ཤོག་བྱ།(ཞར་བཀོད་བཞི་ཡོད)

ཆོས་ཤུལ་གསང་བདག(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-11

ཤོག་བྱ་ཞིག་དགུང་ལ་སྤུར
སྐུད་པའི་སྣེ་རུ་ཅེར་ཏེ
སྣང་བ་རླུང་ལ་བསྡེབས

གཞན་གྱི་སྐུད་སྣེ་རུ་རྩེན་པའི
སྣང་བ་རྩེ་ལ་དགོད་དེ
སྐབས་རེར་འཆར་ལ
ལན་རེར་ནུབ་པར་བརྩམས

ཁ་རླངས་ལ་དུག་དྲི་འདྲེས་པའི
ཚོང་འདུས་མགྲོན་པོ་དག་གི་ངོ་གདོང་ལས
དར་གཅིག་འོག་གི་ཁྱོད་རང་མཐོང
ལམ་གཅིག་སྙེག་པའི་གཞན་དག་མངོན་ཙམ

རང་གིས་སྤུར་པའི་ཡིག་འབྲུ་དག་ལས
མེ་ལྕེ་ཞིག་མཆེད་པར་བརྩམས་ལ
མིང་ཡིག་རྫུན་མ་དག་ཀྱང་རྗེན་པར་བཏོན

ས་སྲོད་ཀྱི་ཐག་པ་ཕྲ་མོ་འཆད་ལ་ཉེ
ཉི་ནུབ་ཀྱི་མཚམས་སྤྲིན་དམར་སེར་ཡལ་ལ་ཉེ
ཁུ་སིམ་མེར་ཤོག་བྱ་སྤུར་བར་ཅེར
འཇམ་ཅག་གེར་སྐུད་པའི་སྣེ་མོར་འཇུས
       ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༠དགོང་མོར་རང་ཤག་ཏུ་སྦྱར།

རྨི་ལམ་གྱི་གར་མ།

ཆང་ཕོར་གང་ཁྱེད་ལ་བཏེགས
ཁྱེད་ཀྱི་ཞབས་ལ་གཏུགས
སང་ཉིན་ལམ་དུ་འབུད་དུས
ང་ཡི་རལ་གྲི་ཁྱེར་ཤོག
ལོ་ལྔ་བཅུར་བསྙལ་བའི་ཆང་དེ་ཁྱེར་ཤོག

ཕྱི་མ་རུ་ཁ་བརྡ་གློད་ཆོག་པའི
གླིང་ག་གཏོང་ཆོག་པའི
ཆང་ས་བརྒྱབ་ཆོག་པའི
སྨད་འཚོང་མ་དེའང
ཁྲིད་ཤོག

ངས་དམྱལ་ཁམས་སུ་ལོངས་སྤྱོད་ཆོག་པ་དེ་དག
ད་ལྟ་ཉིད་དུ་ཆང་ཕོར་ནང་ལྡུག་ཆོག
དུ་བ་ཁམ་གང་དུ་དྲང་ཆོག
            ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༧ཉིན་སྦྱར།

སྐམ་ཐན་གྱི་ཡུལ་ལྗོངས།

ང་ཡིས་ལྷ་ལ་ཕུལ་བའི་གསེར་དངུལ་དག་གིས
འཕྲང་རིང་ག་ཚོད་ཅིག་བརྒལ་ཐུབ
དབུལ་ཕོངས་ཀྱི་མགོ་བོ་འདི་གཅོད་པར
ཧམ་པ་མེ་ལ་སྒྲོན་ཆོག་པར་ཞུ

ལག་ཟུང་གིས་དམ་པོར་བསྡམས་པའི
སྐྱེ་འཆིའི་ཐག་སྣེ་གཉིས་ག
མར་ནས་མར་ལ་དྲུད་པར་བྱས་འོང
ལྷ་བླ་མའི་ཕྱག་ཟུང་གང་དུ་ཡོད

སྐམ་ཐན་གྱིས་བཟུང་བའི
བཀྲེས་སྐོམ་གྱིས་མནར་བའི
ཡི་དྭགས་སྐོར་ཞིག
མིག་མདུན་དུ་ཡང་དང་བསྐྱར་དུ་མངོན་འོང་དོན་ཅི་ཡིན
     ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༩ཉིན་གུར་ཁོག་ཏུ་སྦྱར།

སིལ་བུར་འཐོར་བའི་ཐ་སྙད་འགའ།

དུར་ས་རྐོ་བར་རྔམ་མི་དགོས
མཆོད་མེ་འཇོག་པར་བྲེལ་མི་དགོས
སང་གི་ཉི་མ་མཐོང་མ་ཐུབ་དུས
ཁྱོད་ལ་དུར་ས་སྔོག་མཁན་ཡོད
མཆོད་མེ་འཇོག་མཁན་ཡོད
གྲ་སྒྲིག་མི་དགོས་པ་ཞིག་ལ་རེམ་ནས་ཅི་བྱ

ལམ་གྱི་སྣེ་མོ་རྒྱང་ལ་འཐེན་ཡོད
འཛད་མཐའ་མེད་པའི་ལམ་རེ་རེའི་སྣེ་མོ
མཛེས་སྡུག་གི་ལོངས་སྤྱོད་ཅིག་ཡིན
མཁའ་དབྱིངས་ཀྱི་ཟླ་བ་འདྲ་བའི
དཀར་ལ་གསལ་ཆ་ཅན་དག་གིས
ཁྱོད་ཀྱིས་མཐོང་མ་མྱོང་བའི་ས་གཞི་དང་ནམ་མཁའ་རྙེད་སྲིད
ཁྱོད་ཀྱིས་ལག་ཟུང་མ་བསྲིང་ཐབས་མེད་དུ་གཏང་སྲིད

བར་སྣང་ནི་མཐའ་དང་བྲལ
རྨི་ལམ་ནི་རིང་ནས་རིང་དུ་བསྲིང་ཆོག་ཨང
             ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༢༡དགོང་མོར་རང་ཤག་ཏུ་སྦྱར།
                 
འཁྲུལ་བའི་གར།

ལག་པ་ཟུང་གྲང་ངར་གྱིས་བསྡམས
ཆབ་རོམ་སྒང་དུ་བརྡར་བའི
སིལ་བུར་འཐོར་བའི་སྒྲ་དག་ལས
སྟོན་ཁ་ཞིག་གཅེར་བུར་ཕུད

ཁ་རླངས་འཐིབས་པའི་གཞོགས་གཉིས་སུ
ཆུ་ཐིགས་པ་རེ་རེ་དལ་བུར་འཛགས་འོང
ཞེ་སྡང་གི་སྡེར་མོ་དབྲད་པའི
མཆེ་སྡེར་མེ་ལྕེ་ལྟར་མཆེད
ཡུལ་ལྗོངས་མི་གཅིག་པ་དག
མཐའ་མཇུག་གི་རྨི་ལམ་དུ་ལྷུང

ས་གཞི་སྙོམས་ཐབས་བྲལ་བ་དེ་དག
མི་སེམས་ཀྱི་ཁུར་མོང་དང་འདྲེས་རྗེས
སླར་ཡང་ཕ་ཡུལ་ཞེས་འཚོལ་རྒྱུ་ཞིག་ཡོད་དམ
   ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༢༤དགོང་མོར་གུར་ཁོག་ཏུ་སྦྱར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཤོག་བྱ།(ཞར་བཀོད་བཞི་ཡོད)

2021-11-11 ཆོས་ཤུལ་གསང་བདག(རྨ་ཆུ) ཀློག་གྲངས། མཆན ཡོད།

ཤོག་བྱ་ཞིག་དགུང་ལ་སྤུར
སྐུད་པའི་སྣེ་རུ་ཅེར་ཏེ
སྣང་བ་རླུང་ལ་བསྡེབས

གཞན་གྱི་སྐུད་སྣེ་རུ་རྩེན་པའི
སྣང་བ་རྩེ་ལ་དགོད་དེ
སྐབས་རེར་འཆར་ལ
ལན་རེར་ནུབ་པར་བརྩམས

ཁ་རླངས་ལ་དུག་དྲི་འདྲེས་པའི
ཚོང་འདུས་མགྲོན་པོ་དག་གི་ངོ་གདོང་ལས
དར་གཅིག་འོག་གི་ཁྱོད་རང་མཐོང
ལམ་གཅིག་སྙེག་པའི་གཞན་དག་མངོན་ཙམ

རང་གིས་སྤུར་པའི་ཡིག་འབྲུ་དག་ལས
མེ་ལྕེ་ཞིག་མཆེད་པར་བརྩམས་ལ
མིང་ཡིག་རྫུན་མ་དག་ཀྱང་རྗེན་པར་བཏོན

ས་སྲོད་ཀྱི་ཐག་པ་ཕྲ་མོ་འཆད་ལ་ཉེ
ཉི་ནུབ་ཀྱི་མཚམས་སྤྲིན་དམར་སེར་ཡལ་ལ་ཉེ
ཁུ་སིམ་མེར་ཤོག་བྱ་སྤུར་བར་ཅེར
འཇམ་ཅག་གེར་སྐུད་པའི་སྣེ་མོར་འཇུས
       ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༠དགོང་མོར་རང་ཤག་ཏུ་སྦྱར།

རྨི་ལམ་གྱི་གར་མ།

ཆང་ཕོར་གང་ཁྱེད་ལ་བཏེགས
ཁྱེད་ཀྱི་ཞབས་ལ་གཏུགས
སང་ཉིན་ལམ་དུ་འབུད་དུས
ང་ཡི་རལ་གྲི་ཁྱེར་ཤོག
ལོ་ལྔ་བཅུར་བསྙལ་བའི་ཆང་དེ་ཁྱེར་ཤོག

ཕྱི་མ་རུ་ཁ་བརྡ་གློད་ཆོག་པའི
གླིང་ག་གཏོང་ཆོག་པའི
ཆང་ས་བརྒྱབ་ཆོག་པའི
སྨད་འཚོང་མ་དེའང
ཁྲིད་ཤོག

ངས་དམྱལ་ཁམས་སུ་ལོངས་སྤྱོད་ཆོག་པ་དེ་དག
ད་ལྟ་ཉིད་དུ་ཆང་ཕོར་ནང་ལྡུག་ཆོག
དུ་བ་ཁམ་གང་དུ་དྲང་ཆོག
            ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༧ཉིན་སྦྱར།

སྐམ་ཐན་གྱི་ཡུལ་ལྗོངས།

ང་ཡིས་ལྷ་ལ་ཕུལ་བའི་གསེར་དངུལ་དག་གིས
འཕྲང་རིང་ག་ཚོད་ཅིག་བརྒལ་ཐུབ
དབུལ་ཕོངས་ཀྱི་མགོ་བོ་འདི་གཅོད་པར
ཧམ་པ་མེ་ལ་སྒྲོན་ཆོག་པར་ཞུ

ལག་ཟུང་གིས་དམ་པོར་བསྡམས་པའི
སྐྱེ་འཆིའི་ཐག་སྣེ་གཉིས་ག
མར་ནས་མར་ལ་དྲུད་པར་བྱས་འོང
ལྷ་བླ་མའི་ཕྱག་ཟུང་གང་དུ་ཡོད

སྐམ་ཐན་གྱིས་བཟུང་བའི
བཀྲེས་སྐོམ་གྱིས་མནར་བའི
ཡི་དྭགས་སྐོར་ཞིག
མིག་མདུན་དུ་ཡང་དང་བསྐྱར་དུ་མངོན་འོང་དོན་ཅི་ཡིན
     ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༩ཉིན་གུར་ཁོག་ཏུ་སྦྱར།

སིལ་བུར་འཐོར་བའི་ཐ་སྙད་འགའ།

དུར་ས་རྐོ་བར་རྔམ་མི་དགོས
མཆོད་མེ་འཇོག་པར་བྲེལ་མི་དགོས
སང་གི་ཉི་མ་མཐོང་མ་ཐུབ་དུས
ཁྱོད་ལ་དུར་ས་སྔོག་མཁན་ཡོད
མཆོད་མེ་འཇོག་མཁན་ཡོད
གྲ་སྒྲིག་མི་དགོས་པ་ཞིག་ལ་རེམ་ནས་ཅི་བྱ

ལམ་གྱི་སྣེ་མོ་རྒྱང་ལ་འཐེན་ཡོད
འཛད་མཐའ་མེད་པའི་ལམ་རེ་རེའི་སྣེ་མོ
མཛེས་སྡུག་གི་ལོངས་སྤྱོད་ཅིག་ཡིན
མཁའ་དབྱིངས་ཀྱི་ཟླ་བ་འདྲ་བའི
དཀར་ལ་གསལ་ཆ་ཅན་དག་གིས
ཁྱོད་ཀྱིས་མཐོང་མ་མྱོང་བའི་ས་གཞི་དང་ནམ་མཁའ་རྙེད་སྲིད
ཁྱོད་ཀྱིས་ལག་ཟུང་མ་བསྲིང་ཐབས་མེད་དུ་གཏང་སྲིད

བར་སྣང་ནི་མཐའ་དང་བྲལ
རྨི་ལམ་ནི་རིང་ནས་རིང་དུ་བསྲིང་ཆོག་ཨང
             ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༢༡དགོང་མོར་རང་ཤག་ཏུ་སྦྱར།
                 
འཁྲུལ་བའི་གར།

ལག་པ་ཟུང་གྲང་ངར་གྱིས་བསྡམས
ཆབ་རོམ་སྒང་དུ་བརྡར་བའི
སིལ་བུར་འཐོར་བའི་སྒྲ་དག་ལས
སྟོན་ཁ་ཞིག་གཅེར་བུར་ཕུད

ཁ་རླངས་འཐིབས་པའི་གཞོགས་གཉིས་སུ
ཆུ་ཐིགས་པ་རེ་རེ་དལ་བུར་འཛགས་འོང
ཞེ་སྡང་གི་སྡེར་མོ་དབྲད་པའི
མཆེ་སྡེར་མེ་ལྕེ་ལྟར་མཆེད
ཡུལ་ལྗོངས་མི་གཅིག་པ་དག
མཐའ་མཇུག་གི་རྨི་ལམ་དུ་ལྷུང

ས་གཞི་སྙོམས་ཐབས་བྲལ་བ་དེ་དག
མི་སེམས་ཀྱི་ཁུར་མོང་དང་འདྲེས་རྗེས
སླར་ཡང་ཕ་ཡུལ་ཞེས་འཚོལ་རྒྱུ་ཞིག་ཡོད་དམ
   ཕྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༢༤དགོང་མོར་གུར་ཁོག་ཏུ་སྦྱར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།