གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉ་མོ།

2017-11-13 15:17:07 དབལ་ཤུལ་བུ་ཆུང་། ཀློག་གྲངས། མཆན ཡོད།


རྡོ་གཞོང་དུ་འཁྱུག་ཙམ་བྱེད་པའི་ཉ་མོ
སེམས་པ་ལྗིད་ཏིག་གེར་འཁྱུག་པའི་ཉ་མོ
ཁྱེད་ཀྱི་ལུས་སུ་ཆང་ཐིགས་ཙམ་འཕོ་བས
ང་ལ་འཛུམ་ཞིག་སྟོན་རོགས
ཆུ་ཤིང་སྐམ་པ་འདིའི་ལུས་སུ་ཆུ་འབབ་དོན་ཅི
ཁྱེད་ཀྱིས་དེ་ཤེད་ཀྱིས་རྔུབ་དོན་ཅི
དཀར་ངོགས་ཀྱི་གློག་ཏོག་འདིས
ང་ཡི་སེམས་པ་སྲེག་པར་བྱེད

རྡོ་བ་ལེབ་མོ་གཉིས་བར་དུ་ཁྱེད་རང་འཁྱུག་ཙམ་བྱེད
ཁྱེད་རང་གྲང་སྲིད་དམ
རུས་སྒྲོམ་སིལ་བུ་ནི་ཁྱེད་ཀྱི་གཞིས་སྒར་ལགས
ཁེར་རྐྱང་ལ་གོམས་པའི་ཉ་མོ

གློག་འོད་རབ་རིབ་ཀྱིས་གསལ་བའི་ཆུ་ཡི་ཡོལ་བ་འདི
ཁྱེད་རང་གསོན་པོར་འཚོ་བའི་མཚོན་བྱེད་ཡིན
ང་ཡི་ཉ་མོ
ངས་ཤིན་ཏུ་སྙིང་ཉེ་བའི་གནའ་དང་མའི་ཟམ་ཆུང་དྲན་བྱུང

                           2017/11/12

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།