ཁྱོད་ལ་ཐུགས་ཁག་མི་འདུག(ཞར་བཀོད་གཉིས་ཡོད)

བྱེ་བ་འབུམ།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-26
དུ་བ་འཐེན་ནའང་སེམས་ཁམས་ལ་རྨ་ཡང་ཡང་བཟོ
གླུ་གཞས་བཏང་ནའང་གཞས་ཚིག་གིས་ང་རང་དུར་ཁྲོད་དུ་བསྐྱལ
དུ་བ་འཐེན་པ་ནི་མ་རབས་ཤིག་རེད
ངས་དུ་བ་སེམས་ཀྱིས་འཐེན་པ་ཡིན

དག་དག་བརྩེ་དུང་གིས་གཙེས་ཀྱིན་འདུག
དེའང་ཁྱོད་ཀྱི་མི་ཤོད་པའི་སྐད་ཆ་ཞིག་གི་ཕྱི་ནང་རེད

ན་གཞོན་གཡུ་རྣ་ཅན་ཞིག་གིས་དུ་བ་ཨེ་ཡོད་ཅེས་དྲིས་སོང་
དུ་བ་དང་ཆང་ནི      སྐྱོ་གཞས་ཤིག་རེད
ཉེས་པ་ལྕི་བའི་ཆུ་དང་དུད་ཅིག་རེད
མཛའ་མོའི་སེམས་སུ་མི་འགྲོ་བའི་ལྕགས་ཀྱི་ཟམ་པ་ཞིག་རེད

བར་སྐབས་འདིར་
སེམས་ཚེགས་ཀྱི་ཁ་འཐེན་པར་བྱེད
           2020/10/4
                  སྐད་ཆ་བཟི་བོ།

བློས་མི་ཐོངས་པའི་སྐད་ཆ་ཞིག་བཤད་དེ
ངོ་ཤེས་སུ་གྱུར    མི་ལ་ཆ་མེད     སྐད་ཆར་རྒྱུས་མེད
སྐད་ཆའི་འགན་སུས་ཁུར    དོན་དམ་པར
སྐད་ཆ་བཟི་རོ་དེས་གནས་ལུགས་ཀྱི་རྒྱབ་ལྗོངས་ཤེས་སུ་བཅུག

མེ་ལོང་ནང་ལ་ཤར་བ་དེ་ཁྱོད་མ་རེད
ཁྱོད་ནི་སྲིད་པ་འདིའི་པང་ཁུག་ན་ཉིན་ཉལ་མཚན་ལངས་བྱས་ནས་འགྲོ་མཁན་དེ་རེད
ཆང་གིས་ཡང་ཡང་བཟི་བའི་སྐད་ཆ་ལྡབ་ལྡིབ་སྨྲ་ཤེས་མཁན་དེ་རེད

ཧེ ཡུལ་ལ་སོང་ན་ཆུང་མར་མ་རྡུང་གོ
ཁྱོད་བཟི་འདུག     
          2020/10/3
 
             འཁོར་བ་རྫབ་ངན།

ཡིད་ཀྱིས་བཞེངས་པའི་འཁོར་བ
འཁོར་བ་རྫབ་ངན

རླུང་བུ་འཇམ་པོ་དང་ཁ་བ་དཀར་པོ
སྐད་ཆ་འདང་ཆེན་དང་སྣ་བ་བསོར་མོ
ཡིད་ཀྱིས་བཞེངས་པའི་འཁོར་བ་རེད

འཁོར་བ་དེ་ན
རྒྱུ་འབྱོར་གྱི་རྫོང་བ་མེད   ཁ་གཡང་གིས་སྣ་ཐག་མེད
འོན་ཀྱང་འཁོར་བ་དེ་ན་དགའ་དུང་ཡོད   བདེ་སྐྱིད་མོད
རྒྱུ་འབྱོར་དང་ཁ་གཡང་འབུམ་ཕྲག་གིས་མི་ཁུག་པའི་
བརྩེ་དུང་གི་བདུད་རྩི་གྱ་ནོམ་པ་ཞིག་ཡོད
            2020/10/4

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྱོད་ལ་ཐུགས་ཁག་མི་འདུག(ཞར་བཀོད་གཉིས་ཡོད)

2021-06-26 བྱེ་བ་འབུམ།(གསེར་རྟ) ཀློག་གྲངས། མཆན ཡོད།
དུ་བ་འཐེན་ནའང་སེམས་ཁམས་ལ་རྨ་ཡང་ཡང་བཟོ
གླུ་གཞས་བཏང་ནའང་གཞས་ཚིག་གིས་ང་རང་དུར་ཁྲོད་དུ་བསྐྱལ
དུ་བ་འཐེན་པ་ནི་མ་རབས་ཤིག་རེད
ངས་དུ་བ་སེམས་ཀྱིས་འཐེན་པ་ཡིན

དག་དག་བརྩེ་དུང་གིས་གཙེས་ཀྱིན་འདུག
དེའང་ཁྱོད་ཀྱི་མི་ཤོད་པའི་སྐད་ཆ་ཞིག་གི་ཕྱི་ནང་རེད

ན་གཞོན་གཡུ་རྣ་ཅན་ཞིག་གིས་དུ་བ་ཨེ་ཡོད་ཅེས་དྲིས་སོང་
དུ་བ་དང་ཆང་ནི      སྐྱོ་གཞས་ཤིག་རེད
ཉེས་པ་ལྕི་བའི་ཆུ་དང་དུད་ཅིག་རེད
མཛའ་མོའི་སེམས་སུ་མི་འགྲོ་བའི་ལྕགས་ཀྱི་ཟམ་པ་ཞིག་རེད

བར་སྐབས་འདིར་
སེམས་ཚེགས་ཀྱི་ཁ་འཐེན་པར་བྱེད
           2020/10/4
                  སྐད་ཆ་བཟི་བོ།

བློས་མི་ཐོངས་པའི་སྐད་ཆ་ཞིག་བཤད་དེ
ངོ་ཤེས་སུ་གྱུར    མི་ལ་ཆ་མེད     སྐད་ཆར་རྒྱུས་མེད
སྐད་ཆའི་འགན་སུས་ཁུར    དོན་དམ་པར
སྐད་ཆ་བཟི་རོ་དེས་གནས་ལུགས་ཀྱི་རྒྱབ་ལྗོངས་ཤེས་སུ་བཅུག

མེ་ལོང་ནང་ལ་ཤར་བ་དེ་ཁྱོད་མ་རེད
ཁྱོད་ནི་སྲིད་པ་འདིའི་པང་ཁུག་ན་ཉིན་ཉལ་མཚན་ལངས་བྱས་ནས་འགྲོ་མཁན་དེ་རེད
ཆང་གིས་ཡང་ཡང་བཟི་བའི་སྐད་ཆ་ལྡབ་ལྡིབ་སྨྲ་ཤེས་མཁན་དེ་རེད

ཧེ ཡུལ་ལ་སོང་ན་ཆུང་མར་མ་རྡུང་གོ
ཁྱོད་བཟི་འདུག     
          2020/10/3
 
             འཁོར་བ་རྫབ་ངན།

ཡིད་ཀྱིས་བཞེངས་པའི་འཁོར་བ
འཁོར་བ་རྫབ་ངན

རླུང་བུ་འཇམ་པོ་དང་ཁ་བ་དཀར་པོ
སྐད་ཆ་འདང་ཆེན་དང་སྣ་བ་བསོར་མོ
ཡིད་ཀྱིས་བཞེངས་པའི་འཁོར་བ་རེད

འཁོར་བ་དེ་ན
རྒྱུ་འབྱོར་གྱི་རྫོང་བ་མེད   ཁ་གཡང་གིས་སྣ་ཐག་མེད
འོན་ཀྱང་འཁོར་བ་དེ་ན་དགའ་དུང་ཡོད   བདེ་སྐྱིད་མོད
རྒྱུ་འབྱོར་དང་ཁ་གཡང་འབུམ་ཕྲག་གིས་མི་ཁུག་པའི་
བརྩེ་དུང་གི་བདུད་རྩི་གྱ་ནོམ་པ་ཞིག་ཡོད
            2020/10/4

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།