ཆེས་སྙིང་ཉེ་བའི་མི།

སྲིན་པོ།(ཁྱུང་མཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-07-01

          ཁྱེད་ཀྱི་སྐད་ངག་ནི་ཁྱེད་ཀྱི་སྙིང་ཆུང་གིས་བདག་ལ་བཏེགས་པའི་སྙན་འཇེབས་ཀྱི་གླུ་གཞས་སོ།། ཁྱེད་ཀྱི་ཞལ་གསུང་ནི་ཁྱེད་ཀྱི་མཆུ་སྒྲོས་ཀྱིས་བདག་ལ་གནང་བའི་ཞིམ་མངར་གྱི་འོ་ཆུང་ངོ་། །
                         
                                                                                ____སྔོན་འགྲོའི་དབྱངས། 

ང་ནི་ཁྱེད་ཀྱི་ལག་པས་མེ་ལྕེ་བསྒོས་པའི་དཀར་མེ་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོ་ཁྱེད་ཀྱི་འཇམ་གཉེན་གྱི་ལག་ཟུང་ལ་ཐེངས་གཅིག་ཐུག་རེག་བྱེད་ཐུབ་ན་སྙམ་པས་ཡིན
ང་ནི་ཁྱེད་ཀྱི་ལག་པས་རྩ་བ་འབལ་གྱིན་པའི་མེ་ཏོག་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོ་ཁྱེད་ཀྱི་བྲང་ཁར་སྦྱར་ནས་རིམ་གྱིས་དབུགས་རྒྱུན་འགག་ན་སྙམ་པས་ཡིན
ང་ནི་ཁྱེད་རང་བགྲོད་སའི་ལམ་འགྲམ་གྱི་སྡོང་ལོ་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོས་ཁྱེད་ཀྱི་ཡིད་འོང་གི་གོམ་སྒྲ་ལ་ཐེངས་གཅིག་ཉན་ནས་ཆེས་མཐའ་མའི་བདེ་མོ་འཇོག་ཐུབ་ན་སྙམ་པས་ཡིན
ང་ནི་ཁྱེད་ཀྱི་མིག་གོང་ནས་བརྡོལ་བའི་སྐྱོ་གདུང་གི་མཆི་མ་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོས་ཁྱེད་ཀྱི་སེམས་ཁོང་གི་སྐྱོ་སྡུག་མ་ལུས་ཁུར་ནས་རྒྱང་རིང་རྒྱང་རིང་ཞིག་ལ་ཆས་ཐུབ་ན་སྙམ་པས་ཡིན
ང་ནི་ཁྱེད་ཀྱི་མི་གཞན་ལ་སྤྲིངས་པའི་བརྩེ་བའི་འཕྲིན་པ་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོ་ཁྱེད་ལ་དགའ་བ་བཞིན་ངས་ཁྱེད་ཀྱི་དགའ་བ་ཡོད་ཚད་མི་གཞན་ཞིག་ལ་བརྗོད་ཐུབ་ན་སྙམ་པས་ཡིན
ང་ནི་ཁྱེད་ཀྱི་པང་ཐོག་གི་སྙན་འཇེབས་ཀྱི་པི་ཝང་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོ་ཁྱེད་ཀྱི་པང་དུ་མགོ་བོ་བསྙེས་ནས་སྐྱོ་སྡུག་གི་གླུ་དབྱངས་སྣ་ཚོགས་ལེན་ཐུབ་ན་སྙམ་པས་ཡིན
ང་ནི་ཁྱེད་ཀྱི་རྒྱབ་ཏུ་བསྐྱུར་བའི་གྲིབ་མ་དེ་ཡང་བྱ་འདོད་དེ
དེ་ནི་ཁོ་བོ་གཏན་དུ་ཁྱེད་ཀྱི་རྒྱབ་ཕྱོགས་སུ་འགྲེང་ནས་ཁྱེད་ཀྱི་ཕྱིར་མིག་ལན་གཅིག་གནང་ཐུབ་ན་སྙམ་པས་ཡིན
མཐའ་མཇུག ང་ནི་ཁྱེད་ཀྱི་དུར་ས་ཡིན་ན་སྙམ་སོང
ངས་ཁྱེད་ཀྱི་མཛེས་སྡུག་གི་རུས་སྒྲོམ་ཧྲིལ་པོ་པང་དུ་རུམ་ནས་ཐེངས་གཅིག་ལ་འཐམ་འཁྱུད་གནང་ཞིང་ཇི་སྲིད་བསྐལ་བའི་བར་དུ་ཁོ་བོའི་རུམ་ཁོང་དུ་གནས་ཐུབ་ན་སྙམ་པས་སོ
ང་ནི......ཁྱེད་ཀྱི.....ཆེས......ཡིན་ན.....སྙམ་བྱུང

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་སྙིང་ཉེ་བའི་མི།

2018-07-01 སྲིན་པོ།(ཁྱུང་མཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།