གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱིའི་སྙན་ངག་ཁག་གསུམ།

2017-12-27 11:28:41 རོ་རྒྱ་གླིང་། ཀློག་གྲངས། མཆན ཡོད།

47288E1E-0C19-4AF8-BA05-65C4ADEE0D4A-215-00000076B3C9EF73_tmp.JPG

             ཁྱི་རོ།

ཁྱི
ངས་བསམ་བློ་གཏོང་ཉེས་མིན་ན
ཁྱོད་ནི་མ་འོངས་པར་ས་སྟོང་འདིའི་བདག་པོ་རེད
ས་སྟོང་འདི་མེ་ལོང་ཆག་པོ་ཞིག་ཡིན་ཡང
མཚོ་མཐའ་ལ་ལག་པ་ཐུག་ཐུབ
ལག་པ་ནི་བརྩེ་བའི་དོན་དུ་བཅད་ཟིན་ནའང
ཁྱོད་ཀྱི་ལྕགས་ཐག་ལ
བུད་མེད་ཅིག་གིས་བློ་སེམས་རྣམ་དག་གིས་རེག་མྱོང
བུད་མེད་དེ་ད་སྐབས་མི་འདུག་ནའང
ཁྱོད་ཀྱིས་མོའི་བླ་གཡས་པའི་ནང་ནས་བོས་ན་གོ་ཐུབ

                                         2017/11/8
              ཁྱི།

ཁྱི
ས་སྟོང་འདི་ན་ཉི་མ་དམར་གོར་རེ་འཆར་ཐུབ་རུང
ཐམས་ཅད་མི་རྟག་པར་གྱུར་ནས་ཕྱིར་ཡོང་ཐབས་མི་འདུག
ཁྱོད་ཀྱི་ཨ་མྱེས་ལགས་ཀྱིས་མ་ཎི་བཏོན་ནས་མིག་ཆུ་ལྷུང
ཡིན་ཡང
ལུང་པ་དེའི་མདོ་ན་དར་ལྕོག་གཅིག་རེ་གཉིས་རེ་རླུང་གིས་གཡོ་བཞིན་འདུག

                                         2017/11/8

              ཁྱི།

ཁྱོད་ཀྱིས་ངའི་སྙིང་ནང་དུ་དྲག་ཆར་བླུགས
སྡོང་བོ་སྐམ་པོ་འདིའི་ཁེར་རྐྱང་ལ་བརྩེ་དུང་ཟེར་བཞིན
ཁྱོད་རང་ཉིད་ཀྱི་ཚེ་སྲོག་ནང་དུ་ལག་པས་རེག
གྲིབ་མའི་ནང་དུ་མི་གཉིས་གྱེས་ཁ་མའི་ལས་ཟུང་བྲིས་ནས
འཆི་བ་ལ་ཤིན་ཏུ་སྐྲག་པའི་རི་མོ་ཞིག་དྲན་པར
ཁྱི་རྒན་རྣམས་ཀྱི་སྐེ་ལ་མེ་ལོང་རེ་བཏགས་ཏེ
ཕྱིར་ལོག་གིན་པའི་དུས་ཚོད་དག་དྲན་ནས་ངུས

མགྱོགས་པོ་སོང་ནས་མལ་ཁྲིའི་ངོས་ཀྱི་རང་གཉིས་ཐང་ལ་གཡུག
བྱིས་པ་ཞིག་གི་ལག་ཟུང་བཞིན་ཤིན་ཏུ་འཇམ་པའི་བདེ་སྐྱིད་དེ་
ད་དུང་བརྗེད་མེད་པར་འོ་ཡང་ཡང་བྱས

སྒེའུ་ཁུང་ཕྱི་རོལ་གྱི་མུན་ནག་ནང་གི་གྲོགས་པོ་དག་ལ་རླུང་ཆེན་ལྡང་བའི་འདྲ་པར་རེ་བསྐུར
ཐབས་གཞན་མ་རྙེད་པར
ཁྱི་རྒན་གྱི་སྐེ་ལ་བཏགས་པའི་མེ་ལོང་ནང་གི་གློག་བརྙན
"ཁྱི་རྒན་དང་ལྷ་ས"ཞེས་པར་བལྟས

                             2017/11/18

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།