ངལ་རྫིའི་སྙན་ངག་གསར་པ། བཞུར་རྒྱུན།

སེམས་ཀྱི་གཞུང་ལ་འབབ་པའི་ཆུ་དེ
ནོར་བུ་དགུ་འཁྱིལ
ངག་གི་སྒོ་ལ་གློད་པའི་གཏམ་དེ
སྐྱབས་མེད་སླུ་མེད
མིག་གིས་གསར་དུ་ཕྱེས་པའི་མཚན་མོའི་གསང་བར
དྲན་པ་རྒྱང་དུ་བྱེར་བའི་རི་དྭགས་ཕོ་མོ

ཆ་གཅིག   བརྩེ་བའི་ནགས་ཀྱི་ཀློང་དུ་
ལྷ་བྱ་གཤོག་སྒྲོ་ཤིག་ཤིག  ཟླ་འོད་མཐོངས་ལ་བཀྲ་དུས
ཨུཏྤལ་གདོང་བ་སྨད་སོང་
ལྟེང་ཀའི་ཁུག་ལ་ལྷུང་སོང་
ལས་ཀྱི་རི་མོ      ད་ནས་ཨམ་གཙིགས་བསྡམ་ནས
སེམས་ཀྱིས་བསྐྱང་དེ་འོང་

བར་ཆད་ཀྱི་གདོན་བགེགས་འགྲོ་འོང་མྱུར
ཐོག་ཆར་འབབ་འབབ  ཀློག་དམར་འཁྱུག་འཁྱུག
ལམ་གྱི་ངལ་བ་ཁལ་ལྟར་ལྕི་ཡང་འབོགས་ས་མེད
ཚིག་གི་མདའ་མདུང་ལུས་ཀྱི་ཁུད་དུ་གཅུད
སོ་སྐྱེས་ལ་སོ་སྐྱེས་ཀྱི་རྟོགས་བརྗོད་ཅིག་འདུག
རི་མགོ་མཐོན་པོའི་ལ་རྩེ
ལ་རྩེ་བཏུམས་པའི་སྨུག་ཞགས

ལྗོན་པའི་གསེབ་ལ་ངག་གི་དབྱངས་རྟ་ཐོར
བྱ་བྱེའུ་འདབ་ཆགས་མུན་པའི་ཕྲག་པར་བཞད
ལོ་ལེགས་སྙེ་མར་མི་རྟག་འདུ་བར་བྱེད
ཆུ་ལ་ཆུ་སྐམ
མེ་ལ་མེ་འཁྱག་དུས
རི་ལ་མུན་རུབ
ས་ལ་སད་ཀྱིས་གདུང་

དེང་འདིར་ཉམ་ཉེས་རྩ་བ་ཉབ་ཉོབ
སང་དེར་རྟོག་པས་བཅིང་བ་མཐའ་འཁོར
ལས་འདི་གཞན་གྱིས་ཁ་ལོ་བསྒྱུར་ཅིང་
སྨྲེང་འདི་རྐང་བའི་མཐིལ་ནས་གཟེར་བྱུང་
མིག་འདིར་རྒྱལ་མོའི་གཡུལ་ངོགས་མེད་ན
ཚེ་འདིར་བང་ཁ་བསྒག་པ་མེད་ན

བརྩེ་བའི་དུངས་པ་ལ་ཁའི་ན་བུན་འདྲ་འདྲ
འདྲ་འདྲ་ནང་གི་མི་འདྲ
རིག་པའི་དཔའ་བོ་ངག་གི་བཙོན་མ་འདྲ་འདྲ
འདྲ་འདྲ་ཕྱི་ཡི་སྣང་བ
སྐྱེ་བ་གཅིག་ལ་འགྲོ་ལུགས་སྣ་ཚོགས
བདེ་སྡུག་རིས་སུ་འཁོར་བ་ད་ལྟའི་རི་མོ
རྒྱུ་འབྲས་ཨུ་དུམ་ཝ་ར
ཡོད་མིན་མེད་མིན

སྟོན་གྱི་གཞུང་ལ་དཔྱིད་ཀྱང་སྣང་བས་འཛིན
མེ་ཏོག་ཆུན་པོ་གཉིད་ཀྱི་ངོས་སུ་མདངས་དང་ལྡན
རེ་ཞིག་བརྗེད་འདོད་པ་ཐམས་ཅད་ས་ལ་སྤུངས
མི་འདོད་པ་ཐམས་ཅད་ཐབ་ཀྱི་མེ་ལ་སྲེག
མནར་བ་ཐམས་ཅད་གཡས་དང་གཡོན་ལ་བསྐྱུར
འདྲ་བ་ཐམས་ཅད་རྟགས་དང་རྟེན་ལ་བཞག

འཆི་བ་སྒོམ་སྒོམ་ཞིག་འཕྱི་བས་འོང་ན
བརྩེ་བ་དྲན་དྲན་དེ་རྩེད་མོས་མིན་ན
ཟླ་འོད་ངོགས་ལ་ཟློས་གར་འཁྲབ་པའི་ཞབས་རྡུལ
རྡོ་ཁང་གྲུ་བཞིར་ལུས་རྟེན་ཚིམ་བྱེད་ཀྱི་མཉེས་གཤིན
རྨི་ལམ་གྲམ་པའི་གཞུང་ལ་གོར་མོ་རྡོ་བཞིན་འཁྱག
བརྟན་གཡོའི་གནས་ཚུལ་ལྐོག་ནས་ལྐོག་ཏུ་ལུས

                                2017/10/2ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་རྫིའི་སྙན་ངག་གསར་པ། བཞུར་རྒྱུན།

2017-10-06 ངལ་རྫི། ཀློག་གྲངས། མཆན ཡོད།

སེམས་ཀྱི་གཞུང་ལ་འབབ་པའི་ཆུ་དེ
ནོར་བུ་དགུ་འཁྱིལ
ངག་གི་སྒོ་ལ་གློད་པའི་གཏམ་དེ
སྐྱབས་མེད་སླུ་མེད
མིག་གིས་གསར་དུ་ཕྱེས་པའི་མཚན་མོའི་གསང་བར
དྲན་པ་རྒྱང་དུ་བྱེར་བའི་རི་དྭགས་ཕོ་མོ

ཆ་གཅིག   བརྩེ་བའི་ནགས་ཀྱི་ཀློང་དུ་
ལྷ་བྱ་གཤོག་སྒྲོ་ཤིག་ཤིག  ཟླ་འོད་མཐོངས་ལ་བཀྲ་དུས
ཨུཏྤལ་གདོང་བ་སྨད་སོང་
ལྟེང་ཀའི་ཁུག་ལ་ལྷུང་སོང་
ལས་ཀྱི་རི་མོ      ད་ནས་ཨམ་གཙིགས་བསྡམ་ནས
སེམས་ཀྱིས་བསྐྱང་དེ་འོང་

བར་ཆད་ཀྱི་གདོན་བགེགས་འགྲོ་འོང་མྱུར
ཐོག་ཆར་འབབ་འབབ  ཀློག་དམར་འཁྱུག་འཁྱུག
ལམ་གྱི་ངལ་བ་ཁལ་ལྟར་ལྕི་ཡང་འབོགས་ས་མེད
ཚིག་གི་མདའ་མདུང་ལུས་ཀྱི་ཁུད་དུ་གཅུད
སོ་སྐྱེས་ལ་སོ་སྐྱེས་ཀྱི་རྟོགས་བརྗོད་ཅིག་འདུག
རི་མགོ་མཐོན་པོའི་ལ་རྩེ
ལ་རྩེ་བཏུམས་པའི་སྨུག་ཞགས

ལྗོན་པའི་གསེབ་ལ་ངག་གི་དབྱངས་རྟ་ཐོར
བྱ་བྱེའུ་འདབ་ཆགས་མུན་པའི་ཕྲག་པར་བཞད
ལོ་ལེགས་སྙེ་མར་མི་རྟག་འདུ་བར་བྱེད
ཆུ་ལ་ཆུ་སྐམ
མེ་ལ་མེ་འཁྱག་དུས
རི་ལ་མུན་རུབ
ས་ལ་སད་ཀྱིས་གདུང་

དེང་འདིར་ཉམ་ཉེས་རྩ་བ་ཉབ་ཉོབ
སང་དེར་རྟོག་པས་བཅིང་བ་མཐའ་འཁོར
ལས་འདི་གཞན་གྱིས་ཁ་ལོ་བསྒྱུར་ཅིང་
སྨྲེང་འདི་རྐང་བའི་མཐིལ་ནས་གཟེར་བྱུང་
མིག་འདིར་རྒྱལ་མོའི་གཡུལ་ངོགས་མེད་ན
ཚེ་འདིར་བང་ཁ་བསྒག་པ་མེད་ན

བརྩེ་བའི་དུངས་པ་ལ་ཁའི་ན་བུན་འདྲ་འདྲ
འདྲ་འདྲ་ནང་གི་མི་འདྲ
རིག་པའི་དཔའ་བོ་ངག་གི་བཙོན་མ་འདྲ་འདྲ
འདྲ་འདྲ་ཕྱི་ཡི་སྣང་བ
སྐྱེ་བ་གཅིག་ལ་འགྲོ་ལུགས་སྣ་ཚོགས
བདེ་སྡུག་རིས་སུ་འཁོར་བ་ད་ལྟའི་རི་མོ
རྒྱུ་འབྲས་ཨུ་དུམ་ཝ་ར
ཡོད་མིན་མེད་མིན

སྟོན་གྱི་གཞུང་ལ་དཔྱིད་ཀྱང་སྣང་བས་འཛིན
མེ་ཏོག་ཆུན་པོ་གཉིད་ཀྱི་ངོས་སུ་མདངས་དང་ལྡན
རེ་ཞིག་བརྗེད་འདོད་པ་ཐམས་ཅད་ས་ལ་སྤུངས
མི་འདོད་པ་ཐམས་ཅད་ཐབ་ཀྱི་མེ་ལ་སྲེག
མནར་བ་ཐམས་ཅད་གཡས་དང་གཡོན་ལ་བསྐྱུར
འདྲ་བ་ཐམས་ཅད་རྟགས་དང་རྟེན་ལ་བཞག

འཆི་བ་སྒོམ་སྒོམ་ཞིག་འཕྱི་བས་འོང་ན
བརྩེ་བ་དྲན་དྲན་དེ་རྩེད་མོས་མིན་ན
ཟླ་འོད་ངོགས་ལ་ཟློས་གར་འཁྲབ་པའི་ཞབས་རྡུལ
རྡོ་ཁང་གྲུ་བཞིར་ལུས་རྟེན་ཚིམ་བྱེད་ཀྱི་མཉེས་གཤིན
རྨི་ལམ་གྲམ་པའི་གཞུང་ལ་གོར་མོ་རྡོ་བཞིན་འཁྱག
བརྟན་གཡོའི་གནས་ཚུལ་ལྐོག་ནས་ལྐོག་ཏུ་ལུས

                                2017/10/2ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།