ལས་འབྲས།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-02-21

      དེ་རིང་ཡང་སྔར་རྒྱུན་བཞིན་ཨ་ཅེ་ཝ་མོ། ཡངས་ཤིང་རྒྱ་ཆེ་བའི་སྤང་གཤོངས་དེ་ན། མཇུག་མ་ས་ཐོག་ཏུ་ཐུག་ལ་མ་ཐུག་གིས་སྤང་དོག་གང་སར་དྲི་མ་སྣོམ་ཙམ་སྣོམ་ཙམ་བྱེད་བཞིན་འགྲོ་ཡི་འདུག །ཉིན་ཞིག་ཨ་ཅེ་ཝ་མོ་གྲོད་ཁོག་ལྟོགས་ཐག་ཆོད་ནས་ཡར་མར་རི་ལུང་གང་སར་ཁ་ལག་འཚོལ་བར་རྒྱུག་ཕྱིན། གློ་བུར་དུ་ཁོང་ལ་སེང་གེ་ཞིག་ཐུག་པས། སེང་གེས། ཨ་ཅེ་ཝ་མོ་ག་རེ་བྱེད་ཀྱི་ཡོད་དམ། ཞེས་སྐད་ཆ་དྲིས། ཨ་ཅེ་ཝ་མོས། ང་ལས་ཀ་འཚོལ་གྱི་ཡོད། ཅེས་ལན་བཏབ། སེང་གེས་ད་འགྲིགས་སོང༌། རང་ཉིད་ལ་ཕྲུུ་གུ་མང་པོ་ཡོད་པས་ཨ་ཅེ་ཝ་མོ་ཕྲུ་གུ་དེ་དག་གི་གཡོག་པོར་ཉར་དགོས་བསམས་ཏེ། དེ་མུར་སེང་གེས། ང་ལ་ལས་ཀ་ཡག་པོ་ཞིག་ཡོད། དེ་ནི་ང་རང་ཁ་ལག་འཚོལ་བར་འགྲོ་སྐབས་ཁྱེད་ཀྱིས་ངའི་ཕྲུག་གུ་ཚོར་བལྟ་རྒྱུ་དེ་རེད། བྱས་ཙང་ཁྱེད་རང་ངའི་ཕྲུ་གུ་ཚོའི་གཡོག་མོར་ཡོང་འདོད་ཡོད་དམ། ཞེས་དྲི་སྐབས། ཨ་ཅེ་ཝ་མོས། མགོ་བོ་སྒུར་ཙམ་བྱས་ཏེ་འགྲིགས་དང་འགྲིགས་གྲོགས་མཆོག་སེངྒེ་ལགས། ང་རང་ཆུང་དུས་ནས་ཕྲུ་གུར་དགའ་པོ་ཞེ་དྲག་ཡོད། བྱས་ཙང་ངས་ཁྱེད་ཀྱི་ཕྲུ་གུར་བྱམས་སྐྱོང་བྱེད་ཀྱི་ཡིན། ཞེས་རང་ཉིད་ཞོར་དུ་འགྲེལ་བཤད་ཅུང་ཙམ་བརྒྱབ་སྟེ་བཤད། དེ་ནས་ཉིན་ལྟར་ཨ་ཅེ་ཝ་མོས་སྡུག་རུས་བྱས་ཏེ་སེང་གེའི་ཕྲུ་གུ་ལྔ་འཁྲིད་དེ་རྩ་ཐང་གི་སྟེང་རྩེད་མོ་རྩེས་ནས་སྡོད་ཀྱི་ཡོད། ཐེངས་ཤིག་སེང་གེ་ཁ་ལག་འཚོལ་བར་འགྲོ་སྐབས་ཨ་ཅེ་ཝ་མོ་གྲོད་ཁོག་ལྟོགས་ཏེ་སེང་ཕྲུག་གཞན་རྣམས་རྩེད་མོ་རྩེ་སྐབས། སེང་ཕྲུག་གཅིག་ཤིང་སྡོང་ཞིག་གི་རྒྱབ་ལ་འཁྲིད་དེ་ཁུ་སིམ་མིར་ཟས་པ་རེད། ཡུད་ཙམ་ནས་སེང་གེ་ཨ་མ་ཡོང་སྐབས་སེང་ཕྲུག་གཅིག་ཚང་མེད་རྐྱེན། སེང་གེ་ཨ་མས་ཅུང་སྡུག་སྣང་གིས། དེ་ག་རེ་བྱས་པ་རེད་དམ། ཞེས་ཨ་ཅེ་ཝ་མོར་སྐད་ཆ་དྲིས་པས། ཨ་ཅེ་ཝ་མོས། ངའ། ངའ། གཅིན་པ་གཏོང་བར་འགྲོ་སྐབས་སྤྱང་ཀི་ཞིག་ཡོང་ནས་ཁོང་འཁྲིད་ཕྱིན་འདུག །ཅེས་ཁ་ནས་འཐོན་ལ་མ་འཐོན་གྱིས་སྐྱག་རྫུན་བཤད། སེང་གེ་ཨ་མ་ཡིད་ཆེས་ཐག་ཆོད་དེ་སེམས་སྡུག་ཧ་ཅང་ཆེན་པོས་རྒྱུན་རིང་པོར་ངུ་བཞིན་བསྡད།
   
དེ་ནས་སླར་ཡང་ཆར་པ་ཆེན་པོ་འབབ་པའི་ཉིན་ཞིག །སེང་ཕྲུག་རྣམས་གྲོད་ཁོག་ལྟོགས་ཏེ་སྐད་བརྒྱབ་པས་སེང་གེ་ཨ་མས་བཟོད་མ་ཐུབ་པར་ཁ་ལག་འཚོལ་བར་ཕྱིན། དྲག་ཆར་ཤུགས་ཆེན་འབབ་ཀྱིན་ཡོད་པས་ཁ་ལག་མ་རྙེད་པར་དུས་ཚོད་མང་པོ་འགོར་བ་དང༌། ཨ་ཅེ་ཝ་མོ་ཡང་གྲོད་ཁོག་ལྟོགས་ཐག་ཆོད་ནས་བྱེད་ཐབས་ཅི་ཡང་མ་རྙེད་པར། ཕྲུ་གུ་རྣམས་ཆར་པ་ཆེན་པོ་འབབ་པ་དང༌། གློག་འཁྱུག་པས་ཞེད་ཐག་ཆོད་དེ་རུབ་རུབ་བྱས་ནས་སྡོད་པའི་སྐབས། ཨ་ཅེ་ཝ་མོས། ཕྲུ་གུ་གཉིས་ལ་ཁྱེད་གཉིས་ངའི་རོགས་པར་ཤོག །ང་ཚོ་སེང་གེ་ཨ་མ་འཚོལ་དུ་འགྲོ། ཞེས་གཡོ་སྒྱུའི་ཐབས་ཇུས་འཐེན་ཏེ་དེ་ལྟར་བཤད་ནས། ཕྲུ་གུ་གཉིས་འཁྲིད་དེ་སྔར་གྱི་ཤིང་སྡོང་ཆེན་པོ་དེའི་འོག་ཏུ་ཁོང་གཉིས་ཀ་ཟས་པ་རེད། དེ་ནས་ཨ་ཅེ་ཝ་མོས། ངུ་གྱིན་ངུ་གྱིན། ནང་ལ་ལོག་ཡོང་སྐབས་སེང་གེ་ཨ་མ་དེར་སླེབས་ཡོད་པས། ཁོང་གིས། ཨ་ཅེ་ཝ་མོ། ཁྱེད་རང་ག་རེ་བྱས་སོང་ངམ། ཞེས་ནན་ཏན་གྱིས་སྐད་ཆ་དྲི་སྐབས། ཨ་ཅེ་ཝ་མོས་ཡིད་མུག་མདོག་གིས། དེ་རིང་ཡང་དཔེ་བསགས་སོང༌། དཔེ་བསགས་སོང༌། ཟེར། སེང་གེ་ཨ་མས་ཡང་བསྐྱར་འཚབ་འཚུབ་ངང༌། ག་རེ་བྱས་སོང༌། ག་རེ་བྱས་སོང༌། ངའི་ཕྲུ་གུ་ཞེས་ངར་ངར་གྱིས་སྐད་ཆ་དྲིས་པར། ཨ་ཅེ་ཝ་མོས། ད་གིན་ང་ཚོས་ཁྱེད་རང་འཚོལ་བར་འགྲོ་སྐབས་སླར་ཡང་སྤྱང་ཀི་གཉིས་ཡོང་སྟེ་ངའི་ལག་ནས་ཕྲུ་གུ་གཉིས་ཀ་འཕྲོག་སྟེ་ཁྱེར་ཕྱིན་སོང༌། ཞེས་སྐད་ཤུགས་ཆེན་པོས་སླར་ཡང་ངུས། སེང་གེ་ཨ་མས་བྱ་ཐབས་ཅི་ཡང་མ་རྙེད་པར། ཝང༌། ཝང༌། ཞེས་སྐད་ཤུགས་ཡོད་རྒུས་གད་བརྒྱངས་བྱས་པ་དང༌། ཕར་ཚུར་ཐེངས་འགའ་ཤས་ཕྱིན་ཏེ་ལག་པ་ས་ལ་ཐེངས་འགར་འབྲད། གཞན་གང་ཡང་བྱེད་རྒྱུ་མ་རྙེད། ད་དུང་ཆར་པ་ཆད་མེད་པ་དང༌། རྦད་དེ་ས་རུབ་ཡོད་པས་སེང་གེ་ཨ་མ་དེས་ཕྲུ་གུ་གཞན་གཉིས་པང་དུ་བཅུག་ནས་གཉིད་ཉལ། སང་ཉིན་ཞོགས་པ་ཡར་ལང་དུས་ཉི་མ་རི་རྩེ་ནས་གང་མཚམས་ཐོན་ཡོད། དེའི་དགོང་མོར་ཆར་པ་ཆེན་པོ་བབས་པས་ཨ་ཅེ་ཝ་མོ་འཁྱགས་ཏེ་ཞོགས་པ་གྲོད་ཁོག་བཤལ་བ་དང༌། སྐྱུགས་པ་མང་པོ་ཤོར་ཏེ་མདང་དགོང་རང་ཉིད་ཀྱིས་ཟས་པའི་སེང་ཕྲུག་གཉིས་ཀྱི་རྐང་ལག་རྣམས་སྐྱུག་པ་མཉམ་ཕྱིར་དོན། སེང་གེ་ཨ་མས་གནས་ཚུལ་དེ་མཐོང་མ་ཐག་རང་ཉིད་ཀྱི་ཕྲུ་གུ་ལ་སྙིང་རྗེ་བ་དང༌། གཡོ་སྒྱུ་ཅན་གྱི་ཨ་ཅེ་ཝ་མོར་ཁོང་ཁྲོ་ཆེན་པོ་ལངས་ཏེ། ལག་པས་ཨ་ཅེ་ཝ་མོར་སྡེར་ཆག་འགའ་བརྒྱབ་པ་དང༌། འཇིང་པར་སོ་རྒྱག་ཐེངས་གཅིག་ལ་ཨ་ཅེ་ཝ་མོ་ལྔ་ལམ་དུ་བརྫངས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་འབྲས།

2010-02-21 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།