མོ་རྐྱང་ཞིག་རེད་ཟེར།(ཞར་བཀོད་གཉིས་ཡོད)

ཙ་རྡེའུ་ནག(བླ་བྲང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-07-25
མོས་ཟང་ཟིང་གི་ལྭ་བ་ཞིག་གྱོན་ཞིང
ལྭ་བའི་ཁ་དོག་གི་སྲུབས་སུ
ལྕགས་ཀྱི་སྲད་བུ་བརྒྱུས་པའི
སྦྲུམ་འགོག་ཨ་ལོང་ཞིག་སྦས

མོའི་སེམས་པ   པད་རྫིང་ནང་ལ་མེ་སྟག་ཅིག་ལྷུང་བ་ལྟར      
ལུས་པོའི་ཕྱི་ལ་ཤོར་འདུག་ཀྱང
རང་གི་བུམ་པའི་ནང་དུ་མེ་ཏོག་ཅིག་ཡོད་ཤག་བྱས་ནས
གླིང་ཀ་གཏོང་བར་བྲེལ

ས་གདན་སྟེང་དུ་དུག་སྦྲུལ་ལྟར་འཁྲིལ་བའི་གྲིབ་མ་དག་གིས
མོའི་འཛུམ་མདངས་མུར་ཞིང
ཤུལ་དུ་སྤྲིན་པ་ཕོན་པོ་འགའ་བསྐྱུགས

མོའི་འཇོ་སྒེག་གིས་འབྲོང་རྭ་བཀུག་མྱོང་ལ
བོའུ་མཆུའི་ནང་གི་དུས་ཚོད་ཀྱི་མདེའུ་ཡང་བཟུང་མྱོང་ཟེར

མོ   མོ་རྐྱང་ཞིག་རེད་ཟེར
          2021.7.17

སྙན་ངག་གི་སྐར་མདའ་ལྷུང་བ།

མཚན་སྨག་གིས་ཉིན་གཅིག་གི་འུར་ཟིང་གི་རྫ་བུམ
ཧྲུག་གེར་བཅག་རྗེས
རྫ་བུམ་གྱི་ནམ་མཁར་འབྱར་བའི་ངལ་དུབ་ཀྱང
ཝུ་བ་གཉིས་འཕྲད་པ་ལྟར་དུ་བསྲེས

བྱ་བ་ལ་ལ་ནི་མེ་ལ་ཤོར་བ་བཞིན་
ཤ་སྐྱིའི་བར་དུ་བཞད་པའི་མེ་ཏོག་འཚིག་ནའང
ལན་རེར  རླབས་ཞི་བའི་རྒྱ་མཚོ་ཞིག་ལྟར
ང་རྒྱལ་གྱིས་ཤོག་བུ་ཞིག་ཀྱང་གཤག་མི་ཐུབ

འཚོ་བའི་ཁྲོད་ཀྱི་ཅ་ལག་རེ་འགའ་རྙིང་བར་གྱུར་ཞིང
དེ་རིང་གི་ཉི་མ་ཡང་སྦྲང་མ་ཤི་བོ་ཞིག་དང་མཉམ་དུ་
མཚན་སྨག་གི་ལྡུམ་རའི་ནང་དུ་ལྕེབས་ཟིན
             2021-4-27
               
མིའམ་ཅི།

མི་ནི་ནགས་ཚལ་ཞིག་ཡིན
པགས་པ་བཤུས་པའི་རི་དྭགས་སྐོར་ཞིག་གཉོར་ནས་ཡོད
ཤ་རུས་ཀྱིས་གྲུབ་པའི་ལྗོན་པའི་རྩེ་མོས
རི་དྭགས་རེ་རེ་ལ་བརྩེ་དུང་གི་རྨ་ཁ་བཟོ

མི་ནི་མེ་ལོང་ཞིག་ཡིན
ཟམ་པའི་ཐོག་གི་གཟུགས་བརྙན་དག་ཆུ་ནང་དུ་གཏོར་ནས་ཡོད
གྲིབ་མའི་ནང་དུ་བཞུར་བའི་དུས་ཚོད་ཀྱི་ཆུ་མོས
ལང་ཚོའི་ཝུ་བ་རེ་རེ་བཞིན་བསུབས
             2021/4/4

རྩོམ་སྒྲིག་པ། ལྷ་སྐྱིད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མོ་རྐྱང་ཞིག་རེད་ཟེར།(ཞར་བཀོད་གཉིས་ཡོད)

2021-07-25 ཙ་རྡེའུ་ནག(བླ་བྲང) ཀློག་གྲངས། མཆན ཡོད།
མོས་ཟང་ཟིང་གི་ལྭ་བ་ཞིག་གྱོན་ཞིང
ལྭ་བའི་ཁ་དོག་གི་སྲུབས་སུ
ལྕགས་ཀྱི་སྲད་བུ་བརྒྱུས་པའི
སྦྲུམ་འགོག་ཨ་ལོང་ཞིག་སྦས

མོའི་སེམས་པ   པད་རྫིང་ནང་ལ་མེ་སྟག་ཅིག་ལྷུང་བ་ལྟར      
ལུས་པོའི་ཕྱི་ལ་ཤོར་འདུག་ཀྱང
རང་གི་བུམ་པའི་ནང་དུ་མེ་ཏོག་ཅིག་ཡོད་ཤག་བྱས་ནས
གླིང་ཀ་གཏོང་བར་བྲེལ

ས་གདན་སྟེང་དུ་དུག་སྦྲུལ་ལྟར་འཁྲིལ་བའི་གྲིབ་མ་དག་གིས
མོའི་འཛུམ་མདངས་མུར་ཞིང
ཤུལ་དུ་སྤྲིན་པ་ཕོན་པོ་འགའ་བསྐྱུགས

མོའི་འཇོ་སྒེག་གིས་འབྲོང་རྭ་བཀུག་མྱོང་ལ
བོའུ་མཆུའི་ནང་གི་དུས་ཚོད་ཀྱི་མདེའུ་ཡང་བཟུང་མྱོང་ཟེར

མོ   མོ་རྐྱང་ཞིག་རེད་ཟེར
          2021.7.17

སྙན་ངག་གི་སྐར་མདའ་ལྷུང་བ།

མཚན་སྨག་གིས་ཉིན་གཅིག་གི་འུར་ཟིང་གི་རྫ་བུམ
ཧྲུག་གེར་བཅག་རྗེས
རྫ་བུམ་གྱི་ནམ་མཁར་འབྱར་བའི་ངལ་དུབ་ཀྱང
ཝུ་བ་གཉིས་འཕྲད་པ་ལྟར་དུ་བསྲེས

བྱ་བ་ལ་ལ་ནི་མེ་ལ་ཤོར་བ་བཞིན་
ཤ་སྐྱིའི་བར་དུ་བཞད་པའི་མེ་ཏོག་འཚིག་ནའང
ལན་རེར  རླབས་ཞི་བའི་རྒྱ་མཚོ་ཞིག་ལྟར
ང་རྒྱལ་གྱིས་ཤོག་བུ་ཞིག་ཀྱང་གཤག་མི་ཐུབ

འཚོ་བའི་ཁྲོད་ཀྱི་ཅ་ལག་རེ་འགའ་རྙིང་བར་གྱུར་ཞིང
དེ་རིང་གི་ཉི་མ་ཡང་སྦྲང་མ་ཤི་བོ་ཞིག་དང་མཉམ་དུ་
མཚན་སྨག་གི་ལྡུམ་རའི་ནང་དུ་ལྕེབས་ཟིན
             2021-4-27
               
མིའམ་ཅི།

མི་ནི་ནགས་ཚལ་ཞིག་ཡིན
པགས་པ་བཤུས་པའི་རི་དྭགས་སྐོར་ཞིག་གཉོར་ནས་ཡོད
ཤ་རུས་ཀྱིས་གྲུབ་པའི་ལྗོན་པའི་རྩེ་མོས
རི་དྭགས་རེ་རེ་ལ་བརྩེ་དུང་གི་རྨ་ཁ་བཟོ

མི་ནི་མེ་ལོང་ཞིག་ཡིན
ཟམ་པའི་ཐོག་གི་གཟུགས་བརྙན་དག་ཆུ་ནང་དུ་གཏོར་ནས་ཡོད
གྲིབ་མའི་ནང་དུ་བཞུར་བའི་དུས་ཚོད་ཀྱི་ཆུ་མོས
ལང་ཚོའི་ཝུ་བ་རེ་རེ་བཞིན་བསུབས
             2021/4/4

རྩོམ་སྒྲིག་པ། ལྷ་སྐྱིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།