༢༠༢༠(སྙན་ཚོམ)

ཟླ་བ་དང་པོ།

ལྕེ་རྩེར་མེ་འབར་བའི་འགྲུལ་པ་དེ།    ངེད་ཚང་གི་སྤུན་ཟླར་གྲགས།
ཁ་སྔོན་མུན་ནག་གི་འགག་འཕྲང་བརྒྱུད་ནས་ཡུལ་ངེས་མེད་ཉུལ་སོང་ཟེར།

ཁོས༡༩ལོའི་ལོ་མཇུག་ཏུ་འཁྱེར་ཡོང་བའི་ལེགས་སྐྱེས་དེ།
དྲི་མས་སྦགས་པའི་རུལ་མྱགས་ཀྱི་འོབས་དོང་ཞིག་ཡིན་པ་སུ་ལའང་ཆ་རྒྱུས་མེད།

ཁོས་རོགས་ཟླ་མང་པོ་མཉམ་དུ་ཁྲིད་ནས་ཕ་ཡུལ་དུ་ལོག་སོང་ཟེར།
ཁོས་ཕ་ཡུལ་གྱི་ས་སྟོང་གང་སར་ཁང་མིག་དཀར་པོ་མང་དག་ཅིག་བཞེངས་སོང་ཟེར།
                                        2020\1\26

ཟླ་བ་གཉིས་པ།

ལོ་ཟླས་སྐུལ་བའི་ཉེན་བརྡ་ཞིག    དངངས་སྐྲག་གིས་བསྡམས་པའི་རྣམ་ཤེས་ཤིག
རླུང་པོའི་མགུལ་དུ་འཁྱུད་ནས་ཡུལ་དུས་ཀྱི་ལམ་ལུགས་ཞིག་རལ་དུ་བཏང་།

རྨུ་ཐག་ཆད་ཤུལ་དུ།    ཡིག་འབྲུ་འགའ་ཤས་གཤིན་པོའི་དུར་བྱང་གི་སྟེང་དུ་འཁོད།
མྱ་ངན་ཞུ་མཁན་རྣམས།  མིག་ཆུའི་རྟོད་ཐག་ལ་ཁེན་ནས་ཕྱིར་འོང་ཐབས་བྲལ།

ཡིག་ཚང་གི་གསེབ་ཏུ་ལུས་སོང་བའི་འུ་ཐུག་གི་ཁ་ཆེམས་ཚིག་གསུམ།
གཤིན་པོའི་མགྲིན་པ་རུ་ཉར་ནས་སྨྲ་བརྗོད་ཀྱི་སྒྲིག་གཞི་ཐོར།
                          2020\2\16

ཟླ་བ་གསུམ་པ།

རྣ་གཤོག་སྟོང་གི་རྩིག་ཟུར་ནས་བྱེར་འོང་བའི་བཀའ་གཙིགས་དག
རྨི་ལམ་དམར་སྨུག་ཅིག་གི་ཁུད་དུ་ཉལ་ཏེ།     ཐོ་རངས་ཀྱི་བྱ་སྐད་རྗེས་སུ་རྒྱུགས།

མཚན་ལམ་ཤིན་ཏུ་ནས་རིང་སོང་།     གཉིད་ཇ་ཡུན་ཙམ་ལས་ལོག་ཁོམ་མ་བྱུང་།
ནམ་ཇེ་གསལ་ནས་ཇེ་གསལ་དུ་འགྱུར།  ཉི་འོད་ས་གཞིའི་ངོགས་སུ་དལ་གྱིས་གྱེས།

ཞོགས་པ།   མི་ཚོས་རང་གི་ཁང་པའི་ཐོན་སྒོ་ཡང་བརྗེད་གྲབས་བྱས་འདུག
                                 2020\3\21

ཟླ་བ་བཞི་པ།

ཉིན་ཐོའི་ནང་གི་མི་དང་བྱ་བ་ཙག་ཙིག་དག་ཇི་ལྟར་བཀླགས་རུང་།
མིག་ཆུའི་ནང་གི་ནད་ངན་གང་སར་མཆེད་འགྲོ་བ་སུས་ཀྱང་བརྟག་མི་འདུག

ཁ་པར་གྱི་འཆར་ཤེལ་ངོས་སུ་གསལ་བའི་ཕྱི་རོལ་གྱི་ཉིན་ཐོ་བསྐྱར་དུ་བཀླགས།
ཡ་མཚན་གྱི་གསང་སྒྲུང་དེ།   ཉིན་ཐོའི་དབུས་སུ་རིམ་བཞིན་སྐྱ་ཐེར་ཐེར་དུ་འགྱུར།

དབྱར་སླ་ར་བར།    ཉིན་ཐོ་ཀློག་མཁན་གྱི་མི་བུ་ཇེ་མང་ནས་ཇེ་མང་དུ།
“ཐར་མདོ”ཀློག་མཁན་ནི་ལོ་ན་དགུ་བཅུར་སླེབས་པའི་མ་རྒན་མོ་ཁོ་ན་རེད།
                                  2020\4\18
ཟླ་བ་ལྔ་པ།

ནམ་མཁའ་དྭངས་ཤུལ་དུ།   འདས་ལོག་ལ་སྒུག་པའི་མཚན་དུས་ཀྱི་མགྲོན་པོ་དག
ཆར་ཐིགས་ཀྱི་དབུས་སུ་སྔར་སོང་གི་ལོ་ཟླ་ལ་ཧད་དེ་ལུས།

སྒོ་དང་སྒེའུ་ཁུང་ཕྱེ་སྟེ།    སྨུག་སྤྲིན་གྱི་གསེབ་ཏུ་ནོར་བུ་རྙེད་ཁུལ་བྱེད་དུས།
ཕ་ས་ཕ་ཡུལ་གྱི་འོད་སྣང་འདི་ངའི་མིག་ཡ་གཅིག་ཡིན་ན་བསམ་བྱུང་།   

རྒྱང་ཐག་ཤིན་ཏུ་ནས་རིང་བའི་མཚན་མོ་འདིར།
ཕྱི་གསལ་ནང་གསལ་དུ་ལུས་པའི་བདག་གི་མིག་ཤེལ་གསར་པ་དེ་ཡང་།
ཁྱེད་ཀྱི་ལག་པའི་ནང་ནས་གར་སོང་ཆ་མེད་དུ་འགྱུར།
                           2020\5\22

ཟླ་བ་དྲུག་པ།

ཆར་རྗེས་ཀྱི་སྨུག་ཁམས་སུ་འཐིམས་པའི་ང་ནི་འདི་འདྲའི་ཆུང་བ་ལ་ཨང་།
ངས་ཉི་མའི་དཀྱིལ་འཁོར་གྱི་ཟེར་ཐིགས་ཁོ་ན་བསྲུངས་བ་ལས།
མེ་ཏོག་ཁྲ་ཁྲ་དག་གི་རྨི་ལམ་ལ་ཁ་ཡ་བྱེད་དབང་མ་བྱུང་།

ད་ཆ།    ལོ་ཟླ་དང་མཉམ་དུ་འཕུར་བའི་ངའི་ཨ་ཡིག་ལྗང་ཁུ་དེ་ཡང་།
འཚོལ་རྟོག་གི་ཨང་ཀི་མཐོ་པོ་ཞིག་ལ་འཁྱུད་ནས་དུར་ས་དང་ཉེ་བར་བཅར།

ཟླ་དྲུག་པར།     ངས་ཕ་ཡུལ་དུ་ལོག་སའི་ལམ་བུ་འཚོལ་བཞིན་ཡོད།
                              2020\6\27

ཟླ་བ་བདུན་པ།

སྨུག་གྲོང་གི་ལྕགས་བྱར་བཞོན་ནས་སྤྲིན་གྱི་རྒྱ་མཚོ་བརྒལ་རྗེས།
ཡིད་ལ་དྲན་མི་འདོད་པའི་སྣང་བརྙན་ཐ་དག་རླུང་ཁྲོད་དུ་གསལ་ཡོང་།

གཤོག་པའི་ཕར་ངོགས་སུ་གངས་རིའི་སྒྱུ་ལུས་མིག་ལམ་དུ་བསྟར་དུས།
ཕ་ཡུལ་གྱི་དར་ཚོན་སྣ་ལྔ་སྔར་བཞིན་རི་འགོར་ལྷབ་ལྷུབ་ཏུ་སྐྱོད་ཀྱིན་འདུག
                                   2020/7/30

ཟླ་བ་བརྒྱད་པ།

ཕ་ཡུལ་གྱི་ལམ་འགྲམ་དུ་ཚོས་གཞི་འགྱུར་བའི་མཆོད་རྟེན་ཞིག་ཡོད།
ཕ་ཡུལ་གྱི་རི་གཤམ་དུ་ཉམས་པ་མེད་པའི་གླ་ཤིང་བཅའ་བཅུ་ཡོད།

ཕ་ཡུལ་གྱི་ཁང་རྒྱབ་ཏུ་ལབ་གླེང་ལ་སྤྲོ་བའི་མི་རྒན་རབས་གཉིས་ཡོད།
ཕ་ཡུལ་གྱི་ཁང་སྦུབས་སུ་སྡུག་གིས་མནར་བའི་སྙིང་རུས་ཅན་འགའ་ཡོད།
ཕ་ཡུལ་གྱི་ཕུ་རུ་ཐོབ་ཐང་གོ་མིང་མེད་པའི་ཤེས་ཡོན་པ་རྒན་པོ་རེ་གཉིས་ཡོད།

ཕ་ཡུལ་གཞན་གྱིས་གླེང་ན་སྐྱུར་མོ་སྐྱུར་མོ་རེད།
ཕ་ཡུལ་ང་ཡིས་གླེང་ན་མངར་མོ་མངར་མོ་རེད།
                2020/8/16
ཟླ་བ་དགུ་པ།

བྱང་ཐང་གི་གྲུ་ཟུར་ཞིག་ན།     སྦི་རག་ཕོར་གང་གི་འུད་ཤོབ་དང་མཉམ་དུ།
སྐད་ཆའི་སྣེ་མོར་གཡང་ཆགས་ཀྱི་ལྷ་དར་ནག་པོ་སྒྲོན་སྐབས།
ང་རང་།  མི་མགོ་ལྔ་བཅུའི་རྨི་ལམ་གྱི་གསེང་དུ་འཛུལ་འགོ་ཚུགས།

ནུབ་མོ།  ར་བཟི་བའི་ང་ནི་མུན་པའི་དབུས་ཀྱི་ཕོ་ཉ་དེ་ཡིན།
ཟླ་འོད་ཀྱི་འཕྲིན་ལམ་གཡར་ནས་དབུ་འཛིན་གྱི་མཐེ་བོང་ལ་ཡང་ཡང་འཇབ།
                                 2020\9\10

ཟླ་བ་བཅུ་པ།

སྐད་ཆ་དག   དམར་ལྷེབ་ལྷེབ་ཀྱི་མེ་ལྕེའི་རྩེ་མོ་ན་འཁྱིལ་བའི།
དཔའ་སྟོབས་ཀྱི་འཇའ་གུར་ཞིག་དང་ཤིན་ཏུ་འདྲ།
དེའི་ནང་དུ་ཤིང་དུམ་ལྔ་བཅུ་འཚང་ཁ་ཤིག་ཤིག་ངང་མེ་ཁ་གསོ་བར་འཛུལ་འོང་།

མེ་དྲོད་ཤོར་ཟིན་པའི་ནམ་ཕྱེད་ཀྱི་མཁའ་དབྱིངས་སུ།
ཁ་བྱང་ལ་མེ་སྟག་ཅེས་པའི་སྙན་ངག་ཅིག་ལྡིང་བཞིན་ཡོད།
                   2020\10\30

ཟླ་བ་བཅུ་གཅིག་པ།

ལྷ་ས་ནི་ཁ་མདོག་མི་གཅིག་པའི་རས་ལྷེབ་ཆག་པ་གཅིག
སེང་རས་རེ་རེའི་ཕར་རྒྱབ་ཏུ་དམར་ཧྲེང་གི་གྲིབ་གཟུགས་རེ་འགྲེང་ཡོད།

ཉིན་མོ།  མ་ཎིའི་རྩེ་རུ་དཀར་གཙང་གི་ལྷ་ཚོགས་འཁོར་ཞིང་།
མཚན་མོ།   གློག་སྒྲོན་གྱི་འོག་ཏུ་ཡུལ་གྱར་གྱི་སྲིན་འབུ་འཁོར་འོང་།
                      2020\11\13

ཟླ་བ་བཅུ་གཉིས་པ།

ཚེར་ཕུང་གི་ལོ་མའི་སྟེང་དུ་མིག་ཆུའི་འཁྱག་དར་ཆགས་རྗེས།
སྐེ་ཐག་གོན་པའི་ཀླུ་འདྲེ་དག་ཆུ་ཡུར་གྱི་གཞུང་དུ་གཉིད་ལ་ཤོར།

ངང་ཁྱུ་འཕུར་ཤུལ་གྱི་ལམ་ཐིགས་སུ།  གཤོག་སྒྲོ་མ་རྒྱས་པའི་ངང་ཕྲུག་འགའ།
འཁྱག་རྡོག་རེ་ཁ་ནང་དུ་བལྡད་ནས༢༡ལོའི་དཔྱིད་ཀ་རྐང་འོག་ཏུ་གནན་འདོད།

ལོ་མཇུག་ཏུ།   ཀླུ་འདྲེ་དང་ངང་ཁྱུའི་བར་དུ་བཤད་འཕྲོར་ལུས་པའི་རྨི་ལྟས་དེ།
སྨོན་ལམ་ལྗིད་པོ་ཞིག་གི་དབུས་སུ་མི་མངོན་པར་འགྱུར་་་་་་་་་་་་་་
                                      2020\12\30

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༢༠༢༠(སྙན་ཚོམ)

2022-01-08 གསར་བུ།(ལྷོ་ཁ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།