མགར་དམག་གི་སྙན་ངག་གསར་པ། 《མིང་མེད》

མགར་དམག(མཛོད་དགེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-26
ལུས་པོ་འདི་ཡོངས་སུ་དོར་རྗེས
ངས་རང་ཉིད་ལ་ལྟོགས་སྐོམ་དང་གྲང་འཁྱག་ཁོ་ན་སྦྱིན་འདོད
དེ་ནི་སྨོན་ལམ་འདེབས་སྟངས་ཤིག་ཡིན
མཚམས་རེར་གཟུགས་ཀྱི་ཡ་ཡོ་ལས་རླབས་ཆེན་གྱི་རོལ་དབྱངས་གྲུབ་ཅིང
རོལ་དབྱངས་ལས་འདས་པའི་གཙང་བོ་བརྒལ
མིག་ཆུ་སྐམ་པ་ནི་དུས་ཚོད་ཀྱིས་གདུང་བས་ཡིན་སྟབས
སྨྲ་བ་འགག་པའི་སྒྱུ་རྩལ་གྱི་འཚོ་བ་ཕྲ་ཞིང་ཞིབ་པར་གྱུར
ལམ་འགྲོ་བ་ཞིག་ལ་སྙིང་གཏམ་ཟོ་གང་བྱོས་རྗེས
ཚེ་སྲོག་གི་ངོ་བོ་དཀར་ཞིང་གཙང་བར་གྱུར
ཆོབ་ཚ་བའི་མྱོང་བ་རེ་རེའི་རྗེས་སུ་བློས་གཏོང་ལ་སེར་སྣ་མ་སྐྱེས
-རླབས་ཆེ་བའི་རྣམ་ཤེས་ལགས-
ང་ལ་གོམ་གང་ཕྱོགས་ཤིག      ཀྱེ
ཤི་བའི་རྗེས་སུ
ངའི་བག་ཆགས་རྩྭ་རྩེ་ནས་སད་པར་འགྱུར་ངེས

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མགར་དམག་གི་སྙན་ངག་གསར་པ། 《མིང་མེད》

2021-06-26 མགར་དམག(མཛོད་དགེ) ཀློག་གྲངས། མཆན ཡོད།
ལུས་པོ་འདི་ཡོངས་སུ་དོར་རྗེས
ངས་རང་ཉིད་ལ་ལྟོགས་སྐོམ་དང་གྲང་འཁྱག་ཁོ་ན་སྦྱིན་འདོད
དེ་ནི་སྨོན་ལམ་འདེབས་སྟངས་ཤིག་ཡིན
མཚམས་རེར་གཟུགས་ཀྱི་ཡ་ཡོ་ལས་རླབས་ཆེན་གྱི་རོལ་དབྱངས་གྲུབ་ཅིང
རོལ་དབྱངས་ལས་འདས་པའི་གཙང་བོ་བརྒལ
མིག་ཆུ་སྐམ་པ་ནི་དུས་ཚོད་ཀྱིས་གདུང་བས་ཡིན་སྟབས
སྨྲ་བ་འགག་པའི་སྒྱུ་རྩལ་གྱི་འཚོ་བ་ཕྲ་ཞིང་ཞིབ་པར་གྱུར
ལམ་འགྲོ་བ་ཞིག་ལ་སྙིང་གཏམ་ཟོ་གང་བྱོས་རྗེས
ཚེ་སྲོག་གི་ངོ་བོ་དཀར་ཞིང་གཙང་བར་གྱུར
ཆོབ་ཚ་བའི་མྱོང་བ་རེ་རེའི་རྗེས་སུ་བློས་གཏོང་ལ་སེར་སྣ་མ་སྐྱེས
-རླབས་ཆེ་བའི་རྣམ་ཤེས་ལགས-
ང་ལ་གོམ་གང་ཕྱོགས་ཤིག      ཀྱེ
ཤི་བའི་རྗེས་སུ
ངའི་བག་ཆགས་རྩྭ་རྩེ་ནས་སད་པར་འགྱུར་ངེས

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།