གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་རང་ཉིད་འཚོ་བར་འོས་པའི་རྒྱུ་རྐྱེན་རྙེད་མ་བྱུང་།

2017-07-29 21:27:40 ཆར་ཐིགས། ཀློག་གྲངས། མཆན ཡོད།


མཚམས་རེར་ངས་ཕ་དང་མ་ལའང་སྐད་ཆ་བཤད་ན་མི་འདོད།
སྐད་ཆ་བརྣངས་ནས་འདར་འདར་དུ་བཤད་ན་མི་འདོད།
ངས་རང་ཉིད་ནི་འཆི་བའི་གླིང་ཕྲན་ཞིག་ལ་ཆ་བཞག་ནས་བསྡད།
ཁ་ཁུ་སིམ་པོར་སྲོག་ཆགས་དག་གནས་སྤར་དུ་འཇུག་ཆོག
ང་ཡི་མིག་གིས་གྱེས་བརྡ་ཞིག་མཐོང་བར་གྱུར་བས་མགུའང་ཆོག

མཚམས་རེར་ངས་རྒྱང་རིང་རྒྱུས་མེད་ཅིག་འཕྲིན་པར་བཅུག
འཕྲིན་པའི་ཁ་ཡིག་གིས་རང་ཉིད་འཁྲུལ་བར་བྱས།
དབང་ལྔའི་ཁ་ཚུབ་ལས་འོད་ཞགས་དཀར་སེར་གློ་དམར་འཁྱུག
ངས་རང་ཉིད་ཁོ་ནའི་མིང་ཙམ་ལས་ཅི་ཡང་མི་ཤེས་པར་གྱུར།
དེ་བས་ངས་འཇིག་རྟེན་གྱི་སྲོག་ཆགས་དག་སོ་སོར་གནས་པ་ཤེས།

མཚམས་རེར་ང་ལ་འཆི་བའི་ཐག་པ་བསྡོག་འདོད་ཀྱང་མེད་པར་གྱུར།
འཆར་ནུབ་ཁྲོད་ཀྱི་དབྱིབས་དང་ཁ་དོག་དག་འཇིག་ན་བསམ།
གཞོན་པའི་སྣང་བར་འཁྲིལ་བའི་ན་བུན་ཀྱང་ཡལ་བར་བྱ་འདོད།
ངས་སྒྲ་གཟུགས་རོ་དྲི་ཐམས་ཅད་བསྒྲལ་བར་ཡང་བྱ་འདོད།

གང་ལྟར། ངས་རང་ཉིད་འཚོ་བར་འོས་པའི་རྒྱུ་རྐྱེན་རྙེད་མ་བྱུང་།

                                2017-7-29ཉིན་ཧྲང་ཧེ་གྲོང་ཁྱེར་ནས་བྲིས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།