《ཞེན་ཆགས་ཀྱིས་བོར་བའི་འཆི་བ》སོགས་སྙན་ངག་ཁག་བདུན།

ཞེན་ཆགས་ཀྱིས་བོར་བའི་འཆི་བ།

ང་ལ་ཅི་ཡང་མ་འདྲི མུན་པ་ལྟ་བུའི་ལྷིང་འཇགས་ཤིག་ལ་ཉན་དགོས།
མིག་ཟུང་བཙུམས་ཀྱང་སེམས་ལ་མི་ཤར་བའི་འཆི་བ།
ནམ་ཡང་ཚུར་ཡོང་གིན་འདུག

འཚོ་བའི་སུན་གཙེར་དང་རྨི་ལམ་གྱི་དབང་གིས།
ང་ཚོས།
དྲན་ངོགས་ནས་སྐྱུད་ཀྱིན་འདུག

ཁྱོད་ཀྱི་འབོད་པ་རེ་རེས།
ང་ཡི་དྲན་སྒོ་ཡོད་ཚད།
འདྲུབ་ཀྱིན་འདུག
ཐ་སྙད་ཀྱི་བར་སྟོང་ན།
ཁྱེད་ཀྱི་གོམ་འགྲོས་ཡོད་དམ།

ལོ་ཟླའི་ལྕག་གིས་དེད་པའི་བདག་ཅག་གི་གྲིབ་མས།
སྙིང་ལ་བཀབ་པའི་འཆི་བའི་ཁ་དོག
ནམ་ཡང་དཀར་པོར་བསྒྱུར་མ་མྱོང་ཨང་།

བུད་སོང་།

ཁྲག་གིས་བརྫིས་པའི་སྲོད་ཁའི་མཚམས་སྤྲིན་གྱིས།
ཞེན་ཆགས་ཀྱི་ཀློང་ནས། ས་འཛིན་ལ།
ཕྱིར་མིག་འཕེན་གྱིན་བུད་སོང་།
མཚམས་སྤྲིན་གྱི་ཕྱིར་མིག་སྟོང་དུས།
མི་ཡུལ་གྱི་རི་ཚོགས་སྐྱ་ཐིང་ངེ་།
མཛེས་སྡུག་གི་ཕྱིར་མིག་དེས།
ང་ལ་མིག་ཆུ་ཡང་ཡང་སློང་གིན་འདུག

ཉག་ཁ་ན་ལྷབ་ལྷབ་འཕྱོ་བའི་དར་ལྕོག་དེ།
འདུག་བཟོད་མེད་པར་ཤུར་ཤུར་གཡུག་པའི་རླུང་བུ་འདི།
ཡིག་འབྲུ་གང་གིས་ཀྱང་མཚོན་མི་ནུས་པའི།
ང་ཡིས་ཁྱོད་འབོད་པའི་གཡབ་མོ་དེ་ལགས།

བལྟས་བལྟས་རིག་རིག་ལ།
མཚམས་སྤྲིན་སྒེག་མོ་དེ།
བར་སྣང་དང་གཙང་བོའི་མཚམས་ཚིགས་བརྒལ་ནས་བུད་སོང་།
ཕྱིར་མིག་དང་གདུང་གླུའི་ཁྲོད་ནས་བུད་སོང་།

འོ། རྒྱང་བཞུད་ནི་རྨི་ལམ་ཞིག་མ་རེད།
དེ་ནི་ཆོས་ཉིད་ཅིག་གམ།
ལས་དབང་ཞིག་ཡིན་པར་འདུག

མཚན་མོ།

སྐྱོ་སྣང་གིས་ཟགས་པའི་ཟླ་འོད་འོག་ཏུ།
མི་ཡུལ་སྐྱ་ཐིང་ངེ།
དབེན་འཇགས་གེར།
ཡིན་ཡང་ང་མཚན་མོ་ལ་ཅིས་མི་དགའ།

ང་མཚན་མོའི་ཁོང་གསེང་དུ་བསྡད་དེ།
མུན་པར་ཆགས་སྡང་གི་ཁ་རླངས་བསྒོས་ནའང་།
མཛེས་སྡུག་གི་ཁ་དོག་ཅིག་མངོན་ནས་འོངས།

ངས་ཁྱོད་ལ་བཤད།

                                 ----ནུ་བོ་ཁེན་ཐར་ལ་ཕུལ་བ།

དུས་རྒྱུན་ལས་བྱ་བྲིས་ཚར་དུས།
ཚིག་མི་གསལ་བའི་གཞས་ཤིག་བླངས་བར་གོམས་ཀྱིན་འདུག

རྟབ་རྟབ་པོར།
དུས་ཚོད་ཀྱི་ཐག་སྒྲར་ཉན་ཚུལ་ལ་གཞིགས་ན།
སློབ་གྲྭ་འགྲོ་བར་རྔམ་གྱིན་འདུག

ཚུལ་འཆོས་དང་གཡོ་སྒྱུས་ཁེངས་པའི་འཇིག་རྟེན་འདིར།
ཚིག་རྒྱན་དཔག་ཏུ་མེད་པ་ཡོད་ནའང་།
ཁྱེད་ཀྱི་དྭངས་གཙང་མཚོན་བྱེད་ཀྱི་ཐ་སྙད་དེ་མི་འདུག

ནམ་ཞིག
དྭངས་གཙང་ལས་གྱེས་པ་དག་ཕྱི་རུ་བསྡུ་ཐབས་མེད་དུས།
ཡིད་མི་ཆེས་པའི་ཁྲེལ་དགོད་ཅིག་གཏིང་ནས་འཕྱུར་ཡོང་།

འཁྲན་སྟོན་གྱི་འཕོངས་ལ་བཅིབས་པ་ནས་བཟུང་།
ཁྱོད་རང་འགྱུར་ཟིན།

སེམས་ཁུར།

སྤྲིན་པ་ལེབ་མོ་ཞིག་གིས།
ང་ཡི་གཞོན་པའི་སྣང་བ་ཡོངས་སུ་བཅོམ།

ཆེས་ཡིད་དུ་འོང་བ་དེ་དག་ལའང་།
མི་སྡུག་པའི་མདངས་ཤིག་མངོན་ནས་འོངས།
འགྲོས་དལ་ལ་བབ་ལྕི་བའི་འཇིག་རྟེན་དེར་གཡེང་དུས།
ཡོད་ཚད་ངག་ལྐུགས་པ་ལྟར་ང་ལ་ཅེར་འདུག

རྟ་བོ་ཐང་།

གནས་འདི་ནས་ལག་པ་བསྲིངས་ཏེ་རེག་ཐུབ་པ་ནི།
གྲང་ངར་ཁོ་ན་རེད་སེམས་སོང་།
གྲང་ངར་སྟེ།
རྟ་བོ་ཐང་གི་མཁར་གྲོང་གི་ཧྲག་བར་ན་རྒྱུ་བཞིན་པའི་རི་སྤྱང་།
མདུན་གྱི་ཁང་བརྩེགས་ཁ་རླངས་ཀྱིས་བརྙས།
མནོལ་གྲིབ་ཕོག་པའི་སྲང་ལམ་རེ་རེ།
རླུང་ལྷའི་བྲོ་ར་དང་གཞས་ར་ཁྲ་མོ།
སྨྲ་བ་མེད་པའི་བུ་མོ་ཞིག་གི
སེམས་ཁུང་འཁྱག་གིས་བསྡམས་ཏེ།
བརྩེ་བ་ཐན་པ་བྱུང་ས།

སྐྱེ་བ་འདི་ལ།

གནོན་ཤུགས་དང་སེམས་ཁྲལ་གྱིས་ཀུན་ནས་མནར་བའི་ད་ལྟའི་དུས་འདིར།
ངས་ཁྱོད་ཉིད་ཧ་ཅང་དྲན་ནའང་།
ང་ཁྱོད་ལ་བཅར་ཐུབ་མི་འདུག
སྙིང་ཚིལ་ངོས་ཀྱི་ཡིག་ཚོགས་འདི་རབ་ཏུ་གཡོས་ཏེ།
སྐྱོ་བའི་སྨྲེ་ངག་འདོན་ཞིང་མྱ་ངན་གྱི་མཆི་མ་འཛག

སྙིང་ཉེ། ཁ་བ་འབབ་སྟངས་འདི་ཅི་འདྲའི་དལ་བ་ལ།
བརྩེ་གདུང་དང་འཁྲེང་སེམས་ཀྱི་བཞུར་རྒྱུན་བཞིན།
འཇགས་པ་མི་འདུག
གནམ་ངོ་གནག་པའི་ཉིན་འདི་དག
ངའི་སེམས་པ་རང་དབང་ན་མེད་པ་འདྲ།

དྲན་པའི་གདུང་བ་མ་ཐེག་པར་ཧ་ཅང་ཁེར་རྐྱང་ངང་།
གཉིད་དུ་ཡུར་བར་བརྩམས།
རང་ལ་དབང་བའི་རྨི་ལམ་ཞིག་གི་སྣེ་ནས།
ཁྱོད་ལ སྙིང་ནས་ལག་འཇུ་བྱེད་འདོད་ཨང་།

མིག་རྡེབ་དབང་ཙམ་གྱིས་བུད་འགྲོ་བའི་མི་ཚེ་འདིར།
མིག་མ་བཙུམ་ཡང་ཡིད་ལ་འཆར་བའི
ང་ཡི་ཤ་རུས་སུ་འབབ་པའི་ཁྱོད་ཉིད།
རླུང་དང་བསེར་བུས་མ་གཅེས་པས་ཆོག་གོ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཞེན་ཆགས་ཀྱིས་བོར་བའི་འཆི་བ》སོགས་སྙན་ངག་ཁག་བདུན།

2020-04-22 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།