གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཁ། ངའི་རྒྱང་མིག་ཁྲོད་ཀྱི་སྟོན་ཁ།(ཞར་བཀོད་གཉིས་ཡོད)

2018-09-03 14:20:18 སྒྲེ་བོ།(ཉག་ཆུ་ཁ) ཀློག་གྲངས། མཆན ཡོད།

ངས་ཐང་ལས་ལོ་མ་ཞིག་སྒྲུག་ནས
རང་ཉིད་ཀྱི་གྲིབ་མའི་ནང་དུ་ཕངས
ད་ནི་ལོ་མ་དེའི་ཁ་དོག་ལ་སེར་ཤས་ཤིག་ཀྱང་བབས་འདུག
རྒྱང་རིང་ལགས
འདི་ནི་བ་མོས་གཞོམ་པའི་མེ་ཏོག་དང་འདྲ་བ་ལ

དབྱར་ཁ་མེ་ཏོག་འཐུ་མྱོང་བའི་ལག་པའི་ནང་དུ
ད་དུང་མེ་ཏོག་གི་དྲི་ངད་ཁ
ང་རང་སྟོན་ཁ་དང་འཕྲད་ཚེ
གཞར་ཡང་ངས་དྲན་དགོས་པའང་དེ་ལགས

ལར
ངས་དབྱར་ཁར་མེ་ཏོག་ཅིག་འཁྱེར་ནས
སྟོན་ཁར་རྒྱང་རིང་དང་འཕྲད་རེ་བྱས
ད་ནི་གྲིབ་མའི་ནང་གི་ལོ་མ་འདི་ཡིས
ང་ལ་སྟོན་ཁ་གཞན་ཞིག
གོ་སླ་བོས་བཤད་བྱུང

དེ་བས
སྐབས་ལན་རེར་སྟོན་ཁ་ནི་རྒྱང་རིང་ལགས
མཚམས་ལན་རེར
སྟོན་ཁ་ནི་ད་ལྟའི་ན་སོ་ཨང

                  25/08/18

                      ཙོང་ཁ་ཚེ་བརྟན་རྒྱལ།  ཁྱོད་ཀྱི་སྨ་རའི་ནང་གི་ཚངས་མགུར་གྱི་རི་དྭགས།