སླ་ང་དང་སྐྱོགས།(ཞར་བཀོད་བཞི་ཡོད)

53DE358F-DAC2-4107-8B05-85670324E38B-3395-000002DAD3DE0A2A_tmp.JPG

ང་རང་གཡོས་ཁང་གི་ནམ་མཁའ་ལ་དགའ།
འདི་ནས་བདག་གིས་དབུལ་ཕོངས་ཀྱིས་མ་གྲུབ་པའི་རྨི་ལམ་ཞིག་བཙལ་ཆོག
མིག་གཉིས་འཚོ་བར་བཅོལ་ནས་མེ་ཡི་སྒྲ་ལ་ཉན་ཆོག
རྒྱ་མཚོ་སྦུ་གུ་ལས་འཇིབ་ཆོག

ལྷ་སའི་ས་ཁྲ་ལས་བོར་བའི་ཉི་འོད་ལས་ཚིག་གི་འདབ་མ་བཏུས་ཏེ།
སྲིད་པའི་བློས་བསླངས་སྣུམ་ཀྱི་དྲི་མས་དཔར་ཆོག

བདག་གི་གཡོས་ཁང་དུ།
བྷར་ཛེའི་ཤ་སྲེག་དང་ཨུ་ཊ་ལའི་ཧུབ་རིང་མེད་ཀྱང་།
ཆུ་ཡི་རླངས་པ་ལས་སྟོན་པ་དྲན་ཆོག
སྔོ་ཚལ་གྱི་སྒྲུང་རབ་འབྲི་ཆོག

ཁྱོད་ཀྱིས་ང་ལ་ཅི་ཞིག་ཡོད་ཅེས་དྲི་མི་གནང་རོགས།
ང་ལ་གཡོས་ཁང་གི་ནམ་མཁའ་དང་ས་གཞི་ལས།
གཞན་ཅི་ཡང་ཡོད་སྲིད་དོ།།

               2018.1.5ཉིན་གཡོས་ཁང་དུ་གྲུབ།

            འཕྱོངས་རྒྱས་ཀྱི་སྣང་བ།

གྲིབ་མའི་ནང་གི་གཤོག་པ་འགུལ་ཙམ་གྱིས།
ཤེལ་དྲ་ཕུག་པའི་རླུང་གི་ལག་པ་ཞིག་ཉི་ཟེར་ཁྲོད་ནས།
མུན་པའི་སྐྲ་གསེང་དུ་བསྲིངས།
གཡོས་ཁང་གི་མེ་འོད་ལ་འདྲེས་པའི་སྒྲ་ཡི་ང་རོ་ལས།
ཆར་བ་མཚམས་མེད་པར་འབབ།

གཟབ་འཆོར་སྤྲས་པའི་འཕྱོངས་རྒྱས་ཀྱིས།
རྒྱ་མཚོའི་འཇིངས་པ་རུ་ལུས་པའི་ཚིག་གི་བྱེ་མ་ཟ་བཞིན།
ཉི་ཟླའི་དབུ་རྨོག་ལས་བཀོག་པའི།
གཡུ་གྲུ་དཀར་མ་དེའི་མིང་ཡིག་ག་ཙམ་ཡོད་པ་དེ།
རུས་མཛོད་ལས་བཤེར།

འཕྱོངས་རྒྱས་གཞུང་གི་ནས་འབྲུ་ཨོ་ལོའི་བྲང་ནས་འབུས་སོང་།
མགུར་མའི་མདངས་ལ་ཆགས་པའི་ཡིག་ཆུང་རྡུལ་གྱིས་བསུབས་ཀྱང་།
མ་ཤི་ཐར་བ་ཐོབ་པའི་ཟླ་བ་སྒྲོལ་མར་བསྒུག་ཡོད།

མི་རྣམས་ཆང་གི་དྲི་མ་བཞིན།
དྭངས་པའི་མཐའ་ལ་རེག་པའི་སྣང་བ་ཡིས།
མཚན་ལ་ངག་བཅད།
ཉིན་ལ་གཡོས་སྦྱོར་གྱི་ཆོ་ག་ཙམ།

ཚིག་རྒྱན་གྱི་ཕྱུ་པ་གྱོན་པའི་ཁྱོད་ཁོ་ན།
ཤིང་ལོ་ཟིལ་བ་ཅན་ཞིག་གི་དྲ་མ་ལས་གསལ་ལྷང་ངེ་།
ཟླ་བ་སྒྲོལ་མས་ལྷ་ཡུལ་ནས་མཇལ་ཞིང་།
དམྱལ་ཁམས་ནས་བསུབས།

དབུལ་ཕོངས་ལས་ཐར་བའི་ཟླ་བ་སྒྲོལ་མ།
འཕྱོངས་རྒྱས་ཀྱི་མིང་ཡིག་ལས་ཐར་བ་ཐོབ་རྗེས།
བདེ་ཞིང་སྐྱིད་པའི་ཡུལ་འདིའི་འོད་ཟེར་མ་ལུས།
རུས་པའི་སྲུབས་ཀ་ནས་སྐྱེས་ཏེ།
སེམས་སྐྱེད་པར་བྱའོ།

               ༢༠༡༧། གཡོས་ཁང་།

6D99E4BE-1A18-4C8C-9355-492A14360F94-3395-000002DAEE2B4D2C_tmp.JPG

             རུས་ཀྱི་ཚིག་མཛོད།
                     
                                 —ཡང་ཚ་བདེ་སྐྱིད་ཚེ་རིང་གི་སྐྱེས་སྐར་ལ་ཕུལ་བ།

འདི་ནས་སྟོད་ལ་སོང་ན་ཆུ་མགོ་གངས་ལ་ཐུག་ཡོད།
ས་དང་རྡོ་ཡི་རྩ་བར་ཐུག་ཡོད།

འུ་གཉི་གའི་ལམ་སྣེ་ལྷ་ཡིས་བཟུང་ཡོད་ཟེར་མོད།
མི་སྡུག་པའི་ངོ་བོ་ཡང་འདུས་ཡོད།

ཉི་མར་བལྟས་ནས་ཟླ་བ་གང་དུ་ཡོད་ཅེས་མི་འདྲི་རོགས།
སྤྲིན་པ་རླུང་དང་འཕྲད་ན་ལག་པའི་ཕུ་རུང་ས་ལ་མ་འདྲུད།

ཨོཾ་ཡིག་གི་ང་རོ་ལས་གཤོག་པ་དཀར་པོ་ཞིག་རྙེད་པར་གྱིས།
འཁོར་བ་ལས་དད་པ་ལ་ཞེད་སྣང་སྦང་བར་གྱིས།

རྩི་ཏོག་གི་ལྗང་བུ་ལས་ཟིལ་བ་འཁྲུང་དུས།
ལོ་མའི་སྟེང་གི་ཉི་ཐིགས་མ་བརྗེད།

ལས་ཀྱི་ལ་མོའི་རྒྱབ་ན།
འོ་མའི་ཆུ་བོ་ཡོད་དོ།།

              2018.1.12ཉིན་དབུས་སུ་གྲུབ།

            མཆོད་མཇལ།
                       
སྐབས་དང་སྐབས་སུ་སྙན་ངག་པ་གང་མང་ཞིག་ལྷ་སར་འཛོམས་འདུག་ཟེར།
ངས་ཁོང་ཅག་གིས་ལྷ་སའི་རུས་གསེང་ནས་ཅི་ཞིག་འཚོལ་བཞིན་ཡོད་དམ་འདོད།
འོན་ཀྱང་ཅང་མ་འགོར་བར་སེམས་ལྷོད་ལ་བབས་ཏེ།
ལག་ནང་གི་རྡོ་བ་དེ་མིག་གིས་ཕུག་ཐུབ་མིན་བལྟས།
ཚོད་ཚོད་ལ་ཞེད་སྣང་ཞིག་གིས་དངངས་འདར་རྒྱག
ངག་ནས་བོར་སོང་བའི་མིང་ཡིག་ཅིག་ལ་ངག་བཅོལ་བྱས་པ་ཙམ་གྱིས།
ངའི་སྒལ་ཚིགས་སྲ་རུ་ཨེ་འགྲོ་འདོད་ཀྱང་།
སྔ་ས་ནས་བོར་སོང་བའི་མི་དེས་དམ་བཅའ་ལས་རང་ཉིད་བསུབས་ཟིན་པས།
སྙན་ངག་པ་སྐོར་ཞིག་དུར་རྡོ་ནག་པོ་ཞིག་གི་སྟེང་དུ་བཤམས།
ཁ་མི་གྲག་པའི་གྲིབ་མ་ཞིག་ལ་ཡང་ནས་ཡང་དུ་འགྲམ་ལྕག་གཞུས།
དབྱངས་རྟ་ཞིག་ཁང་སྟོང་ཞྭ་མོ་འདྲ་བོའི་ནང་ནས་ས་འོག་གི་རྒྱ་མཚོའི་ནང་དུ་ལྷུང་།
འཆི་བ་ནི་དགེ་སྡིག་གི་སྒོ་མོ་དང་འདྲ་བར།
ཇི་ལྟར་བརྩེ་བས་བལྟས་ན་དེ་ལྟར་སྙིང་རྗེ་བོ་ཞིག་ཏུ་མཐོང་བས།
ངས་ལག་ནང་གི་རྡོ་བ་དེ་སར་བཞག་སྟེ།
ཇོ་བོར་ཐེངས་ཤིག་མཇལ།

               2018.1.15  ཉིན་དབུས་སུ་གྲུབ།

38F48F1A-9136-499E-9A17-8904D04DCD51-3395-000002DADFB62E50_tmp.JPG
             ལྷ་ས།

ངས་རྡོ་བའི་ས་བོན་ཞིག་རང་གི་ནང་ཁོག་ཏུ་བཏབ།
རུས་པ་རྡོ་རུ་འགྱུར་བར་བསྔོ་སྨོན་བྱས།

ར་མ་སྒང་གྲུ་ཁ་ནས་མིག་གིས་མ་ཟིན་པའི་འཇའ་ཡི་ལག་པ་ཞིག་བཙལ།
སྤྲིན་པ་རླུང་དང་འཕྲད་པར་ཡུན་རིང་བསྒུག

གསེར་གྱི་བྱེ་མ་དག་ལས་ཡི་གེ་འཁྲུངས་པར་ལོ་ཚིགས་བྲིས།
ས་ཁྲའི་ངོས་ནས་ཁྲུང་ཞུ་མ་ཞིག་དྲན།

ངས་མཆོད་ཁང་ནང་དུ་པེ་ཁཱ་སོ་ཡི་རི་མོ་བཤམས།
ལྷ་སས་ཁ་བ་འབབ་པར་རེ་ལྟོས་བྱས།

ཁྲུང་ཁྲུང་གཉིས་མཉམ་དུ་རྒྱང་ལ་འཕུར།
གྲིབ་མ་གསུམ་ས་ལ་དཔར།

ལྷ་ས་ནི་སྙན་ངག་ཆེན་པོ་ཞིག་གོ།
མི་ཡི་དཀྱིལ་འཁོར་ཞིག་གོ།

              2018.1.17ཉིན་དབུས་སུ་གྲུབ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སླ་ང་དང་སྐྱོགས།(ཞར་བཀོད་བཞི་ཡོད)

2018-01-22 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།