ལས་བྱེད་པའི་ལག་པ།

        ཕྱི་རོལ་ལ་བུད་དུས་ས་རིབ་ལ་ཉེ་ཞིང་སྲང་ལམ་ན་རླངས་འཁོར་ཀྱང་ཉུང་དུ་ཕྱིན་འདུག་པས།སྤྱིར་ཆེ་རྒྱུ་མེད་པའི་ལམ་དེ་ནི་ཁོད་ཡངས་བར་སྣང་ལ།རླུང་གིས་ཁྱེར་ཡོང་བའི་འགྱིག་ཁུག་དག་ནི་ལམ་ཁའི་གསོམ་སྡོང་གི་ཤུན་པ་རྩུབ་མོར་འཁོན་ནས་སྐབས་སྐབས་སུ་ཤག་ཤག་གི་སྒྲ་གསལ་ལ་མི་གསལ་བ་རེ་གྲགས་ཡོང་།ད་ནི་སྟོན་མཇུག་ལ་ཉེ་བས་སྐམ་ལུག་འདྲུད་པའི་རླངས་འཁོར་ཆེ་གྲས་དག་ཀྱང་ཉིན་རེ་ལས་ཉིན་རེར་ཉུང་དུ་འགྲོ་བཞིན་འདུག་མོད།གྲང་ངར་ལ་མི་སྐྲག་པའི་ཁ་ཆེ་དེ་ཚོས་དུས་རབས་སྔོན་མ་ནས་ལོས་ཡོད་འདོད་པའི་ལྕགས་རྟ་བཙའ་རོ་མ་རེ་ཞོན་ཞིང་ནང་ཆུ་དང་ཀོ་ལྤགས་གི་ཚོང་རྒྱག་པའི་རྒྱུན་ད་དུང་ཆད?མི་འདུག ངོ་མ་མི་འདི་ཚོའི་སྡུག་རུས་འདི།ཁོས་དེ་ལྟར་སྙམ་ཞིང་ལམ་གྱི་ཕར་ཁ་ལ་བུད་ཅིང་ཕྱིར་མིག་ཅིག་བལྟ་དུས་ད་སོ་མ་ཁོ་རང་སྒོ་ལ་འབུད་སའི་རྒྱ་སྒོ་དེ་ནི་གློག་ཏོག་གསལ་ལ་མི་གསལ་བ་དེས་ཐུར་ལ་ཞིག་བསྣན་པ་བཞིན་སྔར་ལས་ཀྱང་དམའ་བར་མངོན་པས་ངོ་མ་རྒྱ་སྒོ་ཞིག་དང་མི་འདྲ་བར་མི་ཚང་ཕལ་བ་ཞིག་གི་སྒོའམ་ཡང་ན་གནས་ཆེན་ག་གེ་མོ་རེ་ན་ཡོད་པའི་གལ་སྲིད་འདི་ནས་ཐར་སོང་ན་བར་དོ་ནས་འཇིག་སྐྲག་མྱོང་མི་དགོས་ཟེར་བའི་བྲག་སྲུབས་དམའ་བོ་དེ་ཚོ་དང་འདྲ།ངོ་མ་འདི་ལས་ཐར་རྒྱུ་ནི་དཀའ་མོ་ཞིག་ལོས་ཡིན་སྟེ་ཁོ་རང་མཐུད་མཐུད་ལ་ཉིན་གསུམ་གྱི་རིང་ཕྱི་དྲོ་རེ་རེར་སྐོར་བ་ལན་གསུམ་རེ་བརྒྱབ?པའི་ག་ལ་ཚད།གློག་ཏོག་དེའི་གཤམ་གྱི་གྱང་ངོས་ལ་བདེ་སྐྱིད་འགྲོན་ཁང་ཞེས་པའི་ཡི་གེ་འགའ་སྣག་ཚ་ནག་པོ་ཞིག་གིས་བྲིས་ཡོད་ལ་དེའི་གཤམ་ལ་ཞིན་ཧྥུ་པེན་ཀོན་ཞེས་པའི་རྒྱ་ཡིག་འགའ་ཡང་བྲིས་ཡོད།ད་དུང་གཞན་གྱིས་མི་ཤེས་པར་སྐྲག་པ་ལོས་ཡིན་སྟེ།སྣག་ཚ་དམར་པོ་ཞིག་གིས་མདའ་མགོ་ཞིག་ཐད་གར་སྒོ་ཆུང་ངུ་དེའི་ཕྱོགས་ལ་འཐེན་ཡོད།
   འོན་ཀྱང་ད་ནི་ཁོ་རང་མདའ་མགོ་དེའི་ལྡོག་ཕྱོགས་སྟེ་སྲང་གི་སྣེ་གཞན་པ་དེ་ལ་འགྲོ་དགོས།ད་སོང་ནས་བུ་ལོན་ལོན་སོང་ན་དོ་དགོང་ཡིན་ཡང་རུ་ནང་ལ་འགྲོ་རྒྱུ་ཡིན།ཁོ་གྲོང་བརྡལ་འདི་ལ་སུན་ཞིང་ད་ལྟ་ཉིད་དུ་འདི་དང་བྲལ་ནས་ལུང་ཁུག་ན་ཡོད་པའི་ཕ་ཡུལ་ལ་འགྲོ་འདོད་ཅིག་བྱུང་།ད་ལོ་དབྱར་ཁ་ཚ་བ་ཅུང་ཆེ་ལ་ནོར་ལུག་ཙད་པས་གཙེས་ནས་ཡར་མར་ལ་ཞོག་གྲངས་མང་མོད།གྲུ་བཞིར་བགོས་པའི་ལྕགས་ར་དེའི་དྲིན་ལ་བོར་སྟོར་མ་བྱུང་།དེང་སང་ཁོ་ཚོའི་སྡེ་བ་གང་བོས་ལྕགས་ར་འཐེན་ཡོད་ལ་ད་དུང་ཁྱིམ་ཚང་ཆ་རྐྱེན་ཅན་ལ་ལས་ལྕགས་ར་གཉིས་གསུམ་རེ་འཐེན་ནས་དབྱར་ས་དང་དགུན་ས་སོགས་ཆ་ཤས་ཆ་ཤས་སུ་བགོས་ཡ?ད།དེའི་ཕྱིར་སྐྱེས་པ་ཚོ་ནི་ཁོ་ཚོའི་ཕ་རྒན་གྱི་མི་རབས་དེ་དང་མི་འདྲ་བར་ཕྱི་དྲོ་སྦག་སྦག་ཞོན་ནས་ནོར་ལུག་བསྡུས་ཡོང་རྒྱུ་ལས་ཉིན་གང་བོར་རྫི་བུར་འགྲོ་མི་དགོས།འོན་ཀྱང་བུད་མེད་ཚོ་ནི་སྔར་བཞིན་བཞོན་ལས་ལ་བྲེལ་བ་ཆེ་ཞིང་།མེ་འབུད་ཐལ་འཕོད།ཆུ་ལེན་ཇ་སྐོལ་གྱི་ལས་ཀ་ཙག་ཙིག་ཀྱང་ཚར་རྒྱུ་མེད་པས་ཕར་བལྟས་ཚོད་ལ་འབྲོག་ལས་ཚང་མ་བུད་མེད་ཚོས་ལས་ཟིན་པས་སྐྱེས་པ་ཚོར་ལས་རྒྱུ་ཅང་མེད་པའི་ཟོལ་ཞིག་འདུག
“ཁྱོད་ཀྱི་ལག་པ་འདི་ངོ་མ་ལས་བྱེད་པ་ཞིག་གི་ལག་པ་དང་འདྲ”
“ཧི་ཧི།ང་ལས་བྱེད་པ་ཡིན”
“ལས་བྱེད་པ་འདི་འདྲའི་སྒོར་རྐྱང་མང་པོ་ཅན་ཞིག་གང་ན་ཡོད།ཁོ་ཚོའི་དུ་བ་ཉོ་བྱེད་ཀྱང་རང་གི་རྒན་མོ་ལ་སློང་དགོས”
“རྫུན་བཤད་གི་མ་འདུག ལས་བྱེད་པས་ཅི་བྱེད་བཞིན་པ་ཁྱོས་ཅི་ཤེས”
“ཡུམ།ཁོ་ཚོར་ཕལ་ཆེར་ལྔ་ཤོག་གི་མཐོ་ཞིག་མེད”
ད་ཅི་སྒོ་ལ་འབུད་ཁར་བུད་མེད་དེའི་ཡིད་སྨོན་ཤོར་བའི་ཚུལ་གྱིས་དེ་འདྲ་བཤད་ཅིང་།མིག་ནི་ལས་བྱེད་པའི་ལག་པ་འདི་ལ་ཧད་པ་ཡིན་ནམ་ལག་པ་འདིའི་བཟུང་བའི་སྒོར་ཁུག་ལ་ཧད་པ་མི་ཤེས་མོད་རྡེབ་ཙམ་ཡང་བྱས་མ་སོང་།དེང་སང་ལས་བྱེད་པ་ཚོ་ཡང་དཀའ་མོ་ཡིན་རྒྱུ་རེད།དེ་མིན་ན་ངའི་སྒོར་མོ་དེ་ཚོས་ཞང་ཀྲང་་ལ་ཕན་ཅི་ཞིག་ཐོགས།སྤྱིར་ཡིན་ན་ཞང་ཀྲང་ནི་མི་བཟང་བོ་ཁ་ལས་ཅུང་ཡོད་པའི་གྲས་ཡིན་ལ་གོན་པ་དང་ཞོན་པ་གང་ལའང་འོད་ཡོད་པའི་མི་ཞིག་ཡིན་པས་ཚང་མས་ཁོ་ལ་རྒྱུ་དབང་གང་ཡང་འཛོམས་པོ་འདུག་སྙམ་གྱིན་ཡོད་ཚོད་རེད།འོན་ཀྱང་ཁོས་སྐམ་ལུག་དེ་ཚོ་བཙོངས་བའི་ཕྱི་དྲོར་ཞང་ཀྲང་གློ་བུར་དུ?ཁོའི་མདུན་ལ་མངོན་བྱུང་།ཐོག་མར་ཁོ་ལ་ཁྱོད་རང་རྫོང་ཐོག་དུ་ཐོན་རྒྱུ་ལས་སླ་བོ་མིན་པས་ངེས་པར་དུ་ཟ་མ་ཞིག་ཟ་དགོས་པར་ལབ་ཤིང་ཟ་ཁང་དུ་ཁྲིད་ལ་དེ་ནས་སྔོན་མ་ཞིག་ནས་ཁོ་ལ་བག་ཆག་བཟང་བོ་ཞིག་ཡོད་ཟེར་བཞིན་ཆང་དྲངས།ཆང་གིས་བད་ནས་ཅུང་ཞིག་འགོར་རྗེས་ང་རང་རྒྱ་ནང་དུ་སོང་ཚུལ་དང་གྲོང་ཁྱེར་ཚོ་ཆེ་ཚུལ་བུད་མེད་ཚོ་ཡག་ཚུལ་སོགས་ཀྱི་གཏམ་སྣ་ཚོགས་པ་ཞིག་བཤད།ཁོ་དང་ཁོ་ལྟ་བུའི་འཁོར་བ་གསར་འཛིན་ཚོར་མཚོན་ན་ཞང་ཀྲང་དང་མཉམ་པོར་ཟ་མ་ཞིག་ཟ་རྒྱུ་ཡོང་བ་ནི་འབྲེལ་བ་འཛིན་པ་དང་ངོ་ཤེས་བཅའ་བའི་གོ་སྐབས་ཡག་པོ་ཞིག་ཡིན་པས་ཁོས་ཀྱང་ཞང་ཀྲང་ལོས་དགའ་འདོད་པའི་སྐད་ཆ་མང་པོ་ཞིག་?ཤད་ལ།མཐར་ཐོག་མ་ནས་བཤད་འདོད་ཡོད་པའི་སྐད་ཆ་དེ་ཤོར་བར་གྱུར།
“ཞང་ཀྲང”
 “ཨིན”
  “འུ་གཉིས་གས་མནའ་ཞིག་འཇོག་རེ”
 “ཨ་་་ ་་་ ཆོག་གི་ལོས་ཆོག”
འོན་ཀྱང་ཁོའི་བློ་ཡུལ་འདས་པ་ཞིག་ལ་ཞང་ཀྲང་གིས་མནའ་ཇི་ལྟར་འཇོག་དགོས་པ་མི་ཤེས་པ་མ་ཟད་དྲག་རྩལ་གློག་བརྙན་གྱི་དཔའ་བོ་དང་འདྲ་བར་ཁྲག་བསྲེས་ཞིང་འཐུང་དགོས་པ་ཞིག་ཡིན་པར་བསམ་འདུག ཁོས་ནི་གཞན་གྱི་ཁྲག་དྲོན་མོར་འཐུང་བའི་ལས་དེ་ལ་ཞེན་པ་ཅུང་ལོག་པས་ལག་མགོར་འབྱར་ཏེ་མནའ་སྐྱེལ་དགོས་པའི་གྲོས་འགོ་བཏོན།
བུད་མེད་དེས་རང་ཉིད་ནི་ར་སྐོར་འདི་ལ་ཡོང་ནས་ཉིན་མ་ཁ་ཤས་ལས་འགོར་མེད་ཚུལ་བཤད་ཅིང་ཁོས་དེ་འདྲ་མ་རློམ་དུས་ཁོས་ཀྱང་གོ་མ་མྱོང་བའི་མནའ་རེ་བསྐྱལ་ཡོང་།མནའ་དེ་ཚོ་ནི་ཁོ་ཚོའི་སྡེ་བ་ཙམ་དང་མོའི་ཕ་མ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཁྱབ་ཅིང་ཐ་ན་ལ་ལ་རེ་ལྷ་འདྲེ་མི་གསུམ་ལ་ཡང་འབྲེལ་བ་ཡོད་པས་ཁོ་ཅུང་ཞེད་ཅིང་མགྱོགས་པོར་རློམ་པའི་གཏམ་ཤོར་ལ་མཇུག་དུ་མནའ་རེ་ཡང་ཤོར་སོང་།ཁོ་མོས་ཁྱོད་རང་ཡོང་ས་ནོར་མི་འདུག ང་ནི་ར་སྐོར་འདིའི་ནང་ལ་ཡོང་མཁན་ཆེས་རྗེས་མ་དེ་ཡིན་ཟེར་ལ་ཁང་མིག་གསུམ་པའི་ནང་གི་དེ་ཤ་ཁ་ཅུང་དཀར་མོད་ཡོང་ནས་ལོ་གཉིས་ཡང་འགོར་ཡོད་པས་མི་གཙང་རབས་བཤད་ལ་བཞི་བ་ལྔ་བ་དེ་བཞིན་དྲུག་པ་བདུན་པ་ཚོར་ཡང་དེ་བཞིན་གྱི་སྐྱོན་རེ་བཙལ་ཡོང་།དེ་ལྟར་གཏམ་མང་པོ་ཞིག་བཤད་པས་ཁོས་སེམས་སུ་རང་གི་གམ་ན་ཡོད་པ་འདི་ར་སྐོར་འདིའི་ནང་གི་གཙང་ཤོས་ཡིན་པའི་ཡིད་ཆེས་ཀྱང་སྐྱེས་པར་གྱུར་ཞིང་ནད་འགོས་འགྲོ་བར་སྐྲག་པའི་ཁུར་བོ་དེ་ཡང་ཐང་ལ་ཕོག་པས་སེམས་བདེ་ལ་བབས་པའི་དབུགས་རིང་ཞིག་ཤོར།
“ཅི་རེད”
“ཅང་མ་རེད”
 “ཁྱོས་ད་དུང་ང་མི་རློམས་སམ”
ཁྱོས་ད་དུང་ང་མི་རློམ་སམ།མནའང་བཞག་ལ་ཆང་ཡང་འཐུང་ནས་ཅུང་ཞིག་འགོར་རྗེས་ཞང་ཀྲང་གིས་གློ་བུར་དུ་སྐད་ཆ་དེ་འདྲ་ཞིག་བཤད་སོང་།ཁོ་ནི་གློ་བུར་ལ་ཡོང་བའི་རྡོ་འཆལ་ཞིག་གིས་ཕོག་པ་བཞིན་སིག་སིག་གེ་ཞིག་བྱས་ཤིང་།དེ་མ་ཐག་ཅི་ལ་ཡིན་ཅི་ལ་ཡིན།འུ་གཉིས་མནའ་ཡ་ཡིན་པ་མིན་ནམ།དཀོན་མཆོག་གསུམ་པོ།མགོ་རུས་སྐམ་པོ་ཐང་ལ་མ་ལྷུང་བར་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་ལོས་ཡིན།ཁྱོད་ཞང་ཀྲང་ལ་ཡོད་པ་ངས་རེད་ཟེར་དཀའ་མོད།ང་མི་ཕལ་བ་ཞིག་ལ་ཡོད་པ་ནི་ཞང་ཀྲང་གི་བློ་ལ་བབས་ན་དེ་ཁྱོད་ཀྱིས་ལོས་ཡིན་ཞེས་དབུགས་ཐེངས་གཅིག་ལ་བཤད་ཅིང་།ཡར་ལ་བཏེགས་ཡོད་པའི་སྙིང?དེ་མར་ལ་ཅུང་ཕབ།
“ལོས་ཡིན། ལོས་ཡིན། ཁྱོས་ལྟད་མོ་ཞིག་ལྟོས་དང་།སང་གནང་གསོ་ཆས་བགོ་དུས་ངས་ཁྱོད་ཚོའི་སྡེ་བ་གང་བོར་ཁྱོད་ལ་མནའ་ཡ་ང་འདྲ་བ་ཞིག་ཡོད་པའི་བཟང་ཤེས་ནི་ཞིག་བྱེད”
“ཨ་དྲིན་ཆེན་པོ།དེའི་ཆེ་ཡི་དྲིན་ཞིག་གང་ན་ཡོད”
དེ་ལྟར་མནའ་ཡ་གསར་བ་གཉིས་ཀྱིས་ཆང་མང་པོ་ཞིག་བཏུང་ལ་མདུན་ཅོག་སྟེང་གི་ཕག་ཤ་བསྲེས་པའི་སྔོ་ཚོད་དེ་ཡང་འཁྱག་ནས་ཞག་དག་ཀྱང་དཀག་དུས་ཞང་ཀྲང་སྔར་ལས་ཀྱང་ཁོའི་ཉེ་སར་བཅར་ཞིང་ཧ་ཅང་གཅེས་གཅེས་ཀྱིས་ཁོའི་འགྲམ་པར་འོ་ཞིག་བྱས་ཤིང་ཆང་དང་སྣབ་དང་ཁ་ཆུ་ཚང་མ་འདྲེས་པའི་གཤེར་ཁུ་ནི་ཐད་གར་ཁོའི་སྐེ་ཁུང་ནང་ལ་བཞུར་སོང་།
ཁོས་འགོ་ནས་མཇུག་བར་བུ་མོ་དེ་ལ་འོ་ཞིག་མ་བྱས།སེམས་སུ་བུ་མོ་འདི་ཇི་འདྲ་གཙང་ཡང་ལས་ཀ་འདི་མི་གཙང་བ་མངོན་གསལ་རེད།དེ་བས་ཕྱིར་ལ་སོང་ན་རང་གི་བུ་ཕྲུག་ལ་ཡང་འོ་བྱེད་དགོས་པའི་མཆུ་འདི་ཚོད་ཚོད་ལ་གང་བསམ་བསམ་ལ་ཐུག་ག་ལ་ཉན་བསམ་ཞིང་རང་གི་མགོ་དང་མོའི་མགོའི་བར་ཐག་ཅུང་ཞིག་བཀྱེད་ནས་བསྡད།འོན་ཀྱང་མོ་ནི་འོ་མ་བྱས་ན་སེམས་མི་བདེ་བ་ལྟར་ཐོག་མར་ཁོ་ལ་མཆུ་སྦྱོར་གྲབས་བྱས་མོད་ཁོ་ཕྱིར་ལ་བཀྱེད་པ་མཐོང་དུས་ཁོའི་སྐེ་དང་རྣ་བ་སོགས་ལ་འོ་ཡང་ཡང་བྱས་པས་ག་ས་གང་རློན་པར་བཏང་ཞིང་མཆིལ་མའི་འབྱར་བག་དེ་ཡུན་རིང་བོར་སྐམ་མི་ཐུབ་པ་འདྲ་ཞིག་འདུག
“ཁྱོད་ཀྱིས་ང་ལ་འོ་བྱེད་མི་འདོད་པ་ཅི་རེད”
“ངས་བརྗེད་སོང”
“ཧོ་ཧོ།”
“ཧོ་ཧོ”
ཧོ་ཧོ་ཁྱོད་དེ་འདྲ་ཞིག་སྐྲག་ནས་ཅི་བྱེད།ཞང་ཀྲང་གིས་འཚབ་ཞིང་ཕྱིར་ལ་ཅུང་བཀྱེད་ཡོད་པའི་ཁོའི་ངོ་ལ་བལྟས་ནས་བསྡད་འདུག མ་རེད། ང་འཚབ་མེད། ཧ་ཧ། ཁོས་རང་ཉིད་འཚབ་མེད་པ་སྟོན་ཕྱིར་ཚིག་གི་མཇུག་ལ་ཧབ་ཆ་ཞིག་བསྣན་མོད།ཁང་བུ་ཆུང་ཆུང་འདིའི་ནང་ན་ཁོ་གཉིས་ལས་མེད་པས་སྐད་སྒྲ་ཆེ་དྲག་ཅིང་ཉམས་ཡང་ལྷོད་ལ་བབས་པ་ཞིག་མ་བྱུང་བས་ཁོ་རང་སྔར་ལས་ཀྱང་འཚབ་པར་གྱུར།ཞང་ཀྲང་གིས་གོ་སྐབས་དེ་བཟུང་བ་ཡིན་ནམ་སྟབས་འཕྲོད་པ་ཡིན་མིན་མི་ཤེས་མོད།གློ་བུར་དུ་སྐད་ཆ་འདི་འདྲ་ཞིག་ཤོར་སོང་།
“ང་ལ་སྒོར་མོ་འགའ་བསྐྱི་རོགས”
“ཨ”
“དཀོན་མཆོག་གསུམ་པོ།འུ་གཉིས་མནའ་ཡ་རེད།ང་ལ་འདི་ཕན་གྱི་རོགས་རམ་ཆེན་པོ་ཞིག་མི་འདུག ཁྱོད་ལ་སྒོར་མོ་ཡོད་པ་ཡང་ངས་ཤེས་ཡོད།ང་ལ་སྒོར་མོ་འགའ་སྐྱིས་དང་།གནང་ཉིན་ངའི་ལས་ཀ་འགྲུབ་རྗེས་ཁྱོད་ལ་མ་འཕེལ་བུ་སྐྱེད་དང་བཅས་ནས་སྟེར་ཆོག གལ་སྲིད་གནང་ཉིན་མ་སྦྱིན་ན་ཁྱོད་ཀྱིས་ང་ཞང་ཀྲང་མནའ་ཡ་ཞིག་གི་ཚད་ལ་མ་བཞག་ན་ཆོག་་་ ་་་”
ཁོ་ལ་བསམ་དབང་དྲན་དབང་མ་བྱུང་བར་ཞང་ཀྲང་གིས་སྐད་ཆ་དེ་འདྲ་མང་པོ་ཞིག་བཤད་ཚར་བར་བྱས་ཤིང་ད་དུང་ཅི་ཞིག་བཤད་གྲབས་ཡོད་དུས་ཁོས་ཚིག་མཚམས་བཅད་ནས
“ལོས་ཆོག ག་ཚོད་དགོས།”
ག་ཚོད་རེད།ཁོ་མལ་ཁྲི་དེ་ལས་བབས་ཤིང་རྐུབ་སྟེགས་སྟེང་གི་བོད་ལྭ་ལེན་ཞོར་དེ་ལྟར་དྲིས་དུས་ཁོ་མོ་ཡང་སྔ་མོ་ནས་གོན་པ་གོན་ཚར་བ་མ་ཟད་མལ་ཁྲིའི་སྣེ་གཅིག་ལ་བསྡད་ནས་ཁོ་ལ་བལྟས་འདུག
“ག་ཚོད་རེད”
“བཞི་བཅུ”
“འདི་འདྲ་ཐུང་ཐུང་ཞིག་ལ”
“དོན་འདི་འདྲ་ལ་རིང་ཐུང་ཞིག་ཚད་རྒྱུ་གང་ན་ཡོད།”
སྒོ་རྡུང་ཞིང་སྒེའུ་ཁུང་ཁ་ནས་གྲིབ་མ་ནག་ཡོར་ཡོར་བྱེད་པའི་མི་དེ་ད་དུང་ཕར་སོང་མི་འདུག་ཅིང་།ཁོ་རང་སྒོ་ལ་འེ་འབུད་བསྒུགས་འདུག་པས་ཁོས་སྔ་མོ་ཞིག་ནས་འདི་ཚོར་ཚོང་གཏམ་རྒྱུ་ཡོད་པ་ཤེས་ཡོད་ལ་རང་ཉིད་ནང་ལ་ཡོང་སྐབས་ཅུང་འཚབ་ནས་གོང་མ་དྲིས་པར་འགྱོད་པ་ཞིག་ཀྱང་སྐྱེས་མོད་སྐད་ཆ་མང་པོ་མ་བཤད་པར་སྒོར་ཁུག་ནས་སྒོར་མོ་སྒོར་མོ་བརྒྱ་ཤོག་ཅིག་མོ་ལ་བསྲིངས།
ཁྱོད་ཀྱི་ལག་པ་འདི་ངོ་མ་ལས་བྱེད་པ་ཞིག་གི་ལག་པ་དང་འདྲ།ཁོས་ཞང་ཀྲང་ལ་བསྐྱི་བའི་སྒོར་མོ་བརྩི་བཞིན་པའི་སྐབས་ཞང་ཀྲང་གིས་ཁ་ཡག་ཡིན་མིན་མི་ཤེས་མོད་དེ་ལྟར་བཤད་ལ་རང་གི་ལག་པ་ཤ་ཚིལ་མཐིག་པོ་ཅན་དེ་ཁོའི་ལག་པའི་གམ་ལ་བཞག་ཅིང་ཕར་སློག་ཚུར་སློག་བྱས།འོན་ཀྱང་སྒོར་མོ་བརྩིས་ཚར་དུས་ཁོས་སྔ་མོ་ནས་སྒོར་མོ་དང་ལྷན་དུ་ཕྱིར་བསྐུམས་ཚར་འདུག་ལ་མཆིལ་མ་འབྱར་བག་ཅན་ཞིག་མཐེབ་མགོར་བཏབ་ནས་བརྩི་འགོ་བརྩམས།
“ཁྲི་གསུམ་ཏག་ཏག་རེད”
“ཁྱོས་དགོར་ཞིག་མི་ཉན།དགུན་ཐོན་སོང་ན་ཡང་ད་ལོ་ཁང་བ་མ་འགྲུབ་ནི་རེད”
“དེ་ལ་ཁྱོད་སྐྲག་མི་དགོས།ང་ཚིག་ཐོག་ནས་འདུག་ནི་རེད”
དེ་རིང་ནི་ཉི་མ་བཞི་བ་རེད།ཁོས་ཕྱི་དྲོ་རེ་རེར་ཞང་ཀྲང་གིས་སྒོར་མོ་བསྐྱལ་ཡོང་གི་ཡོད་ཅེས་བཤད་སྲིད་པའི་ཁ་པར་ལ་བསྒུགས་ཤིང་།ཡང་སྲང་ལམ་ནས་སྟབས་ལེགས་ཏེ་འཕྲད་ཅིང་ཁོ་ལ།ཡ།འགྲོ།ངས་ཁྱོད་ལ་སྒོར་རྡོག་འགའ་བོ་སྟེར་ཞེས་ཞང་ཀྲང་ཚང་ལ་ཁྲིད་འགྲོ་བར་རེ་མོད།ཉི་མ་རེ་རེར་རེ་བ་སྟོང་བར་གྱུར་ལ།སེམས་པ་སྟོང་བར་གྱུར་བའི་སྣང་བ་དེ་ཁྱེར་ནས་ཕྱིར་མགྲོན་ཁང་ལ་འགྲོ་མི་འདོད་པས་རིན་པ་སྤྲོད་ཆོག་པའི་བུ་མོ་མང་བ་མིང་དུ་གྲགས་པའི་ར་སྐོར་བདེ་སྐྱིད་འགྲོན་ཁང་ཟེར་བ་དེའི་སྒོ་འགྲམ་ནས་ཡར་མར་ལ་ཡང་ཡང་སོང་མོད་ནང་ལ་འཛུལ་མ་ཕོད།དེ་ནི་ཁོ་རང་ཞང་ཀྲང་ཚང་གི་སྒོ་ཁ་ནས་ཡུན་རིང?བསྡད་ཀྱང་སྒོ་རྡུང་མ་ཕོད་པར་ར་སྐོར་ནས་ཁྱི་རེ་ཟུག་དུས་མགྱོགས་པོར་གཟུར་བ་དང་འདྲ།
ད་འགོ་མ་བཟུང་ན་ད་ལོ་ཡང་སྦྲ་ནང་ནས་དགུན་འགྲོ་དགོས་རྒྱུ་རེད།དེང་སང་སྦྲ་ནང་ནས་དགུན་སྐྱེལ་མཁན་སུ་ཡོད།ཐ་ན་ལོ་སར་ལ་ས་རྡུལ་འཚུབ་ནས་སྡེར་ཁ་ཞིག་ཀྱང་བཤམས་དུ་མི་འཇུག དེ་རིང་གི་གནམ་གཤིས་ནི་ཁ་སང་ལས་འཁྱག་པས་ཁོ་བདེ་སྐྱིད་འགྲོན་ཁང་ལ་མ་འཛུལ་གོང་ནས་ཞང་ཀྲང་ཚང་གི་སྒོ་དྲིལ་དེ་གནོན་རྒྱུའི་འཆར་གཞི་ཡོད་ལ་རང་ཉིད་ཀྱི་དཀའ་ཁག་དང་ཞང་ཀྲང་སྤོ་ལངས་མི་ཉན་ཚུལ་གྱི་སྐད་ཆའང་མི་རིང་མི་ཐུང་བ་ཞིག་གྲ་སྒྲིག་བྱས་ཡོད།
བདེ་སྐྱིད་འགྲོན་ཁང་ནི་ར་སྐོར་ཆེ་རྒྱུ་མེད་པ་ཞིག་གི་མཐའ་ཁ་ཁང་མིག་ཆུང་ངུ་མང་པོས་བསྐོར་ཡོད་པ་ཞིག་ཡིན་ལ།ཁང་མིག་ཚང་མས་སྒེའུ་ཁུང་ལ་ཡོལ་བ་དམར་པོ་རེ་འཐེན་འདུག ཁོ་ར་སྐོར་དེའི་དཀྱིལ་གྱི་ས་སྟོང་ནས་ལངས་ཤིང་། ཐོད་པ་རུ་འཛུམ་བཞིན་པའི་རྔུལ་ཆུ་དག་ནི་གློག་འོད་འོག་དམར་འོད་ཀྲིག་གེར་འདུག མཐར་འཚབ་འཚུབ་ངང་སྒེའུ་ཡོལ་ཕྱེ་ཞིང་བུད་མེད་ཅིག་མལ་ཁྲིའི་སྟེང་བསྡད་ནས་ཁ་པར་གློང་བཞིན་པའི་ཁང་མིག་དེ་ལ་འཛུལ་ཞིང་བུ་མོ་ཡར་ལ་མ་ལངས་གོང་ནས་སྒེའུ་ཡོལ་འཐེན་ཞིང་སྒོ་གཏན།འོན་ཀྱང་མོ་ནི་དལ་ཞིང་ལྷོད་ལ་ཡར་ལའང་མི་ལངས་བར་ཁོ་ལ་ཁྱོད་དེ་འདྲ་འཚབ་ནས་ཅི་བྱེད་ཅེས་དྲིས།
ཞང་ཀྲང་གིས་ཁོ་ལ་ཁྱོད་དེ་འདྲ་ཞིག་འཚབ་ནས་ཅི་བྱེད་ཅེས་འདྲི་སྲིད་དམ།དེ་ན་ཁོས་ད་ནི་ཉིན་རེ་ལས་ཉིན་རེར་གནམ་གཤིས་ཇེ་འཁྱག་ཡིན་པས་ད་དུང་ལས་འགོ་འཛུགས་མ་ཐུབ་ན་ད་ལོ་ཡང་ཁང་བ་མགོར་མ་ཡོང་བ་རེད་ཟེར་དགོས།ཞང་ཀྲང་གིས་ད་དུང་ཉི་མ་འགའ་ལ་སྒུག་དང་ཟེར་སྲིད་དམ།དེ་ན་ཁོས་ད་ཞང་ཀྲང་ལོ་ལོ།སྒུག་རྒྱུའི་དཔེ་ཞིག་མི་འདུག་ཟེར་དགོས།ཞང་ཀྲང་གི་གདོང་ལ་མ་དགའ་བའི་རྣམ་འགྱུར་མངོན་སྲིད་དམ།ཁོའི་སྙིང་ཉེ་བའི་མནའ་ཡ་གསར་བ་དེའི་་གདོང་ལ་མ་དགའ་བའི་རྣམ་འགྱུར་མངོན་སྲིད་དམ།
ད་ནི་སྲང་ལམ་ཕྲ་བོ་ཞིག་གི་ཕུག་ལ་སླེབས་འདུག་ལ་མདུན་ལ་ཐད་དུ་བཅད་ཡོད་པ་ནི་ཞང་ཀྲང་ཚང་གི་རྒྱ་སྒོ་རེད།སྒོ་ཀླད་ཀྱི་གློག་ཏོག་དེ་བཀར་མེད་པས་མིག་གཅིག་ཅན་གྱི་ཡ་མ་གཟུགས་ཤིག་གིས་ཁོ་ལ་ཅེར་ཡོད་པ་འདྲ་ལ་ཁོའི་ལྟག་རྒྱབ་གྱི་སྲང་ལམ་ནི་ཕྲ་ལ་ནག་པས་ཕྱིར་ལམ་སྒྲོན་ཡོད་པའི་སྲང་མདོ་ལ་སླེབས་དགོས་ན་ཐག་ཧ་ཅང་རིང་བའི་སྣང་བ་ཞིག་ཤར།
ཁོས་བདེ་སྐྱིད་འགྲོན་ཁང་གི་ར་སྐོར་ལ་མ་འཛུལ་གོང་བཞིན་དུ་སྐེད་རགས་ཡར་ལ་གསིག་ཙམ་བྱས་ཤིང་།ལས་བྱེད་པའི་ལག་པ་དེས་སྒོ་དྲིལ་བསྣན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་བྱེད་པའི་ལག་པ།

2010-11-23 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།