འཁྲུལ་བ།(ཞར་བཀོད་ལྔ་ཡོད)

ངས་རྟ་གོང་ནས་རང་གི་རྨི་ལམ་ལ་ཞགས་པ་འཕངས
གཡག་རོག་གི་རྭ་རྩེ་ནས་སྤུན་ཟླའི་སེམས་པ་བཙལ
གངས་ཀྱི་རྩེ་མོ་ནས་དུས་ཀྱི་མུན་པ་བརྐུས
གཙང་བོའི་གཞུང་དུ་རང་གི་གྲིབ་མ་སྦས
མེ་ཏོག་གི་ནང་ནས་རང་གི་སྐྱོ་བའི་མཆི་མ་བཙལ
དགུན་གྱི་གྲང་རེག་ལ་རང་གི་གློ་མཆིན་གླན
ལན་རེར་མེ་ལོང་ལས་རང་གི་འཆི་ཁའི་ངོ་གདོང་བཙལ
ལན་རེར་རང་གི་ནང་སེམས་ལས་གཞན་གྱི་སྐྱོ་སྡུག་བཙལ
ལོ་ན་བགྲེས་པའི་ཨ་ཕྱི་ལ་དབྱིན་ཡིག་གིས་འཕྲིན་པ་བྲིས
དབུས་ལམ་སྙེག་པའི་བུ་མོ་དེ་རང་གི་ཆུང་མར་བླངས
སྲང་ལམ་ཉུལ་བའི་སྤྲང་བོ་དེ་རང་གི་མནའ་བཅད་བྱས
མ་ཡར་གྱིས་གཤེ་བའི་བྱིས་པ་དེ་རང་གི་ཁྱིམ་དུ་བསུས
རང་གི་བུ་ཆུང་དང་ཁོ་གཉིས་ལའང་མནའ་བཅད་བྱེད་དུ་བཅུག
མཚན་ལམ་ཧྲིལ་བོ་རེར་ཁེར་རྐྱང་དུ་ཨ་རག་བཏུངས
ཉིན་དཀར་ཧྲིལ་བོར་ཉལ་ནས་རྨི་ལམ་འཁྲུག་པར་བསྒུག
ཐ་ན་ལན་རེར་རང་ཉིད་རང་གི་ལག་དམར་གྱི་མདངས་སུ་བཞེངས

                                          2017.11.3ཁྱུང་མཆུ།

                                     ངང་སྒུག

ཐ་སྙད་དང་ཚིག་གིས་མཚོན་མ་ནུས་པའི་དྲན་གདུང   
ཡིད་ཀྱི་སྲུབ་ཀ་མཐའ་དག་ལ་འཚངས་པའི་ཚོར་བ་འཁྱག་པོ
ཨམ་ཅོག་གིས་ཟིན་དུ་མེད་པའི་མི་ཁའི་གཏམ་ཚ་པོ
ཡུལ་དུས་ཆ་མེད་དུ་དྲན་ངོགས་སུ་འཕྱུར་བའི་གཅེས་སུ་འོས་པའི་ཁྱོད
རྒྱང་རིང་ལ་ཤོར་བའི་ང་ཡི་སེམས་པ་དང་དེའི་གཤོག་འགྱུ་རྒོད་པོ
མི་རྣམས་དགའ་བར་བྱེད་ལ་སྐྱོ་བར་བྱེད་པའི་རྨི་ལམ་གྱི་གླུ་ཆུང
ག་དུས་ཡིད་ལ་བརྣག་པའི་དམ་ཚིག་གི་ཆུ་ཟིལ་ཕྲ་མོ
རྩུབ་རེག་གི་མཚོན་གྱིས་གཏུབ་མ་ནུས་པའི་ཞེ་འདང་གི་ཐ་གུ་ཕྲ་མོ
མུན་ནག་གི་འཇིངས་སུ་འཁྱིལ་བའི་ངང་སྒུག་གི་མཚོ་ཆུང་ནོར་བུ
མཚོ་མོའི་མཐའ་གཉིས་སུ་ཡན་པའི་ལས་དབང་གི་ངང་བ་སེར་པོ
ལོ་ཟླའི་ཕྲེང་ཐག་ལ་བརྒྱུས་པའི་ངང་སྒུག་དང་དྲན་པ
སྐྱི་བསེར་རླུང་ལ་བསྐུར་བའི་བརྩེ་འཕྲིན་ལན་མེད
འཕྲིན་པའི་ནང་ལ་གཅུད་པའི་སྐྱོ་ངལ་དང་ན་ཟུག

                                        2017.7.11.ཕ་ཡུལ་དུ།

                                      གལ་སྲིད།
གལ་སྲིད
ངས་ནམ་ཞིག་རང་གི་སྟོང་བསམ་གྱི་རྟ་ཁྱུ་དེད་ནས
སླར་ཡང་ཁྱེད་ཀྱི་མངའ་ཐང་དུ་གནས་བཅའ་བར་འོང་ཚེ
ཁྱེད་ཀྱིས་སྔར་བཞིན་ང་རང་རང་གི་སྣོད་བཅུད་འཕྲོག་མཁན་གྱི
ཇག་པར་རློམ་ནས་རྒྱང་དུ་བསྐྲད་སྲིད་དམ
                          
གལ་སྲིད     
ངས་ནམ་ཞིག་མི་ལོ་དུ་མའི་སྔོན་དུ་འཁྱག་ཤི་ཐེབས་པའི     
གཏམ་རྒྱུད་ཀྱི་ལྷུ་རྐང་ལ་སླར་ཡང་མེ་ཁ་བསྒོས་ཏེ     
ཁྱེད་ལ་བཤད་པར་འོང་ཚེ
ཁྱེད་ཀྱིས་སྔར་བཞིན་སྐད་ཆའི་མདའ་མཚོན་གྱིས     
ང་ལ་གཡུལ་བཤམས་སྲིད་དམ

གལ་སྲིད
ང་ནམ་ཞིག་སླར་ཡང་ཨུ་ཚུགས་ཀྱི་གྲུ་ཆུང་ལ་བསྡད་དེ
ལོ་ཟླས་སིལ་བུར་གས་པའི་འཁྲེང་ཞེན་གྱི་མེ་ལོང་ལས      
ཁྱེད་ཀྱི་ཟུར་མིག་དང་རྒྱབ་གཟུགས་བཙལ་བར་འོང་ཚེ      
ཁྱེད་ཀྱིས་སྔར་བཞིན་ང་རང་སྐྱ་མོའི་ལས་ལ་བསྐོས་སྲིད་དམ

                                                     ༢༠༡༦,༧,༢ ཁྱུང་མཆུ་རུ།

                                    འཁྲེང་ཞེན།
                              
                                              _____ངས་Gལ་བྲིས་པའི་ཡིག་འབྲུ་དང་བོ།

དེ་རིང་སྟག་ཚང་ལྷ་མོ་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ
ངས་རང་སེམས་ཀྱི་བྱེའུ་ཆུང་ཁྱེད་ཀྱི་ཕ་ཡུལ་དུ་ལུས་སོང
བྱེའུ་ཆུང་གི་དཔྱིད་ཀ་ལྟ་བུའི་རྨི་ལམ་ཀྱང་དེ་རུ་ལུས་སོང
བྱེའུ་ཆུང་གི་ཆུ་མིག་ལྟ་བུའི་དྲན་པའང་དེ་རུ་ལུས་སོང
ང་སྐྱེ་ས་དང་འཚར་སའི་རང་གི་གློ་བ་འདྲ་བའི་ཕ་ཡུལ་ན
བྱེའུ་ཆུང་ལ་འཕུར་ལམ་གྱིས་སྟོང་བ་མིན་ཡང
ཁྱེད་ཀྱི་སྐད་ཆ་དང་སྐད་ཆའི་ཕུགས་སུ་ཡོད་པའི་ནམ་མཁའ་དེར
ང་ཡི་སེམས་ཀྱི་བྱེའུ་ཆུང་ནི་ཅིས་ཀྱང་དགའ་བོ་ཞེ་དྲག་བྱུང་སོང
དེ་བས་དུས་ཚིགས་ཀྱི་དཔྱིད་ཀ་ཁོ་ནས་སྨིན་པར་དཀའ་བའི
ང་ཡི་སེམས་མཐིལ་གྱི་རེ་བའི་ལྕུག་ཕྲན་དག་ཀྱང
ཁྱེད་ཅེས་པའི་མཉེས་གཤིན་གྱི་ཁམས་ཧ་ལས་དེའི
འབྱམས་ཀླས་བྲང་ཁོག་ཏུ་སྐྱེ་སྟོབས་ཀྱི་དཔལ་རྫོགས་པར་གྱུར
འཁོར་བའི་ངལ་དུབ་ལ་བློ་ཡིད་སྐྱོ་བོ་བྱུང་བའི་ང་ཡི་སེམས་ཀྱི་བྱེའུ
ཁྱེད་ཀྱི་ལྗོན་པའི་བསིལ་གྲིབ་ལ་ཡིད་སེམས་ཀླན་ཏེ་གཉིད་རྒྱུ་བྱུང་ན
ཕ་ཡུལ་ཅེས་པའི་ཨ་མ་འདྲ་བའི་གནས་ཚང་དེ་རུ
ངས་རང་གི་འདོད་འདུན་དང་བརྩེ་གདུང་བསྙལ་ཏེ
ངས་རང་གི་དགའ་སྐྱོ་དང་གཞས་ཆུང་བསྐུང་སྟེ
གནས་སྐབས་རིང་བདེ་མོ་བཞག་ཆོག་ཨང

                                       2016.7.25མཚན་མོར་མཛོད་དགེ་རུ།

                                    ཁྱིམ།  

ཚེར་མའི་སྡོང་བོས་གང་སར་ཁྱབ་ཀྱང         
སྙིང་ཆུང་དམར་པོ་དྲོད་ལམ་ལམ་དུ་གླན་ཆོག
དཀའ་མོའི་ལས་ཀྱིས་རྔུལ་ཆུ་འཐོར་རུང
མིག་ཟུང་བཙུམ་ནས་རྨི་ལམ་དུ་རོལ་ཆོག
དུས་མཐའི་རླུང་བུ་ཤུར་ཤུར་དུ་གཡུག་ཀྱང
ཕ་མ་སྤུན་མཆེད་དག་ཚེ་འདིའི་བདེ་སྐྱིད་དུ་རློམ་ཆོག
ལས་ཀྱི་གོམ་ཆུང་ཕྱི་ལ་སྤོ་དགོས་ཐུག་ཀྱང
སེམས་ཀྱི་ཀོ་གྲུ་ཁྱིམ་གྱི་མཚོ་ནས་བསྐྱུར་ཆོག
དམར་པོའི་སྲོག་འདི་དགྲ་ལ་འབེན་དུ་འཇོག་དགོས་ཐུག་ཀྱང
ཤི་མིག་གསོན་དུ་ཐོགས་ས་ཚེ་འདིའི་ཁྱིམ་འདི་ཡིན་ཆོག
                                  
                                   ༢༠༡༧.༡.༨ཕ་ཡུལ་དུ།
   
                                     སྐད་ཅིག་མ།

རྟ་རྒོད་ཀྱི་སྣང་བ་འདྲ་བའི་ཁྱེད་ཀྱི་བརྩེ་དུང
བྱིས་པའི་རྩེད་རྭ་འདྲ་བའི་ང་ཡི་འཇིག་རྟེན་ནས་རྒྱང་དུ་ཤོར་སོང
རྔུལ་ཆུ་དང་སེམས་ཤུགས་བསྟིམས་པའི་ངང་སྒུག་གི་ལོ་ཟླ་མཐའ་དག
མདང་ནུབ་བབས་པའི་ཁ་བ་ཆུང་ཆུང་བཞིན
དུས་ཀྱི་ཚ་བས་ཡང་བའི་རླུང་དུ་བཏངས་སོང

                                     ༢༠༡༥.༦.༩ས་སྲོད་དུ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲུལ་བ།(ཞར་བཀོད་ལྔ་ཡོད)

2017-11-04 གླག་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།