སྟོན་ཀ་དང་འབྲེལ་བའི་སྙན་ངག་ཁག་གསུམ།

ཉེ་འཁྲིས་སུ་ཡོད་པ་དག

འགྱུར་བ་སྣ་ཚོགས་ཀྱིས་མཐོང་ཡོང་བ་ནི
འགུལ་སྐྱོད་མེད་པའི་གྲིབ་མ་ཁྲིད་དེ
རང་རང་གི་སྟོན་ཁར་ལོག་འགྲོ
རྐང་ལམ་གྱི་རྒྱུན་ཐག་གཞལ་ན
ངོས་མི་མཉམ་པའི་གསེག་ལམ་ཞིག་དང
རྨི་ལམ་གྱི་རེག་བྱ་འཇམ་རྩུབ་ཅིག་གི་ཁྱད་ཡིན

ཧྲུག་ཧྲུག་ཏུ་འདར་བའི་ལོ་མ་དག
འཁྱག་པ་དང་ཚ་བས་བསྡོངས་ཏེ
འདས་པའི་དུས་ཚོད་ཀྱི་ནང་དུ
འདར་ཡོམ་ཐེངས་ཤིག་རྒྱག་སྲིད
གདུང་བའི་ཡལ་ག་རེ་ལ་རེག་པའི་ཚེ
འཁྱག་སྣང་གཞན་ཞིག་གི་མགོ་བསླང་བ་ཡིན

ལྡོག་གཟུགས་ཀྱི་མེ་ལོང་ནང་དུ
མངོན་མེད་དུ་ཡལ་བ་དེ་དག
ང་ཡི་གྲིབ་གཟུགས་སུ་འཆར་བ་བཞིན
སྐྱོ་ཐག་པའི་གླིང་ཕྲན་རེ་དབང་བར་བྱས
གཅིག་བྱས་ན་འོ་ཅག་ཚང་མ་དེ་རུ་གཏོགས་སྲིད
            2020 8 24
ཆག་ཧྲུག

རྡོ་གཅལ་གྱི་སེར་ག་གས་པའི་སྲུབས་སུ
སྟོན་རླུང་གིས་དེད་པའི་ཡལ་གའི་ཚོགས་ཀྱིས
འཚང་ཁ་རྒྱག་པ་ནི་ངལ་ཞིང་དུབ་པ་ཞིག
མདོག་ཡལ་བའི་གཟུགས་བརྙན་དེ་དག
མངོན་སུམ་གྱི་དུས་ཚོད་ལས་ཤོར་ཏེ
སང་ཉིན་ཟེར་བའི་རླུང་འཚུབ་ཀྱིས་བདས་སོང

ཉེ་འཁྲིས་ཀྱི་དངོས་པོ་དག
བསྡུ་གསོག་རྒྱག་བཞིན་པ་ནི་མ་ཡིན་པར
ཉམས་དམས་སུ་བཏང་སོང་བར་སྣང་སྟེ
དབུལ་ཕོངས་དེའང་དྲན་དུ་བསླངས
ཕྱོགས་ཕྱོགས་ཀྱི་བྱ་དངོས་ཚོགས
མཉེན་ལྕུག་གིས་འདར་ཡོམ་རྒྱག་པ་ནི
ཁྱུར་མིད་གཏོང་བའི་སྟ་གོན་ཡིན་ཡང་སྲིད
བསྐྱར་ཟློས་མི་ཐུབ་པའི་དུས་ཚོད་དག
སྟོང་བའི་དབྱིངས་སུ་འཁྱམས་སོང
         2020 8 27
འཕྲལ་དུ་བྱུང་བའི་རླུང་།

ཡུལ་འདི་ཡི་ནམ་མཁའ་འཁྱག་འདུག
ང་ཡི་ནང་སེམས་བཞིན་ཏུ་འཁྱག་ཨང
སྟོང་བསམ་ནི་རླུང་བུའི་རྣམ་ཤེས་ལས་སྐྱེ
ལམ་འགྲམ་གྱི་ལྗོངས་སུ་ཡང་ཡང་གཡུག་བྱུང
ས་སྲོད་ཀྱི་སྒལ་ཚིགས་ལ་མདེའུ་བསྣུན་པ་བཞིན
གདུང་བའི་ལག་པ་ཕྱོགས་སུ་བསྲིངས་འདུག

འཆར་ཡན་གྱི་མེ་ལོང་ཆག་གྲུམ་ཤོར་རྗེས
ང་ཡི་ལག་པ་རྒུད་པའི་དུས་ཚིགས་ནང་དུ
ཐ་སྙད་འགའ་ཡིས་བྲན་དུ་བཀོལ་བྱུང
ཚིག་ལ་བཙའ་ཆགས་པའི་དབྱངས་རྟ་དེས
འུ་གཉིས་ཀྱི་སྨྲ་བ་མེད་པའི་ན་ཟུག་ཡིན
སྟོན་མཇུག་ལགས འཁྲིས་སུ་ཡོད་པ་དེ་དག
ནམ་ཞིག་གི་ས་སྲོད་དུ་ཁྱུར་མིད་བཏང་སྟེ
ཤང་ཤང་བཞུར་བའི་ཆུ་ལ་ཕྱར་འགྲོ་བ་རེད
         2020 9 12 མཚན་ལ་གྲུབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟོན་ཀ་དང་འབྲེལ་བའི་སྙན་ངག་ཁག་གསུམ།

2020-11-01 མེ་ཚང་།(དཔལ་ཡུལ) ཀློག་གྲངས། མཆན ཡོད།
ཉེ་འཁྲིས་སུ་ཡོད་པ་དག

འགྱུར་བ་སྣ་ཚོགས་ཀྱིས་མཐོང་ཡོང་བ་ནི
འགུལ་སྐྱོད་མེད་པའི་གྲིབ་མ་ཁྲིད་དེ
རང་རང་གི་སྟོན་ཁར་ལོག་འགྲོ
རྐང་ལམ་གྱི་རྒྱུན་ཐག་གཞལ་ན
ངོས་མི་མཉམ་པའི་གསེག་ལམ་ཞིག་དང
རྨི་ལམ་གྱི་རེག་བྱ་འཇམ་རྩུབ་ཅིག་གི་ཁྱད་ཡིན

ཧྲུག་ཧྲུག་ཏུ་འདར་བའི་ལོ་མ་དག
འཁྱག་པ་དང་ཚ་བས་བསྡོངས་ཏེ
འདས་པའི་དུས་ཚོད་ཀྱི་ནང་དུ
འདར་ཡོམ་ཐེངས་ཤིག་རྒྱག་སྲིད
གདུང་བའི་ཡལ་ག་རེ་ལ་རེག་པའི་ཚེ
འཁྱག་སྣང་གཞན་ཞིག་གི་མགོ་བསླང་བ་ཡིན

ལྡོག་གཟུགས་ཀྱི་མེ་ལོང་ནང་དུ
མངོན་མེད་དུ་ཡལ་བ་དེ་དག
ང་ཡི་གྲིབ་གཟུགས་སུ་འཆར་བ་བཞིན
སྐྱོ་ཐག་པའི་གླིང་ཕྲན་རེ་དབང་བར་བྱས
གཅིག་བྱས་ན་འོ་ཅག་ཚང་མ་དེ་རུ་གཏོགས་སྲིད
            2020 8 24
ཆག་ཧྲུག

རྡོ་གཅལ་གྱི་སེར་ག་གས་པའི་སྲུབས་སུ
སྟོན་རླུང་གིས་དེད་པའི་ཡལ་གའི་ཚོགས་ཀྱིས
འཚང་ཁ་རྒྱག་པ་ནི་ངལ་ཞིང་དུབ་པ་ཞིག
མདོག་ཡལ་བའི་གཟུགས་བརྙན་དེ་དག
མངོན་སུམ་གྱི་དུས་ཚོད་ལས་ཤོར་ཏེ
སང་ཉིན་ཟེར་བའི་རླུང་འཚུབ་ཀྱིས་བདས་སོང

ཉེ་འཁྲིས་ཀྱི་དངོས་པོ་དག
བསྡུ་གསོག་རྒྱག་བཞིན་པ་ནི་མ་ཡིན་པར
ཉམས་དམས་སུ་བཏང་སོང་བར་སྣང་སྟེ
དབུལ་ཕོངས་དེའང་དྲན་དུ་བསླངས
ཕྱོགས་ཕྱོགས་ཀྱི་བྱ་དངོས་ཚོགས
མཉེན་ལྕུག་གིས་འདར་ཡོམ་རྒྱག་པ་ནི
ཁྱུར་མིད་གཏོང་བའི་སྟ་གོན་ཡིན་ཡང་སྲིད
བསྐྱར་ཟློས་མི་ཐུབ་པའི་དུས་ཚོད་དག
སྟོང་བའི་དབྱིངས་སུ་འཁྱམས་སོང
         2020 8 27
འཕྲལ་དུ་བྱུང་བའི་རླུང་།

ཡུལ་འདི་ཡི་ནམ་མཁའ་འཁྱག་འདུག
ང་ཡི་ནང་སེམས་བཞིན་ཏུ་འཁྱག་ཨང
སྟོང་བསམ་ནི་རླུང་བུའི་རྣམ་ཤེས་ལས་སྐྱེ
ལམ་འགྲམ་གྱི་ལྗོངས་སུ་ཡང་ཡང་གཡུག་བྱུང
ས་སྲོད་ཀྱི་སྒལ་ཚིགས་ལ་མདེའུ་བསྣུན་པ་བཞིན
གདུང་བའི་ལག་པ་ཕྱོགས་སུ་བསྲིངས་འདུག

འཆར་ཡན་གྱི་མེ་ལོང་ཆག་གྲུམ་ཤོར་རྗེས
ང་ཡི་ལག་པ་རྒུད་པའི་དུས་ཚིགས་ནང་དུ
ཐ་སྙད་འགའ་ཡིས་བྲན་དུ་བཀོལ་བྱུང
ཚིག་ལ་བཙའ་ཆགས་པའི་དབྱངས་རྟ་དེས
འུ་གཉིས་ཀྱི་སྨྲ་བ་མེད་པའི་ན་ཟུག་ཡིན
སྟོན་མཇུག་ལགས འཁྲིས་སུ་ཡོད་པ་དེ་དག
ནམ་ཞིག་གི་ས་སྲོད་དུ་ཁྱུར་མིད་བཏང་སྟེ
ཤང་ཤང་བཞུར་བའི་ཆུ་ལ་ཕྱར་འགྲོ་བ་རེད
         2020 9 12 མཚན་ལ་གྲུབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།