《བྱིའུ་ཆུང་ཆུང》སོགས་སྙན་ངག་ཚན་པ་ལྔ།

བྱིའུ་ཆུང་ཆུང་།

གཅུང་མོ་ལགས
ད་ལྟ་ཕྱི་དྲོ་ངའི་སྒོ་རའི་ནང་དུ་བྱིའུ་ཆུང་ཆུང་ཞིག་བབས་འདུག
ད་ནང་གཏོར་བའི་ཟན་ཕྱེ་དང་ཡོས་ཁྲ་སོགས་སྒུམ་བཞིན་འདུག
ཁོས་རང་གི་བདེ་མྱུར་ལྡན་པའི་ལུས་རྩལ་ངོམ་པ་ཇི་བཞིན
གཡས་ལྟ་གཡོན་ལྟ་འཚུབ་འཚུབ་བྱེད་ཅིང
སྤྱང་གྲུང་གི་མིག་ཟུང་ལས་ལྷད་མེད་པའི་འོད་ཅིག་འཚེར་འདུག

གཅུང་མོ་ལགས
བྱིའུ་འདིའི་གཤིས་སྤྱོད་སྟེང་ནས་ཁྱེད་རང་ཝ་ལེར་དྲན་བྱུང
ཡང་ན་ཁོས་བསམ་གཟས་ནས་ཁྱེད་རང་དྲན་དུ་བཅུག་བྱུང
དངོས་གནས་བྱིའུ་འདི་སྙིང་རྗེ་པོ་འདུག་གཅུང་མོ
ང་ད་ལྟ་བྱིའུ་འདིའི་ཆེད་དུ་སེམས་ཁུར་བྱུང་སོང
བྱིའུ་ཆུང་ཆུང་འདི་ཡོས་ཁྲ་སྒུམ་ཚར་དུས་གང་དུ་འཕུར་དགོས་སམ
ཁོ་རང་དོ་དགོང་གང་དུ་འཕུར་རྒྱུ་ཡིན་ནམ

གཅུང་མོ ད་ཁོ་རང་འཕུར་སོང
ཁོ་རང་འདི་ནས་ཕར་གཤོག་པ་བརྐྱངས་ཏེ་འཕུར་སོང
ཁོ་རང་དམིགས་པའི་གཏད་སོ་གང་ཡང་མེད་པར་མདུན་ཕྱོགས་སུ་འཕུར་སོང

གཅུང་མོ་ལགས
ངས་ཁོ་རང་གི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་ཆོག
ཁ་བ་བུ་ཡུག་མི་འཚུབ་པའི རླུང་ལྷག་པ་མེད་པའི
དྲོ་སོབ་སོབ་ཀྱི་ལྗོན་ཤིང་ཞིག་རྙེད་པར་སྨོན
གནས་དེ་ནས་ཁྲ་དང་འུག་པའི་འཇིགས་སྣང་མེད་པར
ཁོ་རང་གཉིད་སྐྱིད་པོ་ཞིག་རོལ་ཐུབ་པར་སྨོན་ནོ
ཨ་མ་ལགས་རྗེ་བཙུན་སྒྲོལ་མ
ཁྱེད་ཉིད་ཐུགས་མ་གཡེལ

                                     2020.1.22
གླང་རྫི།

ངའི་སྐྱེ་བ་སྔོ་མ་དེ་གླང་རྫི་ཞིག་ཡིན
ང་རང་གླང་རྒན་ཞིག་བོར་བའི་རྐྱེན་གྱིས་ཚེ་འཕོས
ང་རང་གླང་རྫིར་འགྲོ་བཞིན་པའི་ཉི་མ་ཞིག་ལ
ནགས་ཚལ་ཁྲོད་དུ་བུ་མོ་ཆུང་ཆུང་ཞིག་ལ་འཕྲད་མྱོང
མོས་ང་ལ་གླིང་བུ་ཞིག་བུས་དང་ཟེར་བ་ད་ལྟ་གསལ་པོར་དྲན་གྱིན་འདུག   
ངས་མོར་གླིང་བུ་ཡུན་རིང་དུ་བུས་ཤིང་སྙན་པོ་བྱུང་ངམ་ཞེས་དྲིས
རང་གི་གཅེས་ནོར་ལྟ་བུའི་གླིང་བུ་དེའང་མོར་བྱིན
ངས་བུ་མོ་དེའི་མིང་ནས་བཟུང་མ་ཐུབ་པའི་རྐྱེན་གྱིས
སོས་ཀའི་རྩྭ་ལྗང་གི་ཁྲོད་ནས་མོ་རང་ག་སོང་ཆ་མེད་དུ་གྱུར    
ང་རང་ད་ལྟ་གླིང་བུ་འབུད་པར་ཚོད་ལྟ་ཙམ་ཡང་བྱེད་མི་ཕོད
དེ་ནི་བཟོད་པར་མི་ནུས་པའི་དྲན་གདུང་ཞིག་རེད
ན་ཆུང་གི་བུ་མོ་དེ་དེ་ལྟར་བོར་སོང་བ་དང  
ཉིན་ཁ་ཤས་རྗེས་ནས་གླང་རྒན་དེ་ཡང་བོར་ནས་སོང
ང་རང་ཕྱིར་འཇིག་རྟེན་ན་འདི་ལྟར་ཡོང་དོན་ནི 
བུ་མོ་ཆུང་ཆུང་དེ་དང་གླང་རྒན་རོག་པོ་དེའི་ཆེད་དུ་ཡོང་བ་ཡིན

                                     2019.10.24 
གངས་རིའི་སྙན་ངག་པར་བསྟོད་པ།

སྙན་ངག་པ་ཁྱེད་ཀྱིས
རང་ཉིད་ཀྱི་མཐོང་སྣེ་ཡོད་ཚད་གླུ་རུ་ལེན་དགོས
གླུ་ཚིག་ཡག་པོ་ཞིག་གི་ཕྱིར་གངས་ཁྲོད་དུ་ཕེབས་དགོས
ཏི་སེ་གངས་རིའི་ངོ་གདོང་ལ་ཅེར་གྱིས་བལྟས་ཏེ
རང་གི་རང་གཤིས་མནལ་མ་རྒྱ་ཡན་དུ་གཏོང་དགོས
སྦ་གསང་ཅི་ཡང་མེད་པར་རང་ཉིད་ཀྱི་ཚད་བཀག་ཡོད་ཚད་ལྷུག་པོར་བཀྲོལ་དགོས

དེ་ནས་སྙན་ངག་པ་ཁྱེད་ཀྱིས་གླུ་བླངས བྲོ་འཁྲབ
སྣང་ཡུལ་གྱི་འཇིག་རྟེན་ལ་ཆག་གྲུམ་བཟོས་བུ་ག་བརྟོལ
འཁོར་བའི་བདེ་སྡུག་ནི་བྱིས་པ་བསམ་མེད་ཅིག་གིས་བྲིས་པའི་རི་མོ་ཞིག་དང་འདྲ་བར་གཟིགས
སྣང་བའི་དར་ཡོལ་གྱི་ཕར་ནང་ནས་ཀྱང་གླུ་བླངས
ཁྱེད་ཉིད་གཅིག་པུར་རི་མགོའི་ཕུག་སྟོང་ནང་དུ་སོང་སྟེ་ཧབ་དགོད་ཡུན་རིང་བྱས
མཛེས་སེ་དང་པེ་ཏ་གཉིས་ཀ་ཁྱེད་ཀྱི་དྲུང་དུ་བཅར
ཁྱེད་རང་སྨྱོ་ནད་སྨན་ཁང་དུ་ཕེབས་རོགས་ཞུས་དུས
ཧབ་དགོད་དེ་ལས་ཀྱང་ཆེ་རུ་སོང
དེ་ལྟར་རང་གིས་རང་ཉིད་བཅིང་འགྲོལ་དུ་བཏང་སོང
ཁྱེད་ཀྱི་མདུན་ནས་དངོས་པོ་ཡོད་ཚད་ཀྱིས་གཏམ་སྨྲ་བར་བྱེད་ཅིང
ནང་སྙིང་མི་འདྲ་བའི་སྦས་དོན་རེ་རེ་མངོན་སུམ་དུ་སྟོན་པར་མཐོང
མཐོང་ཚུལ་འདི་ལས་ཟད་མི་ཤེས་པའི་སྙན་ངག་གི་གཙང་པོ་བརྡོལ
རང་ཉིད་དངོས་སུ་འཇིག་རྟེན་དུ་བསླེབས་པར་བདེན་དཔང་བྱས

                                    2020.1.16
ཐག་རིང་གི་སྐྱོ་སྐྱོ།

ངའི་ཐག་རིང་གི་སྐྱོ་སྐྱོ   
རྩྭ་སྐྱའི་སྟེང་གི་ཁ་བ་དང་འདྲ་བའི་ཁྱོད་རང    
བཏུང་ན་མི་ཚིམ་པའི་རྒུན་ཆང་མངར་མོ    
གདུང་གླུ་ལེན་མི་ཤེས་པའི་མེ་ཏོག་དམར་པོ   
སྨྲ་བ་མེད་པའི་སྙན་ངག་པ
མེ་ཏོག་གི་འདབ་ལོ་ཞིག་ས་རུ་ལྷུང་བའི་གོ་རིག་ཁྲོད་ནས
རང་ཉིད་ཀྱི་བརྩེ་དུངས་ནར་སོན་པའི་ཁྱོད་རང
གོ་རིམ་དེ་ཙམ་ཞིག་གི་ཁྲོད་ནས་ནར་སོན་པའི་སྐྱོ་སྐྱོ
རྟོགས་བཏགས་ཀྱི་སྤྲིན་པ་ཞིག་དང་ཁྱོད་ཀྱིས 
ངའི་གཞིས་ཁྱིམ་དྲོན་མོར་མེ་ཏོག་གི་ས་བོན་བཏབ་མྱོང

                                    2019.10.23 
ཁྱེད་རང་འདྲེ་དང་འདྲ་པོ་མི་འདུག

ཁྱོད་ནི་འདྲེ་ཡིན་ཚུལ་བཤད་བྱུང
ཁྱེད་རང་འདྲེ་དང་འདྲ་པོ་མི་འདུག
འདྲེ་ལ་ཀུན་སྤྱོད་ཡོད་དེ་དུས་རྒྱུན་དུ་གཞན་ལ་གནོད་པ་སྐྱེལ་བ་ཡིན་མོད
ཁྱེད་ལ་དེ་ལྟ་བུའི་ནུས་པ་གང་ཡང་མི་འདུག 
འདྲེ་ལ་རང་ཚུགས་ཡོད་པས་དུས་ནམ་ཡང་ལྷ་རུ་འགྱུར་མི་སྲིད་མོད
ཁྱེད་རང་ཅུང་ཟད་ཙམ་གྱིས་ཡང་འགྱུར་བཞིན་འདུག

འདྲེ་ལ་ཁ་ཕྱོགས་ཡོད་དེ་དུས་ནམ་ཡང་མཐུར་དུ་འགྲོ་དགོས་མོད
ཁྱེད་ལ་ཁ་ཕྱོགས་ཤིག་གཏན་ནས་མི་འདུག
འདྲེ་ལ་རྩ་དོན་ཡོད་དེ་མཚན་མོ་ལས་ཉིན་པར་མི་རྒྱུག་མོད
ཁྱོད་ལ་རྩ་དོན་ཟེར་བ་མིང་གི་ལྷག་མ་རེད་འདུག 

འདྲེ་ལ་དགའ་ཕྱོགས་ཡོད་དེ་ཤ་ལ་དགའ་ཞིང་ཁྲག་ལ་དགྱེས་མོད
ཁྱེད་ལ་དགའ་ཕྱོགས་ཟེར་བ་ཞིག་གང་ན་ཡོད་དམ། 

                                   2019.10.21
 
རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《བྱིའུ་ཆུང་ཆུང》སོགས་སྙན་ངག་ཚན་པ་ལྔ།

2020-01-23 གྲོག་མ།(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།