《ལུག་འཚོ་བའི་བུ་མོ》སོགས་སྙན་ངག་ཚན་པ་བཞི།

དབྱངས་གསལ་མེ་ཏོག(ནག་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-09


དབྱངས་གསལ་མེ་ཏོག མིང་དངོས་ལ་སྐལ་བཟང་སྒྲོལ་མ་ཞེས་འབོད། རང་གི་ཕ་སྐད་ལ་དགའ་བའི་བུ་མོ་ཆུང་ཆུང་ཞིག་ཡིན།

ལུག་འཚོ་བའི་བུ་མོ།

ལུག་འཚོ་བའི་བུ་མོ་ཞིག
མོས་བརྩེ་དུང་གང་ནས་ཤེས།
ཉིན་གང་བོར་ལུག་ཁྱུ་དེད་ནས་རྒྱུགས།
ལུག་འཚོ་བའི་བུ་མོ་ཞིག
མོས་འཆར་ཡན་གང་ནས་ཤེས།
ཉིན་གང་བོར་སྤྱང་ཀི་འགོག་པར་བསམ་བློ་བཏང་།
ལུག་འཚོ་བའི་བུ་མོ་ཞིག
མོས་མཛའ་བརྩེ་གང་ནས་ཤེས།
ལོ་ཧྲིལ་པོར་སྔ་ལངས་འཕྱི་ལོག་བྱས།
ལུག་འཚོ་བའི་བུ་མོ་ཞིག
ཁོང་མོས་སྤྱི་ཚོགས་ཀྱི་མཐོང་རྒྱ་གང་ནས་ཤེས།
མི་རབས་ཧྲིལ་པོ་རི་བོ་ཞིག་ལ་ཁ་གཏད་ཡོད།
           2019/12/13ཉིན།
ལམ།

ལས་ཀར་འགྲོ་བའི་ལམ།
སྣེ་གཅིག་ནི་མཚོ་ཁུག་རེད།
ཕྱོགས་གཅིག་ནི་གར་སྟེགས་ཡིན།

ལས་ཀར་འགྲོ་བའི་ལམ།
སྣེ་གཅིག་ནི་གཉེན་ཉེ་ཡིན།
སྣེ་གཅིག་ནི་འཐབ་གྲོགས་ཡིན།

ལས་ཀར་འགྲོ་བའི་ལམ།
ཕྱོགས་གཅིག་ནི་སོ་ལྟ་ཡིན།
ཕྱོགས་གཅིག་ནི་རེ་བ་ཡིན།

ལས་ཀར་འགྲོ་བའི་ལམ།
ཕྱོགས་གཅིག་ནི་འཚོ་བ་རེད།
ཕྱོགས་གཅིག་ནི་བརྩེ་སེམས་ཡིན།

ལས་ཀར་འགྲོ་བའི་ལམ།
ཧ་ཅང་ཐུང་།
ཡང་ཧ་ཅང་རིང་།
      ༢༠༢༡/༤/༡༠ཉིན།
སྦྲང་མ་དང་མེ་ཏོག

སྟོན་མགོ་ཚུགས་སོང་།
སྦྲང་མ་ཁུ་སིམ་མེར་རྒྱང་ལ་འཕུར་སོང་།

སྦྲང་མ་འཕུར་རྗེས།
མེ་ཏོག་གིས་སྦྲང་མ་དྲན།

སྦྲང་མ་དྲན་དུས།
མེ་ཏོག་གིས།
ད་གཟོད་རང་ཉིད་ཁེར་རྐྱང་ཡིན་པ་ཚོར།
        2020/8/21ཉིན
ངའི་སྙན་ངག

ངའི་སྙན་ངག་ཧ་ཅང་ཆུང་།
མི་ཅི་ཡང་སྐྱོབ་མི་ཐུབ།
མི་སུ་ལའང་གནོད་པ་མི་བྱེད།
གཡས་གཡོན་གང་ཡང་བྱེད་མི་ཐུབ།

ངའི་སྙན་ངག་ཧ་ཅང་ཆུང་།
དེ་ཅི་འདྲའི་རླབས་ཆེན་ཞིག་ཡིན་པར་བསམ་བློ་བཏང་མ་མྱོང་།
འོན་ཀྱང་དེ་ལ་འབག་བཙོག་བཟོ་རྩིས་བྱེད་པའི་མི་དེ་དག་ལ་མགོ་སྒུར་མི་སྲིད།

ངའི་སྙན་ངག
ད་རུང་རང་ཚོད་ཟིན་པར་བརྩི།
རྒྱུན་དུ།
བརྩེ་བའི་ནང་ནས་ཁ་རོག་གེར་སྡང་སྲིད།
སྡང་བའི་ནང་དུ་ཡང་ཁ་རོག་གེར་དགའ་བཞིན་ཡོད།

ངའི་སྙན་ངག
མང་ཆེ་བ་ནི་སྡུག་བསྔལ་རེད།
དེ་ལ་ལྷག་ཏུ་མདེའུ་ཞིག་དགོས།
མེ་ལྕེ་དྲག་པོ་ཞིག་དགོས།

ངའི་སྙན་ངག
མི་གཅིག་གི་ཡོད་ཚད་ཡིན།
ཤོག་ངོས་གཅིག་གི་འཚོ་བའི་དཀར་ཆག
ནང་དུ་དཔྱིད་ཀའི་འཛེམ་བྱ་ཡོད།
དགའ་སྐྱོ་ཡོད་ཚད་ཡོད།
      ༢༠༢༠/༣/༡༢ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《ལུག་འཚོ་བའི་བུ་མོ》སོགས་སྙན་ངག་ཚན་པ་བཞི།

2021-10-09 དབྱངས་གསལ་མེ་ཏོག(ནག་ཆུ) ཀློག་གྲངས། མཆན ཡོད།


དབྱངས་གསལ་མེ་ཏོག མིང་དངོས་ལ་སྐལ་བཟང་སྒྲོལ་མ་ཞེས་འབོད། རང་གི་ཕ་སྐད་ལ་དགའ་བའི་བུ་མོ་ཆུང་ཆུང་ཞིག་ཡིན།

ལུག་འཚོ་བའི་བུ་མོ།

ལུག་འཚོ་བའི་བུ་མོ་ཞིག
མོས་བརྩེ་དུང་གང་ནས་ཤེས།
ཉིན་གང་བོར་ལུག་ཁྱུ་དེད་ནས་རྒྱུགས།
ལུག་འཚོ་བའི་བུ་མོ་ཞིག
མོས་འཆར་ཡན་གང་ནས་ཤེས།
ཉིན་གང་བོར་སྤྱང་ཀི་འགོག་པར་བསམ་བློ་བཏང་།
ལུག་འཚོ་བའི་བུ་མོ་ཞིག
མོས་མཛའ་བརྩེ་གང་ནས་ཤེས།
ལོ་ཧྲིལ་པོར་སྔ་ལངས་འཕྱི་ལོག་བྱས།
ལུག་འཚོ་བའི་བུ་མོ་ཞིག
ཁོང་མོས་སྤྱི་ཚོགས་ཀྱི་མཐོང་རྒྱ་གང་ནས་ཤེས།
མི་རབས་ཧྲིལ་པོ་རི་བོ་ཞིག་ལ་ཁ་གཏད་ཡོད།
           2019/12/13ཉིན།
ལམ།

ལས་ཀར་འགྲོ་བའི་ལམ།
སྣེ་གཅིག་ནི་མཚོ་ཁུག་རེད།
ཕྱོགས་གཅིག་ནི་གར་སྟེགས་ཡིན།

ལས་ཀར་འགྲོ་བའི་ལམ།
སྣེ་གཅིག་ནི་གཉེན་ཉེ་ཡིན།
སྣེ་གཅིག་ནི་འཐབ་གྲོགས་ཡིན།

ལས་ཀར་འགྲོ་བའི་ལམ།
ཕྱོགས་གཅིག་ནི་སོ་ལྟ་ཡིན།
ཕྱོགས་གཅིག་ནི་རེ་བ་ཡིན།

ལས་ཀར་འགྲོ་བའི་ལམ།
ཕྱོགས་གཅིག་ནི་འཚོ་བ་རེད།
ཕྱོགས་གཅིག་ནི་བརྩེ་སེམས་ཡིན།

ལས་ཀར་འགྲོ་བའི་ལམ།
ཧ་ཅང་ཐུང་།
ཡང་ཧ་ཅང་རིང་།
      ༢༠༢༡/༤/༡༠ཉིན།
སྦྲང་མ་དང་མེ་ཏོག

སྟོན་མགོ་ཚུགས་སོང་།
སྦྲང་མ་ཁུ་སིམ་མེར་རྒྱང་ལ་འཕུར་སོང་།

སྦྲང་མ་འཕུར་རྗེས།
མེ་ཏོག་གིས་སྦྲང་མ་དྲན།

སྦྲང་མ་དྲན་དུས།
མེ་ཏོག་གིས།
ད་གཟོད་རང་ཉིད་ཁེར་རྐྱང་ཡིན་པ་ཚོར།
        2020/8/21ཉིན
ངའི་སྙན་ངག

ངའི་སྙན་ངག་ཧ་ཅང་ཆུང་།
མི་ཅི་ཡང་སྐྱོབ་མི་ཐུབ།
མི་སུ་ལའང་གནོད་པ་མི་བྱེད།
གཡས་གཡོན་གང་ཡང་བྱེད་མི་ཐུབ།

ངའི་སྙན་ངག་ཧ་ཅང་ཆུང་།
དེ་ཅི་འདྲའི་རླབས་ཆེན་ཞིག་ཡིན་པར་བསམ་བློ་བཏང་མ་མྱོང་།
འོན་ཀྱང་དེ་ལ་འབག་བཙོག་བཟོ་རྩིས་བྱེད་པའི་མི་དེ་དག་ལ་མགོ་སྒུར་མི་སྲིད།

ངའི་སྙན་ངག
ད་རུང་རང་ཚོད་ཟིན་པར་བརྩི།
རྒྱུན་དུ།
བརྩེ་བའི་ནང་ནས་ཁ་རོག་གེར་སྡང་སྲིད།
སྡང་བའི་ནང་དུ་ཡང་ཁ་རོག་གེར་དགའ་བཞིན་ཡོད།

ངའི་སྙན་ངག
མང་ཆེ་བ་ནི་སྡུག་བསྔལ་རེད།
དེ་ལ་ལྷག་ཏུ་མདེའུ་ཞིག་དགོས།
མེ་ལྕེ་དྲག་པོ་ཞིག་དགོས།

ངའི་སྙན་ངག
མི་གཅིག་གི་ཡོད་ཚད་ཡིན།
ཤོག་ངོས་གཅིག་གི་འཚོ་བའི་དཀར་ཆག
ནང་དུ་དཔྱིད་ཀའི་འཛེམ་བྱ་ཡོད།
དགའ་སྐྱོ་ཡོད་ཚད་ཡོད།
      ༢༠༢༠/༣/༡༢ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།