་ཐུག་དུས་ལྷ་ལ་འདྲི།།
ལྷ་འུ་ཐུག་དུས་སྐྱག་རྫུན་བཤད།།"

སངས་རྒྱས་ནི་རང་ཉིད་དོ།།

                           ༧

ཁ་རོག་གེར་མཚན་ལ་སྣང་བ་གཡར་ཏེ།
རུས་པར་ཁུང་ཞིག་ཕུག

མིག་མཐའི་ཀོ་གྲུ་ཕར་ལ་མ་འདེད།
ང་ལ་དྲན་པའི་ཕྱི་ཐག་ལྷག་དགོས།

མེ་ཏོག་གི་ཁ་ཕྱེ་བའི་སྒྲ་ནི་རང་བཞིན་གྱིས་ཐོས་པས།
མིག་གིས་ཁབ་སྐུད་འཛིན་ཚུལ་ལས།
ལོ་འདིའི་ས་གཞི་ལས།

ཚད་མེད་བཞི་འཁྲུངས་ཚུལ།
རྟོགས་མི་ནུས་སོ།།

                          ༨

གཏམ་གྱི་ཡོལ་བའི་ངོས་སུ།
ལྷ་སྐུ་ཆ་ཞིག་བྲིས་ཡོད།

ཕྱེ་མ་ལེབ་དེར་གཤོག་པ་ཆེན་པོ་ཞིག་འདུག
ར་ས།  ལྷ་ས།  རྡོ་ས།  རྡོ་ས།  རྡོ་ས།
ཁྱོད་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ།
ཡུལ་དུས་ཀྱི་མུ་གེ་ལས།
གྲུ་ཁ་དེ་མཐོང་ཨེ་བྱུང་།

འཇའ་ཚོན་གྱི་གཤོག་པ་ལས་བབས་པའི།
ཁ་བ་དེ་རུམ་ཨེ་མྱོང་།

སེམས་ལ་དོང་ཞིག་བརྐོས་ཏེ།
ཟླ་བས་ཁ་ལེབ་བརྒྱབ་ཡོད།
མུན་པའི་ཁང་སྟོང་འདི་ཡི།
སྒོ་དང་སྒེའུ་ཁུང་ཡོད་དམ།

                           ༩

ར་ས་ནི་ཁ་མ་ཕྱེ་བའི་མེ་ཏོག་ཅིག་ཡིན།
རྡོ་ས་ནི་འོད་ཀྱི་སྒྲོག་གུ་དེ་ཡིན།

ལྷ་ས་ནི་ཨ་མ་ཞིག་གི་ལུས་རྟེན་ཡིན།
ཨ་མ་དེའི་ལག་ནང་དུ་ས་ཞིང་ཆེན་པོ་ཞིག་བཏབ་ཡོད།
ས་རྡོ་བཞིན་འཕྱར་མི་དགོས་པའི།
ལས་ཀྱི་ནས་འབྲུ་དེ་ཡིན།

རྡོ་ས་ནི་ངའི་རུས་པའི་སྲུབས་ཀ་ན་འོ་མ་བཞིན་བསྐམས་པའི།
ངའི་བྲང་གི་སྒྲོག་གུ་དེ་ཡིན།

ལྷ་ས་ནི་ཨ་མ་མཛངས་མ་ཞིག་ཡིན།
ཆུར་བ་བཞིན་རྨུར་མི་ཚར་བའི་སེམས་ཀྱི་མངར་ཆ་དེ་ཡིན།
གཡུ་གྲུ་དཀར་མོ་དེ་ཡིན།

ལྕེ་ཡིས་མྱངས་པས་མ་ཟིན་པའི།
སེམས་ཀྱི་འོད་ཟེར་དེ་ཡིན།

ར་ས། ལྷ་ས། རྡོ་ས།

                           ༡༠

རྫོགས་པའི་ལམ་ལ་ཐར་བ་ཡོད་མེད་དང་།
སྟོང་བའི་སེམས་ལ་དྲན་པ་ཡོད་མེད་གང་།
མ་འདྲིས་སེམས་ཀྱི་བག་ཆགས་བཞིན།
གསལ་ཙམ་མི་སྣང་ང་ཡི་ངག

རྡོ་ས། ཁྱོད་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ
ང་རང་འཕུར་ནུས་སམ།

                           ༡༡

ལུས་ཀྱི་ཤུན་སྐོགས་སེན་མོས་བཤུས་ན་ཡང་།
སྡུག་གི་འོད་ཟེར་སེམས་ནས་མི་བཅུ་རོགས།

སྐལ་བ་ཟད་པའི་སེམས་ཀྱི་བུ་ལོན།
སྣང་བ་སྟོང་བའི་རྟེན་འབྲེལ་མིན་འགྲོ།
ཁམས་ཆེན་འདྲེན་པའི་རྒྱུ་ཡི་ཐག་པ།
རྟ་ཕོའི་སྲབ་མདར་འཇུ་བྱེད་མི་ནུས།

ཁྲུང་ཞུ་མ་དེ་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ།
རྨི་ལམ་གྱི་ལན་ཆགས་ལས།
སིལ་སྒྲ་ཆ་ལེར།

བདག་མེད་སྟོན་པའི་བཀའ་ཆོས་ཟབ་མོ།
ང་ལ་འཇོག་སྲིད་དམ།

རྡོ་ས། རྡོ་ས། རྡོ་ས།

             ༢༠༡༥-༢༠༡༧། དབུས་སུ་གྲུབ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་དམར་གྲགས་པའི་སྙན་ངག་གསར་བ། ར་ས། ལྷ་ས། རྡོ་ས།

2017-06-10 ས་དམར་གྲགས་པ།(དབུས) ཀློག་གྲངས། མཆན ཡོད།


IMG_4697.JPG

                          ༡

ཕྱེ་མ་ལེབ་དེར་གཤོག་པ་ཆེན་པོ་འདུག
ནམ་མཁའ་རུ་འཇའ་ཚོན་གྱིས་རྐང་ལག་བརྐྱངས།
ལོགས་བྲིས་ཀྱི་སྣེ་མོ་རུ་གཙང་བོ་ཞིག་བཞུར་བཞིན་གདའ།
ཉ་ལ་རྐང་པ་སྐྱེས་ཤིང་མི་ལ་འགྲོག་སྟེ་འཕུར།
བྱ་ཚོགས་ཀྱི་རླུང་གཤོག་རྡོ་བར་གཡར།
ཚོང་པ་ཚོས་ལུ་མ་དག་ཡར་མར་དུ་བསྐྱལ་མཚམས་བཞག་པ།
ས་གཞི་ལ་རིན་གོང་ཆེ་བས་མ་རེད།
སྐོར་ལམ་ནས་ཕྱག་འཚལ་མཁན་དག་གིས།
ཤན་པར་དད་པ་བྱས་པ་ཨེ་བདེན།

རྐང་རྗེན་དུ་འགྲོ་དགོས་པ་ཚོར་ཏེ་རང་དབང་མེད་པར།
དད་པ་ནི་ཁ་མ་སོས་པར་བར་སྐོར་ལ་བཏབ་པའི།
མེ་ཏོག་འགའ་རུ་འདོད་པས་རེད།

ཆང་བཙགས་ས་ནས་ཁྲུང་རྐྱན་བདག་ཏུ་འཛིན་དོན།
ཆང་རྫུན་ལ་ཞེད་སྣང་ཡོད་པ་ལྟར་སྣང་ཡང་།
འཁོར་བ་ནི་བྱེ་མ་བཞིན།
སེམས་ནས་མངའ་ཐང་ཞིག་གི་ཚད་ལས།
མར་མར་ཟགས།

ཨ་ཁུ་སྟོན་པའི་ལས་ཀྱི་སྨོན་ལམ་ཡོད་ཚད།
ལྷ་སས་བདག་ཏུ་བཟུང་།

                           ༢

ཁམས་ནས་བཙོངས་ཟིན་པའི་རལ་གྲི་དེ།
ཁ་ཆེ་ཚོང་པ་ཞིག་གིས་ལྷ་སའི་ཡུལ་སྐོར་བ་ཞིག་ལ་བཙོངས།
ངས་ལག་པ་རུམ་ནས་མ་བླངས།
ངའི་ཁྲག་གི་དྲོད་ཚད་མར་འཇགས་པས།
སངས་རྒྱས་དྲན་སོང་།

སུ་ལའང་བཤད་མ་ཕོད་པའི་སྐད་ཆ་དག
རུས་པའི་ནང་གི་རྐང་ལྟར་རྡོ་བའི་གསེབ་ཏུ་བཅོལ་ན་ཡང་།
སྲོག་ལ་མི་གཅེས་པའི་སེམས་ཅན་ཞིག
གློ་རྡེག་ཏུ་ཁ་ཕྱིར་འཁོར་ཏེ།
སེན་མོའི་སྟེང་དུ་ཤོང་ཚད་ཀྱི་ནམ་མཁའ་ཞིག་བྲིས།

ངོ་མི་ཤེས་པའི་ལག་པ་ཞིག་གཡར་ཏེ།
དེའི་སྟེང་དུ་ལྷ་ས་ཞིག་བྲིས།

ཕྱེ་མ་ལེབ་དེ་ད་དུང་འཕུར་བཞིན་གདའ།
གཤོག་པ་ཆེན་པོ་ཞིག་འདུག

                          ༣

ངག་ནས་འཁྲུངས་པའི་ན་རོ་དེ་ཡང་གཤོག་པ་ཅན་ཞིག་རེད།
ངས་ཕྱེ་མ་ལེབ་དེ་དྲན་བྱུང་།

རི་སྒང་འདི་རུ་ཕྱེ་མ་ལེབ་མང་པོ་མེད།
གླག་རྒོད་དང་ཁྭ་ཏ་ལས།
གཞན་ད་དུང་གཤོག་པ་མ་ཐོགས་པའི་རླུང་དང་རྡོ་བ།
ཉི་འོད་དང་ཟིལ་བ་ཡོད།

རྭ་ལས་བྱུང་བའི་འཇིགས་པ་བརྒྱད་པོ།
རྐང་ཐང་དུ་སོང་མ་ཚར་བའི་སྒྲུང་དེབ་དེ་ལས་མ་རྙེད།
གྲུ་ཁ་ནས་མེ་འབུད་མཁན་དེ།
རོ་བདག་ཅིག་སྟེ།

རྟ་ཁ་ཕྱིར་མི་འཐེན་རོགས།
སངས་རྒྱས་འཚོལ་བར་ཕྱིན་པའི་མི་དེ།
ས་དོང་ཞིག་གི་ཁ་རུ།

ཆུ་ཁར་གཡེང་བའི་ཟླ་བར་ཅེར་ཏེ།
འོད་བཅུ་བཞིན་འདུག

                             ༤

ལྷ་ས། ཁྱོད་ལ་རྗེས་གྲུབ་ཀྱི་མིང་ཅི་ཙམ་བྱུང་ཡོད།
དེ་དག་ལ་གཤོག་པ་ཡོད་དམ།

ཚིག་མཛོད་ལས་སྒྲ་མ་ཕྱུངས་པ་དེ་དག
ཨ་མས་བསླབ་པའི་མགུར་མ་དེ་དག
བརྡ་ལས་མ་གྲུབ་པ་དེ་དག
འབྲི་མ་ཤེས་པ་དེ་དག

ལྷ་ས། ཁྱོད་ལ་གཤོག་པ་ཡོད་དམ།
གཤོག་པ་ལ་ཆེ་ཆུང་ཡོད་དམ།
གྲིབ་མ་ཡོད་དམ།

ཐང་ཆད་བྱུང་ངམ།

                          ༥

རུས་པའི་ཟིལ་བ་ལྡག་པ་ནས།
སྒལ་ཚིགས་གསེང་གི་མདུད་པ་དེ་ལྷོད་ཙམ་གནང་དང་།
ལུས་ཀྱི་ཤུན་སྐོགས་འདིའི་ཕྱི་ནང་བརྗེས་ཡོད།

མགོ་བོ་མཐོ་བའི་སྣང་བ་དེར།
ཞེད་སྣང་དགོས་དོན་ག་རེ་འདུག
ངའི་ངག་གི་ཤ་དྲོད་ལ་རྡོ་ཡི་མེ་ཁ་གསོས་པ་ནས།
ལུས་ཀྱི་རླངས་པ་དཀར་པོ་དེ་ཟླ་བར་བཅོལ་ཡོད།
ཟླ་བའི་ངོས་ཀྱི་ཟིལ་བར་བཅོལ་ཡོད།
མིག་གི་ནང་དུ་སྦས་ཡོད།

ཉི་འོད་འདི་ཅི་འདྲའི་ཚ་བ་ལ།
རྨི་ལམ་དུ་ཁ་བ་འབབ་དོན་ག་རེ་ཡིན་ན།
ང་རང་ངལ་བས་མནན་པའི་གྲིབ་མ་ཞིག་དང་འདྲ།
ཡི་གེའི་གསེང་དུ་སྐམ་པའི་དྲན་པ་དེའི་སྲུབས་ཀ་ནས།
འོ་མ་བཞུར་ཡོང་སྲིད་དམ།

ཆང་ལ་བཟི་ཁ་རྒོད་ཀྱང་།
སེམས་པ་སྦྲིད་རྒྱུ་མི་འདུག

                          ༦

ཉིན་ཞིག་ང་རང་འཆི་བའི་དུས་སུ།
ངས་རང་གི་ལུས་ཀྱི་ཤ་ཁྲག་རུས་གསུམ་པོ།
རྡོ་ཡི་ཁྲི་ལ་བཤམས་ཏེ།
བྱ་ཡི་ཚོགས་ལ་གཏོར།

ཡི་གེའི་ཚོགས་ཀྱིས་གྲུབ་པའི་ཕོ་བྲང་ཞིག
ཁྱོད་ལ་དབུལ་ལོ།།

དེའང་ངས་ཁྱོད་ལ་བཞག་པའི་ཆེས་མཐའ་མའི།
རང་གི་ལས་སྐལ་དེ་ཡིན་ཡང་སྲིད།

"མི་འུ་ཐུག་དུས་ལྷ་ལ་འདྲི།།
ལྷ་འུ་ཐུག་དུས་སྐྱག་རྫུན་བཤད།།"

སངས་རྒྱས་ནི་རང་ཉིད་དོ།།

                           ༧

ཁ་རོག་གེར་མཚན་ལ་སྣང་བ་གཡར་ཏེ།
རུས་པར་ཁུང་ཞིག་ཕུག

མིག་མཐའི་ཀོ་གྲུ་ཕར་ལ་མ་འདེད།
ང་ལ་དྲན་པའི་ཕྱི་ཐག་ལྷག་དགོས།

མེ་ཏོག་གི་ཁ་ཕྱེ་བའི་སྒྲ་ནི་རང་བཞིན་གྱིས་ཐོས་པས།
མིག་གིས་ཁབ་སྐུད་འཛིན་ཚུལ་ལས།
ལོ་འདིའི་ས་གཞི་ལས།

ཚད་མེད་བཞི་འཁྲུངས་ཚུལ།
རྟོགས་མི་ནུས་སོ།།

                          ༨

གཏམ་གྱི་ཡོལ་བའི་ངོས་སུ།
ལྷ་སྐུ་ཆ་ཞིག་བྲིས་ཡོད།

ཕྱེ་མ་ལེབ་དེར་གཤོག་པ་ཆེན་པོ་ཞིག་འདུག
ར་ས།  ལྷ་ས།  རྡོ་ས།  རྡོ་ས།  རྡོ་ས།
ཁྱོད་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ།
ཡུལ་དུས་ཀྱི་མུ་གེ་ལས།
གྲུ་ཁ་དེ་མཐོང་ཨེ་བྱུང་།

འཇའ་ཚོན་གྱི་གཤོག་པ་ལས་བབས་པའི།
ཁ་བ་དེ་རུམ་ཨེ་མྱོང་།

སེམས་ལ་དོང་ཞིག་བརྐོས་ཏེ།
ཟླ་བས་ཁ་ལེབ་བརྒྱབ་ཡོད།
མུན་པའི་ཁང་སྟོང་འདི་ཡི།
སྒོ་དང་སྒེའུ་ཁུང་ཡོད་དམ།

                           ༩

ར་ས་ནི་ཁ་མ་ཕྱེ་བའི་མེ་ཏོག་ཅིག་ཡིན།
རྡོ་ས་ནི་འོད་ཀྱི་སྒྲོག་གུ་དེ་ཡིན།

ལྷ་ས་ནི་ཨ་མ་ཞིག་གི་ལུས་རྟེན་ཡིན།
ཨ་མ་དེའི་ལག་ནང་དུ་ས་ཞིང་ཆེན་པོ་ཞིག་བཏབ་ཡོད།
ས་རྡོ་བཞིན་འཕྱར་མི་དགོས་པའི།
ལས་ཀྱི་ནས་འབྲུ་དེ་ཡིན།

རྡོ་ས་ནི་ངའི་རུས་པའི་སྲུབས་ཀ་ན་འོ་མ་བཞིན་བསྐམས་པའི།
ངའི་བྲང་གི་སྒྲོག་གུ་དེ་ཡིན།

ལྷ་ས་ནི་ཨ་མ་མཛངས་མ་ཞིག་ཡིན།
ཆུར་བ་བཞིན་རྨུར་མི་ཚར་བའི་སེམས་ཀྱི་མངར་ཆ་དེ་ཡིན།
གཡུ་གྲུ་དཀར་མོ་དེ་ཡིན།

ལྕེ་ཡིས་མྱངས་པས་མ་ཟིན་པའི།
སེམས་ཀྱི་འོད་ཟེར་དེ་ཡིན།

ར་ས། ལྷ་ས། རྡོ་ས།

                           ༡༠

རྫོགས་པའི་ལམ་ལ་ཐར་བ་ཡོད་མེད་དང་།
སྟོང་བའི་སེམས་ལ་དྲན་པ་ཡོད་མེད་གང་།
མ་འདྲིས་སེམས་ཀྱི་བག་ཆགས་བཞིན།
གསལ་ཙམ་མི་སྣང་ང་ཡི་ངག

རྡོ་ས། ཁྱོད་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ
ང་རང་འཕུར་ནུས་སམ།

                           ༡༡

ལུས་ཀྱི་ཤུན་སྐོགས་སེན་མོས་བཤུས་ན་ཡང་།
སྡུག་གི་འོད་ཟེར་སེམས་ནས་མི་བཅུ་རོགས།

སྐལ་བ་ཟད་པའི་སེམས་ཀྱི་བུ་ལོན།
སྣང་བ་སྟོང་བའི་རྟེན་འབྲེལ་མིན་འགྲོ།
ཁམས་ཆེན་འདྲེན་པའི་རྒྱུ་ཡི་ཐག་པ།
རྟ་ཕོའི་སྲབ་མདར་འཇུ་བྱེད་མི་ནུས།

ཁྲུང་ཞུ་མ་དེ་ལ་གཤོག་པ་ཆེན་པོ་ཞིག་ཡོད་དམ།
རྨི་ལམ་གྱི་ལན་ཆགས་ལས།
སིལ་སྒྲ་ཆ་ལེར།

བདག་མེད་སྟོན་པའི་བཀའ་ཆོས་ཟབ་མོ།
ང་ལ་འཇོག་སྲིད་དམ།

རྡོ་ས། རྡོ་ས། རྡོ་ས།

             ༢༠༡༥-༢༠༡༧། དབུས་སུ་གྲུབ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།