《བར་ཐག》སོགས་སྙན་ངག་ཚན་པ་དྲུག

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-07
བར་ཐག

ང་ལ་བར་ཐག་གི་མིག་ཆུ་གཏོང་རོགས།
ཚེ་རབས་ཀྱི་བག་ཆགས་གནང་རོགས།
བདག་ཁྱེད་ཀྱི་གཤིས་ཀ་ལ་དགའ།
བདག་ཁྱེད་ཀྱི་ལམ་ཕྲན་ལ་དགའ།
དྲན་སེམས་འཐོར་བའི་སྙིང་ཉེ།
བདག་ཁྱེད་ཀྱི་རྨི་ལམ་ལ་བར་ཐག་རིང་།
སྐྱོ་ངལ་གྱི་སྐད་ཆ་ཁྱེད་ལ་མ་ཤོད།
སྙིང་ཉེ། བདག་གིས་ཅི་ཡང་མ་ཤོད།

ཁྲིད་སོང་།

སྐྱོ་ངལ་གྱི་མི་ཚེ་རེ་ལ།
ཚེ་སྲོག་གི་ཉི་ནུབ་ཅི་ཙམ་ཡོད།
ལས་འཕྲོ་ཡི་མདུད་པ་རེ་ལ།
བརྩེ་དུང་གི་ཟིལ་བ་ཅི་ཙམ་ཡོད།
ངའི་འཇིག་རྟེན་ལ།
ཁྱེད་ཀྱི་མཛེས་སྡུག་མི་ཤོང་།
ལས་དབང་གི་གོ་རིམ་ལ།
ཚེ་རབས་ཀྱི་སྙིང་ཉེ་དེས་ཁྱེད་རང་ཁྲིད་སོང་།
ས་མཐའ་ཁྲིད་སོང་།
མིག་ཟུང་བོར་སའི་ཡུལ་དེར་ཁྲིད་སོང་།

ང་ཚོ།

མི་ཚེ་རིང་ཤོས་ལ།
ང་ཚོ་འདི་རུ་ཞལ་ངོ་འཛུམ།

ཕུགས་འདུན་གྱི་བར་སྟོང་མ་བོར་བར་དུ།
ང་ཚོ་ཁོར་ཡུག་གཅིག་ལ་འཛོམས།

འཆི་བའི་རླུང་ཆེན་མ་ལྡང་བར་དུ།
ང་ཚོ་འདི་རུ་འཕྲད་པ་རེ་ཡོད།

འོན་ཀྱང་། ཚེ་ཕྱེད་སོང་རྗེས།
ང་ཚོ་གཏན་དུ་གྱེས་འདུག

ང་ཡི་ཨ་ཅག

དུས་ཚོད་འདི་ཁྱེད་ལ་དབང་ངམ།
གལ་སྲིད་ང་ལ་དབང་ན།
ངས་ཁྱེད་རང་སྒུག་འདོད།
དུས་ཚོད་ཀྱིས་ཕྱིར་ལོག་མེད་པར།
ཁྱེད་རང་སྒུག་ན་འདོད།
ངས་རྩྭ་ཐང་དེར་སྒུག་འདོད།
རྩྭ་ཞྭ་རེ་བསླེས་ནས་སྒུག་འདོད།
ད་དུང་བརྩེ་དུང་གི་ཉིན་ཐོ་རེ་བྲིས་ནས་སྒུག་འདོད།

ང་ཡི་ཨ་ཅག  ཚེ་རབས་ཀྱི་ཨ་ཅག
ངས་ཁྱེད་དྲན་པ་ལ་ཉི་ནུབ་ཀྱི་མདངས་ཡོད།
རི་ལུང་གི་བར་ཐག་ཡོད། ང་ཡི་ཨ་ཅག

ཁ་བྲལ་བ།

རླུང་བུ་དལ་གྱིས་མ་ལྡང་།
ས་གཞི་འགུལ་གྱིན་འདུག

ཆར་ཆུ་དྲག་ཏུ་མ་བཞུད།
མེ་ཏོག་གི་ཡུ་བ་ཆག་གིན་འདུག

དབྱར་ཟླ་འདི་མ་བཞུད།
མེ་ཏོག་དྲི་བསུང་འཐོར་གྱིན་འདུག།

དབྱར་ཟླ་འདི་བོར་རྗེས།
རང་བྱུང་ཁམས་དང་ཁ་བྲལ་དགོས་བྱུང་།

སྒུག

དྲན་སེམས་ཀྱིས་གདུང་བའི་དོ་ཞག
ཉི་ནུབ་རེ་ལ་གདུང་ཡུས་རེ་བྲིས་ནས།
ངས་འདས་དོན་གྱི་འཁྲིས་སུ།
ཁྱེད་རང་ཡོད་པ་ད་དུང་བརྗེད་མེད།

མེ་ཏོག་སྤར་གང་།
སེམས་པ་གདུང་བ་གང་།
འགྲུལ་བཞུད་ཀྱི་རབ་མཚམས་ནས་ཁྱེར་ཏེ།
ཁྱེད་རང་གི་བར་ཐག་ལ་ཡུན་རིང་སྒུག 

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《བར་ཐག》སོགས་སྙན་ངག་ཚན་པ་དྲུག

2020-07-07 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།
བར་ཐག

ང་ལ་བར་ཐག་གི་མིག་ཆུ་གཏོང་རོགས།
ཚེ་རབས་ཀྱི་བག་ཆགས་གནང་རོགས།
བདག་ཁྱེད་ཀྱི་གཤིས་ཀ་ལ་དགའ།
བདག་ཁྱེད་ཀྱི་ལམ་ཕྲན་ལ་དགའ།
དྲན་སེམས་འཐོར་བའི་སྙིང་ཉེ།
བདག་ཁྱེད་ཀྱི་རྨི་ལམ་ལ་བར་ཐག་རིང་།
སྐྱོ་ངལ་གྱི་སྐད་ཆ་ཁྱེད་ལ་མ་ཤོད།
སྙིང་ཉེ། བདག་གིས་ཅི་ཡང་མ་ཤོད།

ཁྲིད་སོང་།

སྐྱོ་ངལ་གྱི་མི་ཚེ་རེ་ལ།
ཚེ་སྲོག་གི་ཉི་ནུབ་ཅི་ཙམ་ཡོད།
ལས་འཕྲོ་ཡི་མདུད་པ་རེ་ལ།
བརྩེ་དུང་གི་ཟིལ་བ་ཅི་ཙམ་ཡོད།
ངའི་འཇིག་རྟེན་ལ།
ཁྱེད་ཀྱི་མཛེས་སྡུག་མི་ཤོང་།
ལས་དབང་གི་གོ་རིམ་ལ།
ཚེ་རབས་ཀྱི་སྙིང་ཉེ་དེས་ཁྱེད་རང་ཁྲིད་སོང་།
ས་མཐའ་ཁྲིད་སོང་།
མིག་ཟུང་བོར་སའི་ཡུལ་དེར་ཁྲིད་སོང་།

ང་ཚོ།

མི་ཚེ་རིང་ཤོས་ལ།
ང་ཚོ་འདི་རུ་ཞལ་ངོ་འཛུམ།

ཕུགས་འདུན་གྱི་བར་སྟོང་མ་བོར་བར་དུ།
ང་ཚོ་ཁོར་ཡུག་གཅིག་ལ་འཛོམས།

འཆི་བའི་རླུང་ཆེན་མ་ལྡང་བར་དུ།
ང་ཚོ་འདི་རུ་འཕྲད་པ་རེ་ཡོད།

འོན་ཀྱང་། ཚེ་ཕྱེད་སོང་རྗེས།
ང་ཚོ་གཏན་དུ་གྱེས་འདུག

ང་ཡི་ཨ་ཅག

དུས་ཚོད་འདི་ཁྱེད་ལ་དབང་ངམ།
གལ་སྲིད་ང་ལ་དབང་ན།
ངས་ཁྱེད་རང་སྒུག་འདོད།
དུས་ཚོད་ཀྱིས་ཕྱིར་ལོག་མེད་པར།
ཁྱེད་རང་སྒུག་ན་འདོད།
ངས་རྩྭ་ཐང་དེར་སྒུག་འདོད།
རྩྭ་ཞྭ་རེ་བསླེས་ནས་སྒུག་འདོད།
ད་དུང་བརྩེ་དུང་གི་ཉིན་ཐོ་རེ་བྲིས་ནས་སྒུག་འདོད།

ང་ཡི་ཨ་ཅག  ཚེ་རབས་ཀྱི་ཨ་ཅག
ངས་ཁྱེད་དྲན་པ་ལ་ཉི་ནུབ་ཀྱི་མདངས་ཡོད།
རི་ལུང་གི་བར་ཐག་ཡོད། ང་ཡི་ཨ་ཅག

ཁ་བྲལ་བ།

རླུང་བུ་དལ་གྱིས་མ་ལྡང་།
ས་གཞི་འགུལ་གྱིན་འདུག

ཆར་ཆུ་དྲག་ཏུ་མ་བཞུད།
མེ་ཏོག་གི་ཡུ་བ་ཆག་གིན་འདུག

དབྱར་ཟླ་འདི་མ་བཞུད།
མེ་ཏོག་དྲི་བསུང་འཐོར་གྱིན་འདུག།

དབྱར་ཟླ་འདི་བོར་རྗེས།
རང་བྱུང་ཁམས་དང་ཁ་བྲལ་དགོས་བྱུང་།

སྒུག

དྲན་སེམས་ཀྱིས་གདུང་བའི་དོ་ཞག
ཉི་ནུབ་རེ་ལ་གདུང་ཡུས་རེ་བྲིས་ནས།
ངས་འདས་དོན་གྱི་འཁྲིས་སུ།
ཁྱེད་རང་ཡོད་པ་ད་དུང་བརྗེད་མེད།

མེ་ཏོག་སྤར་གང་།
སེམས་པ་གདུང་བ་གང་།
འགྲུལ་བཞུད་ཀྱི་རབ་མཚམས་ནས་ཁྱེར་ཏེ།
ཁྱེད་རང་གི་བར་ཐག་ལ་ཡུན་རིང་སྒུག 

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།