གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས།

2018-08-17 13:39:06 དགེ་བ་དོན་ལྡན། ཀློག་གྲངས། མཆན ཡོད།


ཁྱོད་ནི་མེས་པོ་ཚོན་པོ་ཞིག་གི་སྔུར་བ་དང་བསྡོངས་ཡོད་ཟེར།
ལྷ་སྐུ་གང་རུང་ཞིག་གི་རྣམ་ཤེས་སུ་སྤྲུལ་ཡོད་ཟེར།
རྒྱུས་མེད་ཀྱི་ལག་པ་མང་པོ་ཐག་རིང་ནས་སྲིང་ཡོང་དུས།
ཁྱོད་ཉིད་རང་གི་སྒོ་དང་སྒེའུ་ཁུང་ནས་ཐར་གྱི་མི་འདུག་ཟེར།

ཁྱོད་ཀྱི་ཕོ་བྲང་གི་རྡོ་བས།
ཅི་ཞིག་མི་ལྕོགས་པའི་ཆོ་ངེ་འདོན་གྱིན་འདུག

ཁྱོད་ཀྱི་ཆོས་སྐྱོང་དང་སྲུང་མ།
སྔར་ཞིག་ནས་མི་ཚོགས་ཀྱི་སྐྱབས་འཇུག་སྣ་ཚོགས་ལ་ཁོང་ཁྲོ་སྟེ།
བརྡ་མེད་པར་ལས་བྱོལ་སོང་ཟེར།

ལྷ་ས།  ང་ཁོ་ན་ཁྱོད་ལ་གནོན་ཤུགས་སྦྱིན་མི་བསམ་པའི་བྱིས་པ་དེ་ཡིན།
ང་ཁོ་ན་ངལ་དུབ་ཀྱིས་གཟིར་བའི་རྐང་ཟུང་ལྕི་མོ་དེ་ཡིན།

                                  08/12ཉིན་ལྷ་ས་ནས།  


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།