ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༣

                                          གསུམ།
  ཚེ་སྐྱིད་ཀྱིས་གྲམ་གཞུང་ནས་ཆུ་ཁུར་ཏེ་ཁྱིམ་དུ་ཐོན་དུས་ཉི་མའང་ནུབ་ལ་ཉེ་འདུག  ཁོ་མོས་ཆུ་ཟོ་ཇ་ཁང་དུ་ཕོག་རྗེས་སླར་ཡང་ལྷས་དཀྱིལ་དུ་ཡོང་ནས་སླེ་བོ་ཁུར་ཏེ་གཡུལ་ཁའི་ནང་དུ་ཀེ་རྩྭ་ལེན་དུ་སོང་། གཡུལ་ཁ་ནི་ཁོང་ཚང་གི་རྒྱབ་རོལ་གྱི་གྲོག་མོའི་ཁ་རུ་ཨ་ཁུ་བསོད་རྡོ་ཚང་གི་གཞིས་མ་ཡོད་པའི་ལོགས་སུ་ཡོད་ཅིང་། ཨ་ཁུ་བསོད་རྡོ་ཁྱོ་ཤུག་གཉིས་ཀ་ལོ་གཉིས་ཀྱི་སྔོན་ནས་ཞིང་ས་གཞན་ལ་གླས་ཏེ་གྲོང་ཁྱེར་དུ་བྱ་བ་ལས་ཀྱིན་པའི་བུ་མོའི་གན་དུ་བུད་སོང་བས་ད་ལྟ་མཁར་སྟོང་དུ་ལུས་ཡོད། ཁོ་མོ་གཡུལ་ཁའི་ནང་དུ་སོང་སྟེ་རྩྭ་ལེན་རྩིས་བྱེད་དུས་གློ་བུར་དུ་འུག་པའི་སྐད་འདྲ་ཞིག་འགྲམ་ནས་གྲགས་བྱུང་བས་ཁོ་མོ་སྐྲག་ཐག་ཆོད་དེ་མགོ་ཡི་སྐྲ་ཡང་གྱེན་ལ་ཞོགས་པར་གྱུར་ཅིང་། དངངས་སྟབས་ཀྱིས་ཕར་ཙམ་བྲོས་ནས་ཕྱིར་ལྟ་བྱས་པ་ན་མཐའ་འཁོར་ཡོངས་རྫོགས་ལ་སྲོད་ཁའི་གྲིབ་སོ་ཕོག་སྟེ་སྟོང་ལྷང་ངེར་འདུག་པ་ལས་གྲགས་འགུལ་ཅི་ཡང་མི་འདུག ཁོ་མོ་དེ་གར་ཅུང་ཙམ་ལ་འགྲེང་ནས་ཕལ་ཆེར་རང་ཉིད་ལ་འཁྲུལ་སྣང་འདྲ་སྐྱེས་པ་ཨེ་ཡིན་སྙམ་ནས་ཕྱིར་སྔར་མལ་ཡོང་སྟེ་ཀེ་རྩྭ་ལེན་བཞིན་པའི་སྐབས། གློ་བུར་དུ་གྲིབ་མ་ནག་པོ་ཞིག་ཚུར་ཁོ་མོའི་སྟེང་དུ་མཆོངས་བྱུང་བས་ཁོ་མོ་ཁ་ནས་“ཨ་མ་”ཞེས་ཤོར་ཞིང་དེ་མལ་དུ་འགྱེལ་བར་གྱུར།
  “ཧ་ཧ་ཧ། ཁྱོད་སྐྲག་སོང་ཨང་། ”
  ཚེ་སྐྱིད་ཀྱིས་མིག་ཕྱེ་ནས་ལྟ་དུས་མ་གཞི་སྡེ་བའི་ནང་གི་རྐྱལ་སྟོང་སྒུ་རུ་ཡིན་འདུག ཁོ་རང་ནི་ལོ་འགའ་ལ་གྲོང་ཁྱེར་དུ་འཁྱམས་ནས་ཡོད་མོད་ཉེ་ལམ་ཕྱིར་སྡེ་བའི་ནང་དུ་ཡོང་སྟེ་ལས་ཀ་ལས་མི་འདོད་པར་ཉི་མ་བཏང་ནས་ཡོད་ཅིང་། ད་ལྟ་ལོ་ན་སུམ་ཅུར་བུད་ཟིན་ཡང་ཆུང་མ་མ་རྙེད་པར་ད་དུང་མི་ཧྲེང་དུ་བསྡད་ཡོད་པ་རེད།
  “བླུན་རྒན་འདིས་ཅི་ཞིག་བྱེད་ཀྱིན་འདུག”ཚེ་སྐྱིད་དེ་མུར་ཚིག་པ་ཟོས་ཏེ་ཁོ་ལ་སྡང་མིག་གིས་བལྟས་ཤིང་“ཁྱོད་ཀྱིས་འདི་གར་ཅི་ཞིག་བྱེད་ཀྱིན་པ་ཡིན་”ཞེས་སྨྲས།
  སྒུ་རུས་ཁོ་མོའི་རྣམ་འགྱུར་ལ་དོ་སྣང་མི་བྱེད་པར་འཛུམ་ཙིག་ཙིག་ངང་། “ངས་ཅི་ཞིག་བྱེད་དམ། ཁྱོད་ལ་བསྒུགས་ནས་བསྡད་པ་ཡིན། ”ཟེར་ནས་ཉེ་སར་བཅར་བྱུང་།
  ཚེ་སྐྱིད་ཀྱིས་ཁོའི་ཡོང་དོན་ཕལ་ཆེར་ཤེས་ན་ཡང་མི་ཤེས་པའི་ཚུལ་དུ་“ང་ལ་སྒུག་དོན་ཅི་ཞིག་ཡོད་དམ་”ཞེས་ཟེར་ནས་མུ་མཐུད་དུ་སླེ་བོའི་ནང་དུ་ཀེ་རྩྭ་འཇུག་རྩིས་བྱས་ཀྱང་ཁོ་དེ་མ་ཐག་ཏུ་ཁོ་མོར་འཐམས་ནས་སར་བསྒྱེལ་བྱུང་ལ། མིག་གཉིས་ལས་འདོད་ཆགས་ཀྱི་མེ་འབར་བཞིན་དུ་“སྒུག་དོན་ཅི་ཡོད་དམ། ངས་ཁྱོད་ཆུང་མར་ལེན་རྒྱུ་ཡིན་”ཟེར་ནས་འོ་བྱེད་རྩིས་བྱས་བྱུང་།
  ཚེ་སྐྱིད་ཀྱིས་ཁོའི་ལུས་འོག་ནས་འཕག་འཚག་རྒྱག་བཞིན་དུ་“མྱུར་དུ་ང་གློད་ཅིག སུ་ཞིག་ཁྱོད་ཀྱི་ཆུང་མ་བྱེད་དམ་”ཟེར།
  ཁོ་མོའི་ཁ་རླངས་ཀྱི་དྲི་ཞིམ་མནམས་པ་དང་ལྷན་དུ་སྒུ་རུ་ནི་སྔར་བས་ཀྱང་སྨྱོས་པ་ལྟར་གྱུར་ཏེ་ཁོ་མོའི་མཇིང་བ་དང་འགྲམ་པ། ཐོད་པ་སོགས་སུ་ངེས་མེད་དུ་འོ་བྱེད་བཞིན་དུ། “དེ་ལྟར་ཟེར་དོན་ཅི་ཡོད། ངེད་གཉིས་འདྲ་མཚུངས་ཡིན་པ་མིན་ནམ་”ཟེར་ནས་ལག་གཡོན་པས་ཁོ་མོའི་རྐང་སྣམ་གྱི་ཁ་ཐིག་ལ་རེག་བྱུང་།
  ཚེ་སྐྱིད་ཀྱིས་སྲོག་དང་བསྡོས་ནས་འཕག་འཚག་ཇི་ལྟར་བྱས་ཀྱང་ཁོའི་ལུས་འོག་ནས་ཐར་མ་ཐུབ་ལ། ལག་པ་གཡས་གཡོན་དུ་བསྲིངས་ཏེ་འགོག་རྒོལ་གྱི་ལག་ཆ་རྡོའམ་ཅི་ཞིག་ལག་དུ་ཨེ་ཡོང་ལ་འབད་ཀྱང་མ་བྱུང་བས་འུ་ཐུག་སྟེ་ངུ་དགོས་བྱུང་། གློ་བུར་དུ་གར་བྱུང་མ་ཤེས་པར་སྐྱ་བྷོ་སྐྱ་རིལ་རིལ་དུ་འགྲམ་དུ་ཐོན་བྱུང་སྟེ། ཨག་སྐད་འདོན་བཞིན་དུ་“ངའི་ཨ་མར་གཅར་རྡུང་བྱས་མི་ཆོགངའི་ཨ་མར་གཅར་རྡུང་བྱས་མི་ཆོག་”ཟེར་བཞིན་སྒུ་རུའི་ལུས་སྟེང་དུ་འཐམས་བྱུང་བས། སྒུ་རུ་ནི་རེ་ཞིག་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཚེ་སྐྱིད་གློད་ཅིང་གཡུལ་ཁའི་གྱང་སྟེང་ནས་ཕྱིར་མཆོངས་ཏེ་བྲོས་སོང་།
  ནུབ་ཟས་འཐུང་རྗེས་སྔོན་ལྟར་ཨ་ནེ་བཀྲ་ཁོ་དང་སྐྱ་བྷོ་གཉིས་ཀ་ཚ་ཐབ་སྟེང་དུ་བསྡད་ཅིང་ཚེ་སྐྱིད་གོ་ཁའི་འགྲམ་དུ་བསྡད་དེ་མ་སྨད་གསུམ་ག་རང་རང་སར་འདང་རྒྱག་གི་ནང་དུ་ལྷུང་འདུག ཁྱིམ་ནང་ཡོངས་རྫོགས་ཧ་ཅང་ལྕི་བའི་མཁའ་དབུགས་རིམ་པ་ཞིག་གིས་ཁེངས་ཏེ་དབུགས་ཀྱི་འབྱིན་རྔུབ་ཀྱང་བྱེད་དཀའ་བའི་ཚད་དུ་འདུག་ལ། ཁང་བའི་ནང་གི་མཐོངས་སུ་དཔྱངས་པའི་གློག་སྒྲོན་དེ་ཡང་ནམ་རྒྱུན་ལས་འོད་ཞན་པ་ལྟར་སེར་ལིང་ངེར་འདུག
  རེ་ཞིག་ནས་སྐྱ་བྷོས་ཅི་ཞིག་ལ་འདང་མ་དཔོག་པ་ལྟར་ཨ་ཡེའི་གདོང་ལ་བལྟས་ནས། “ཨ་ཡེ། ཨ་ཁུ་སྒུ་རུས་ཨ་མ་ལ་དེ་ལྟར་གཅར་རྡུང་བྱེད་དོན་ཅི་རེད་”ཅེས་དྲིས་བྱུང་།
ཚ་བོའི་དྲི་བ་དེས་ཨ་ཡེ་ཡང་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་དྲངས་ནས་ཐོན་པ་ལྟར་གྱུར་སོང་། ཁོ་མོས་རང་དབང་མེད་པར་ངུ་དགོད་ཅིག་བྱས་ནས་“དེ་ནི་ཨ་མ་རང་ཉིད་ཀྱིས་བཙལ་བའི་ལས་ཀ་རེད། སྐྱག་དྲི་མ་བྲོ་ན་སྦྲང་ནག་ག་ལ་འཁོར། ”ཟེར་ནས་དངན་པ་ཞིག་འཐེན་བྱུང་།
  སྐྱ་བྷོས་སྔར་བཞིན་ཨ་ཡེའི་སྐད་ཆའི་ཧ་མ་གོ་བར་“ཨ་ཁུ་དབང་ལོ་ཚང་གི་བོང་རྒན་གྱི་སྟེང་ལ་སྦྲང་ནག་མང་པོ་འཁོར་འདུག་”ཟེར།
  ཨ་ཡེས་སླར་ཡང་ཚ་བོའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ནས་ཁོ་མོའི་ལུས་པོར་སྦྱར་ནས་སྡོད་པ་ལས་ཡང་བསྐྱར་སྐད་ཆ་ཅི་ཡང་བཤད་མ་བྱུང་།
  ཚེ་སྐྱིད་ཀྱིས་ད་སྔོན་གྱི་ཨ་མའི་སྐད་ཆ་དེ་ཡིས་རང་ཉིད་ཀྱི་བྱུང་འདས་ཀྱི་དོན་དག་ཕྱིར་གླེང་གིན་པ་ཤེས་ནས་སེམས་ཀྱི་ན་སར་ཁེལ་ཏེ་བཟོད་མ་ཐུབ་པར་ཤུབ་བུར་ངུས་བྱུང་། ཁོ་མོས་སྔོན་ཆད་ཀྱི་དོན་དག་ཡོད་ཚད་རང་ཉིད་བྱིས་པར་གྱུར་བས་ལན་པ་ཡིན་པ་ཤེས་ན་ཡང་། ད་ལྟ་རང་ཉིད་ངུ་དོན་ནི་རང་ཉིད་ཀྱི་སྔོན་བྱས་ལ་འགྱོད་པ་སྐྱེས་པས་ཡིན་པའམ་ད་ལྟ་ཨ་མས་འདས་པའི་རྨ་ཁ་བསྐྱར་གླེང་བྱས་པས་ཡིན་པ་གསལ་བོར་མི་ཤེས་པར་འདུག  མཇུག་མཐར་ཨ་མ་དང་སྐྱ་བྷོ་གཉིས་ཀ་ཉལ་བྱུང་བས་མོ་རང་གཅིག་པུ་མིག་མཐའ་མཆི་མས་བརླན་ནས་གོ་ཁ་ནས་ཡུན་རིང་བོར་བསྡད་རྗེས་ཉལ་བ་རེད། ཁོ་མོ་ཉལ་ནས་ཀྱང་ཡུན་རིང་བོར་གཉིད་མ་ཁུགས་པར་ནམ་གུང་ཙམ་ན་གཞི་ནས་གཉིད་པར་གྱུར། ཁོ་མོའི་རྨི་ལམ་དུ་ཁོ་མོས་གྲོང་ཁྱེར་ནས་ལས་བྱེད་པ་ཞིག་དང་གཉེན་སྒྲིག་བྱེད་ཀྱིན་ཡོད་ཅིང་གཉེན་སྒྲིག་བྱེད་ས་ཡང་དེ་སྔོན་ཁོ་མོས་གློག་བརྙན་ལས་མཐོང་བའི་གསོལ་ཁང་ཆེན་མོ་དག་ལས་ཕྱི་གླིང་བ་དག་གིས་གཉེན་སྒྲིག་བྱེད་ཀྱིན་པའི་རྣམ་པ་དེ་ཡིན་ཞིང་། ཁོ་མོའི་ལུས་ལ་དར་ཟབ་དཀར་བོའི་ལྭ་རིང་གོན་ཞིང་མགོ་རུ་མེ་ཏོག་གི་ཕྲ་རྒྱན་སྤྲས་པ་དང་། མག་གསར་གྱི་ལུས་ལ་ཕྱི་གླིང་བའི་ལྭ་བ་སྤུས་ལེགས་ཤིག་གྱོན་ཞིང་ཚི་ལེན་དཀར་བོར་མགུལ་ཆིངས་སྤྲས་ཏེ་ཁོ་མོའི་ལག་པར་མཆན་འོག་སྦྲེལ་ནས་སོང་བ་ན་མི་ཚང་མས་ཡིད་སྨོན་དང་བཅས་རྟེན་འབྲེལ་གྱི་དགའ་འབོད་བྱེད་ཀྱིན་འདུག་པས། ཁོ་མོའི་སེམས་སུ་བར་སྣང་གི་སྤྲིན་དཀར་སྟེང་བསྐྱོད་པ་ལྟ་བུའི་སྤྲོ་བས་མྱོས་ཀྱིན་འདུག་ལ། ལན་རེར་ཁོ་མོས་འདི་ནི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན་ནམ་སྙམ་སྟེ་རང་ཉིད་ཀྱི་ལུས་སྟེང་ལ་ཤ་བཙིར་བྱས་པ་ན་དངོས་གནས་ཚ་ཡི་འདུག་པས་རྨི་ལམ་མ་ཡིན་པ་ར་སྤྲོད་བྱུང་སྟེ་ཡིད་ཚིམ་པར་གྱུར་ཞིང་། ཐ་ན་ནངས་མོ་ཨ་མས་འབོད་དུས་ཀྱང་ད་དུང་དེ་དག་མངོན་སུམ་ཡིན་པར་རློམ་ནས་དགའ་བཞིན་འདུག ཡིན་ན་ཡང་ནངས་མོ་ཨ་མས་ཁོ་མོ་བོས་ནས་གཉིད་ལས་སད་དུས་སུ་ནམ་གསལ་ཐག་ཆོད་འདུག་ལ། མུན་པས་གཏིབས་པའི་ཁང་ཁྱིམ་དང་ཐབ་དུད་ཀྱི་སྣ་ཚ་བའི་དྲི་མ། མདོག་ངན་ཞིང་འདྲིས་ཆ་ཆེ་བའི་ཅ་ལག་་་་་་་་མིག་མདུན་གྱི་ཡོད་ཚད་ཁོ་མོའི་རྨི་ལམ་དང་ཡོངས་སུ་འགལ་འདུག་པ་མཐོང་ནས་སེམས་ཁོང་གི་སྤྲོ་སྣང་ཡོད་ཚད་དེ་མ་ཐག་ཐལ་བ་བཞིན་དུ་གྱུར་སོང་།
  ཁོ་མོས་ནམ་རྒྱུན་ལྟར་ཁྱིམ་དང་ཕྱི་ལྷས་ལ་གད་བདར་གཙང་མ་བྱས་ཤིང་། དེ་རྗེས་ཐབ་ཀའི་ནང་དུ་མེ་ཁ་གསོས་ཤིང་ཁ་ལག་བཀྲུས་ནས་བསང་ཕུད། མཇུག་མཐར་ཟངས་དེམ་ནང་དུ་ཆུ་བླུགས་ནས་མ་བུ་གསུམ་གར་ནངས་ཇ་བསྐོལ་བ་རེད། ནངས་ཇ་ཁོལ་མཚམས་ཨ་ནེ་བཀྲ་ཁོ་ཡང་མལ་ལས་ལངས་ཏེ་སྐ་རགས་བཅིངས་པ་རེད་ལ་ལན་རེར་སྐྱ་བྷོ་ནི་ཤུལ་དུ་ཉལ་ནས་ཉིན་གུང་ཙམ་ལ་མ་གཏོགས་མི་ལངས་པས་ཁོ་རང་གི་རང་མོས་ལྟར་བྱེད་དུ་འཇུག་པ་ལས་དེར་ཐེ་གཏོགས་བྱེད་མཁན་གཅིག་ཀྱང་མེད། ན་ནིང་ལོར་ཁོ་རང་ལོ་བདུན་ལ་སོན་པས་སློབ་གྲྭར་ཡོང་དགོས་ཞེས་བརྡ་ཐོ་བཏང་བྱུང་ཡང་ཨ་ནེ་བཀྲ་ཁོས་བྱིས་པ་ནད་པ་འདི་འདྲ་ཞིག་ཡི་གེ་ག་ལ་ཤེས་ཟེར་ནས་མ་གློད་པས་དགེ་རྒན་དག་ཀྱང་ཐབས་ཟད་ནས་བསྐྱུར་བ་རེད། དེ་རིང་ཡང་ཁོ་རང་ཤུལ་དུ་ཉལ་ནས་འདུག་པས། ཨ་ནེ་བཀྲ་ཁོས་ཁོར་བལྟས་ནས་ཧ་ཅང་གཅེས་པའི་འཛུམ་ཞིག་བསྟན་རྗེས་ཚ་ཐབ་སྟེང་ནས་སར་བབས་ཏེ་ཁ་ལག་བཀྲུས་ལ། ཁ་ལག་བཀྲུ་ཞོར་དུ་ནང་སྒོ་ལས་ཕྱི་རོལ་ཏུ་ལྟ་ཙམ་གྱིས་། ཚེ་སྐྱིད་ཀྱི་མིང་ནས་མི་འབོད་པར་སུ་ཞིག་ལ་བཤད་ཀྱིན་པའང་མི་གསལ་བའི་ངང་། “ཁྱོད་སྒོར་བུད་དང་། མི་ཞིག་ཡོང་གིན་འདུག་”ཟེར།
  ཚེ་སྐྱིད་མྱུར་དུ་ནང་སྒོ་ལས་འབུད་དུས་ཨ་ཁུ་དབང་ལོ་ལྷས་དཀྱིལ་དུ་ཐོན་འདུག་པས། ཚེ་སྐྱིད་ཀྱིས། “ཨ་ཁུ་དབང་ལོ་ཅི་འདྲའི་སྔ་ཨང་། འགྲོཁྱིམ་ནང་དུ་འགྲོ་”ཞེས་ནང་དུ་བསུས།
  ཨ་ཁུ་དབང་ལོས་ཚེ་སྐྱིད་ལ་ཞིབ་ལྟ་ཞིག་བྱས་རྗེས་དགོད་བཞིན་དུ། “སྔ་རྒྱུ་ཡང་མི་འདུག་མོད། ཨ་མ་མལ་ལས་ལངས་ཟིན་ནམ་”ཟེར་ཞོར་དུ་ཁྱིམ་ནང་དུ་འཛུལ་བྱུང་།
ཨ་ནེ་བཀྲ་ཁོས་ཀྱང་ཨ་ཁུ་དབང་ལོ་ཡིན་པ་ཤེས་འཕྲལ་དགོད་བཞིན་དུ་“ངེད་ཚང་ཉལ་སྐྱག་ཏུ་ཤོར་ནས་ད་སོ་མར་ལངས་པ་ཡིན། ད་དུང་ནངས་ཇ་ཡང་འཐུང་མེད། ཁྱོད་གོ་ཁར་སྡོད་དང་ང་ཚོས་ལྷན་དུ་ནངས་ཇ་འཐུང་”ཟེར།
  ཨ་ཁུ་དབང་ལོས་གོ་ཁར་བསྡད་རྗེས་ཨ་ནེ་ཚེ་སྐྱིད་ལ་བལྟས་ཏེ། ཁོ་རང་ཁ་སང་ལྷས་རར་སོང་སྟེ་ཡུལ་ཚོའི་ཡིད་རྟོན་ཁང་གི་དངུལ་བུན་འཇལ་ཚུལ་དང་ཁོ་མོ་ཚང་གི་སྒོར་སྟོང་གཅིག་གི་དངུལ་བུན་བསྐྱིས་པ་ཡང་དོམ་འདེད་བྱེད་ཀྱིན་ཡོད་ཚུལ་བཤད་བྱུང་བས། ཨ་ནེ་ཚེ་སྐྱིད་ཀྱང་བུད་མེད་ཁོག་དཔུང་ཅན་ཞིག་ཡིན་པས་དེ་མུར་རང་ཉིད་ཀྱི་ལ་རྒྱ་ཤོར་དུ་མ་བཅུག་པར། “ངོ་མ་བདེན། སྒོར་མོ་སྔོན་ནས་གྲ་སྒྲིག་བྱས་ཏེ་ཡོད་མོད་སྤྲོད་དུ་འགྲོ་མ་ཐུབ་པར་ད་བར་དུ་ལུས་སོང་བ་རེད། ཁྱིམ་ནང་དུ་མི་གོ་ཆོད་ཅིག་མེད་ན་འདི་འདྲ་རེད་”ཟེར།
  ཨ་ཁུ་དབང་ལོས་སླར་ཡང་ཚེ་སྐྱིད་ལ་ལྟ་བཞིན་དུ། “འོ་ན་ཚེ་སྐྱིད་སྤྲོད་དུ་སོང་ན་མི་ཆོག་གམ། ཡུན་རིང་འགོར་ན་ད་དུང་ཆད་པ་ཡང་ཡོད་སྐད་འདུག་”ཟེར།
  ཨ་ནེ་བཀྲ་ཁོ་ཡང་གོ་ཁར་ཡོང་སྟེ་བསྡད་རྗེས་ཚེ་སྐྱིད་ལ་མཐོང་ཆུང་གི་ཉམས་དང་བཅས་“ཁོ་མོས་དེ་འདྲ་ཙམ་ཡང་ནུས་པ་མ་རེད། སྤྱིར་ན་ལག་ལ་མག་པ་ཞིག་ཨེ་ཡོང་སྙམ་པ་ཡིན་མོད། མག་པར་ཡོང་མཁན་ཡང་མི་འདུག་”ཟེར་བས། ཕ་རོལ་ན་ཇ་ལྡུག་གིན་པའི་ཚེ་སྐྱིད་ཀྱི་ངོ་མདངས་དམར་བོར་གྱུར་ཏེ་མགོ་འདེགས་མི་ཕོད་པར་གྱུར།
ཨ་ཁུ་དབང་ལོས་ཁོ་མོའི་སྐད་ཆར་བཟོ་བཅོས་ཀྱི་ཚུལ་དུ། “ཤ་གཙང་རུས་གཙང་ཡིན་པས་མག་པ་ནི་ལག་ཏུ་ལོས་ཡོང་མོད། ངོ་མ་ད་ལྟའི་བྱིས་པ་དག་གི་དོན་དག་ཧ་ཅང་དཀའ་མོ་རེད། དོན་གྲུབ་ཀྱང་རྫོང་ཐོག་ཏུ་ཡོད་པ་རེད་མོད་ཆུང་མ་དང་ཁོ་གཉིས་ཀ་འཐོར་རྒྱུ་ཡིན་ཟེར་ནས་གཏན་ནས་འགྲིག་གིན་མི་འདུག  ད་ནི་མི་འགྲིག་བཟའ་ཚང་འཐོར་ན་བཟང་ཟེར་བ་ལྟར་རེད་པས། ངའི་བསམ་ཚུལ་ཡིན་ན་ཚེ་སྐྱིད་དང་ཁོང་གཉིས་ཀ་ལྷན་དུ་འདུག་ཏུ་བཅུག་ན་སྙམ་པ་ཡིན། ང་རང་དེ་རིང་སྔ་སེ་ཡོང་དོན་ནི་ཁྱོད་ལ་བསམ་འཆར་ཞིག་འདྲི་རུ་ཡོང་བ་ཡིན། གང་ལྟར་ཚང་མ་སྡེ་བ་གཅིག་གི་མི་ཡིན་པས་ཕན་ཚུན་ལ་ཆ་རྒྱུས་གསལ་བོ་ཡོད་པ་རེད་”ཟེར།
  ཨ་ནེ་བཀྲ་ཁོ་ནི་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་གྱུར་སོང་། ཁོང་ཚང་གི་དོན་གྲུབ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པར་མ་ཟད་ད་དུང་དཔོན་པོའི་གོ་ས་ཡང་ཡོད་པ་རེད་དེ། ནམ་རྒྱུན་རླངས་འཁོར་ཆུང་བར་བསྡད་ནས་ཡུལ་དུ་ཡོང་དུས་མི་ཚང་མས་ཡིད་སྨོན་བྱེད་ཀྱིན་པ་མིན་ནམ། ཁོ་མོས་རེ་ཞིག་ཅི་ཞིག་བཤད་དགོས་པ་ཡང་མ་ཤེས་པར་། “ཨ་ཙི། ཁོང་གཉིས་ཀ་ཡང་འགྲིག་གིན་མེད་པ་རེད་དམ། འཐོར་དགོས་པའི་ཚད་ལ་འགྲོ་མི་སྲིད་ཨང་”ཟེར་ནས་ཨ་ཁུ་དབང་ལོའི་གདོང་ལ་ཅེར་བྱུང་།
ཨ་ཁུ་དབང་ལོས་ཐབས་ཟད་པའི་ངང་མགོ་བོ་འཕྲེད་དུ་གཡུག་གཡུག་འགའ་བྱས་ཏེ། “དེང་ཐོག་ངས་ཀྱང་དེ་ལྟར་སྙམ་པ་ཡིན་མོད། ཁོང་གཉིས་ལོ་བཅུ་ལ་ལྷན་དུ་བསྡད་ཀྱང་ད་དུང་ཡང་བྱིས་པ་མི་འདུགད་ལྟ་ཁོའི་བསམ་ཐོག་ཏུ་མི་འཇོག་ཐབས་མེད་དུ་གྱུར་འདུག་”ཟེར།
  ཨ་ནེ་བཀྲ་ཁོ་ད་དུང་ཡང་ཡིད་ཆེས་ཀྱིན་མེད་པར་། “འོ་ན་་་་འོ་ན་་་་་ཁྱོད་ཚང་གི་དོན་གྲུབ་ལ་་་་་་ངེད་ཚང་གི་ཚེ་སྐྱིད་་་་་་་་རེད་ཡ། ཁོ་རང་འཐད་མིན་སུས་ཤེས། གཙོ་བོ་ཁོ་རང་འཐད་དགོས་པ་རེད་ཡ་”ཞེས་བཤད་དགོས་བྱུང་།
  ཨ་ཁུ་དབང་ལོས་གདེང་ཚོད་ཡོད་པའི་སྒོ་ནས་“ཁོ་ཅི་ལ་མི་འཐད་ཨང་། ཡང་གཅིག་བཤད་ན་ད་ལྟ་ཁོ་རང་ཡང་ལོ་ཆུང་རྒྱུ་མེད་པས་རང་དང་འདྲ་བའི་ལས་བྱེད་པ་ཞིག་ལག་ཏུ་ཡོང་དཀའ་མོ་རེད། ད་དུང་ཚེ་སྐྱིད་ནི་བུ་མོ་ཅི་འདྲ་བཟང་བར་ང་ལ་གསལ་ཆ་ཡོད་པས་ང་ཆེད་དུ་ཁྱོད་ལ་གྲོས་བྱེད་དུ་ཡོང་བ་ཡིན་”ཟེར་ནས་མིག་ཟུར་གྱིས་ཚེ་སྐྱིད་ཀྱི་ཕྱོགས་སུ་ལྟ་ཙམ་བྱས་བྱུང་ལ། སྐབས་དེར་ཚེ་སྐྱིད་ནི་ཅུང་ངོ་གནོང་བའི་ཚུལ་གྱིས་ཕ་རོལ་ན་མགོ་བོ་དུད་དེ་ཇ་འཐུང་རྒྱུ་ཡང་བརྗེད་པ་ལྟར་གྱུར་འདུག
ཨ་ནེ་བཀྲ་ཁོ་ཅུང་འཚབ་འཚབ་པོར་གྱུར་ཏེ། “ང་ལ་གྲོས་བྱེད་རྒྱུ་ཅི་ཡོད་ཨང་། གཙོ་བོ་ཁོང་གཉིས་ཀ་འཐད་དགོས་པ་རེད། ངས་ཀྱང་ཁོ་མོའི་བསམ་འཆར་བླངས་ཆོག ཁྱོད་ཀྱིས་ཇ་འཐུང་དང་”ཟེར།
  ཨ་ཁུ་དབང་ལོས་མུ་མཐུད་དུ་ཇ་མི་འཐུང་བར་ཧ་ཅང་ནན་ཏན་ངང་། “གཙོ་བོ་ཁྱོད་རང་འཐད་དགོས་པ་རེད། བུ་མོར་སློབ་གསོ་ཡང་ཁྱོད་ཀྱིས་གཏོང་དགོས་པ་རེད། ངས་ཁྱོད་ཀྱི་ལན་ལ་སྒུག་ནས་འདུག”ཅེས་བཤད་རྗེས་ཡར་ལངས་ནས་འགྲོ་རྩིས་བྱས་བྱུང་།
  “ད་དུང་ཅུང་ཙམ་ལ་མི་འདུག་གམ་”ཨ་ནེ་བཀྲ་ཁོས་དེ་ལྟར་ཟེར་བཞིན་ཡར་ལངས་ནས་ཁོ་ལ་སྐྱེལ་མ་བྱས་བྱུང་། ཚེ་སྐྱིད་ཀྱང་ཡར་ལངས་ནས་མགོ་བོ་དུད་བཞིན་ཁོང་གཉིས་ཀྱི་རྗེས་དེད་ནས་ཕྱི་སྒོའི་བར་དུ་སོང་བ་ལས་ཨ་ཁུ་དབང་ལོར་སྐྱེལ་མ་བྱེད་པའི་ཚིག་གཅིག་ཀྱང་བཤད་རྒྱུ་ཡང་མ་བྱུང་།
  ཨ་ནེ་བཀྲ་ཁོ་ཕྱིར་ཁྱིམ་དུ་ཡོང་དུས་གདོང་ལ་འཛུམ་གྱིས་ཁེངས་ནས་སྤྲོ་བ་ཁོག་ལ་ཆུད་ཀྱིན་མི་འདུག ནངས་མོ་དེ་ནས་བཟུང་ཨ་ནེ་བཀྲ་ཁོས་རང་གི་བུ་མོ་ཚེ་སྐྱིད་ལ་བཟུང་བའི་རྣམ་འགྱུར་ཡང་རྩ་བ་ནས་འགྱུར་སོང་། མིང་ནས་འབོད་དུས་ཀྱང་བླུན་མོའམ་ཡང་ན་མིང་ནས་མི་འཛིན་པ་སོགས་གཏན་ནས་མི་བྱེད་པར་ཚེ་བྷོ་ཞེས་འབོད་པ་དང་། མི་གཞན་ལ་ཁ་བརྡ་བྱེད་པའི་དུས་སུ་ཡང་ངེད་ཚང་གི་ཚེ་བྷོ་ཞེས་ཟེར་ཞིང་། ཐ་ན་ཉིན་གུང་དེར་ཁྱིམ་མཚེས་ཨ་ནེ་མཚོ་མོ་ཡོང་སྟེ་ཁོང་ཚང་ལ་ཤིང་རྟ་གཡར་དུས་ཀྱང་ཁོ་མོ་བཀག་ནས་འགྲོ་རུ་མ་བཅུག་པར་། ཁོང་ཚང་གི་བུ་མོ་ཚེ་སྐྱིད་ཀྱི་བཟང་ཆ་མང་པོ་ཞིག་བརྗོད་པ་སྟེ། ཚེ་བྷོ་ད་བར་དུ་གནས་ལ་མི་འགྲོ་དོན་ནི་གནས་ཡུལ་མ་རྙེད་པ་མ་ཡིན་པར་རང་ཉིད་དང་སྐྱ་བྷོ་གཉིས་ཀ་ཤུལ་དུ་བསྐྱུར་བར་བློས་མ་ཆོད་པ་ཡིན་ཚུལ་དང་། ད་བར་དུ་མག་པ་མ་བླངས་པ་ཡང་ལག་ཏུ་མག་པ་མ་ཡོང་བ་མིན་པར་མག་པ་བློར་འབབ་ཅིག་འཕྲད་མ་བྱུང་བ་ཡིན་ཚུལ། ད་ནི་བུ་མོ་ཡང་ཆུང་རྒྱུ་མེད་པས་གནས་ལ་སྟེར་བའམ་མག་པ་ཞིག་བཙལ་དགོས་ཚུལ་སོགས་ལབ་གླེང་བྱས་པ་རེད།
  ཁྱིམ་མཚེས་ཨ་ནེ་མཚོ་མོ་ནི་རྒན་མོ་གཞུང་དྲང་ཞིག་ཡིན་ཞིང་། དེ་སྔོན་ཨ་ནེ་བཀྲ་ཁོས་ཚེ་སྐྱིད་ལ་སྡིགས་མོ་བྱེད་པའི་དུས་དག་ཏུ་ཁོ་མོས་ཐེངས་གཅིག་མིན་པར་ཨ་ནེ་བཀྲ་ཁོར། བྱིས་པས་སྐྱོན་ལས་པ་ནི་མི་སྲིད་པ་ཞིག་མ་རེད། ཁྱོད་ཀྱིས་ཁོ་མོར་ལེ་བདའ་དེ་འདྲ་མ་བྱེད། བྱིས་པའི་སེམས་ལ་བསྣད་འགྲོ་ཞེས་གོ་བསྐོན་སློབ་གསོ་ཐེངས་མང་བཏང་མྱོང་བས། དེ་རིང་ཨ་ནེ་བཀྲ་ཁོས་དེ་ལྟར་བཤད་པ་ཐོས་འཕྲལ་ཧ་ཅང་དགའ་བའི་ངང་། “འོ་ལོས་འོ་ལོས། ངས་ཀྱང་དེ་ལྟར་བཤད་པ་ཡིན། བུ་མོ་འདི་འདྲའི་ཡག་པ། འདི་འདྲའི་བཟང་མོ་ཞིག་ལ་གནས་བདག་མེད་པ་ག་ལ་སྲིད། ད་དུང་མག་པ་ཡང་བཟང་བོ་ཞིག་ཐེམས་ངེས་རེད། ”ཅེས་བཤད་རྗེས་སླར་ཡང་གན་དུ་ཡོད་པའི་ཚེ་སྐྱིད་ལ་བལྟས་ཏེ་ཀུ་རེའི་ཚུལ་དུ། “གཙོ་བོ་རྗེས་ནས་གནས་ཡུལ་བཟང་བོ་ཞིག་ལ་ཕྱིན་རྗེས་ཨ་ནེ་ང་མ་བརྗེད་ན་དེ་ཡིན། ”ཟེར་བས་ཚེ་སྐྱིད་ཀྱང་ཁ་སྐྱེངས་ཏེ་ངོ་མདངས་དམར་པོར་གྱུར་སོང་།
  སྐབས་འདི་དག་ཏུ་ཨ་ནེ་བཀྲ་ཁོ་མ་བུ་གཉིས་ཀྱི་སེམས་ཀྱི་བདེ་སྐྱིད་ནི་མཚོན་ཐབས་མེད་པ་ཞིག་རེད། ཚེ་སྐྱིད་ལ་མཚོན་ན་རང་ཉིད་ཀྱིས་ད་བར་དུ་རེ་ཞིང་བསྙེགས་པའི་འདོད་བློ་དེའི་དོན་དུ་ཕམ་ཉེས་རིམ་པ་མང་པོ་བརྒྱུད་ནས་ད་ནི་རེ་ཆད་དུ་གྱུར་བའི་སྐབས་སུ་གློ་བུར་དུ་མར་གྲོག་གནམ་ལས་ལྷུང་བའི་དཔེ་རུ་གྱུར་བ་རེད། ངོ་མ་བཤད་ན་ཁོ་མོ་ཡང་ཨ་ཁུ་དབང་ལོ་ཚང་གི་དོན་གྲུབ་ལ་གསལ་ཆ་དག་པོ་ཡོད་པའི་ཁར་དེ་སྔོན་སྡེ་བའི་ནང་གི་བུ་མོ་གཞན་དག་དང་འདྲ་བར་ཁོ་རང་ལ་ཡིད་སྨོན་བྱེད་པའི་གྲས་ཀྱང་ཡིན། དེ་དུས་བུ་མོ་ཅུང་ཆེ་བ་འགའ་རེས་ད་དུང་ལྐོག་ཏུ་ཕན་ཚུན་ལ་འདི་ལྟར་བཤད་ཀྱིན་ཡོད་དེ། གལ་ཏེ་དོན་གྲུབ་ལྟ་བུ་ཞིག་གི་ཆུང་མར་གྱུར་བ་ཡིན་ཚེ་མི་ཚེ་གང་བོར་ལུང་གྲོག་སྐམ་པོ་འདི་ནས་ས་འབད་རྡོ་འབད་བྱས་ཏེ་སྡོད་ག་ལ་དགོས། མཁར་གྲོང་དུ་སོང་ནས་ཁང་བ་ཡག་པོའི་ནང་དུ་གྱོན་གོས་གྲལ་དག་གོན་ནས་བསྡད་ཆོག་པ་རེད་ཟེར་ཞིང་། འགའ་རེས་ད་དུང་ཚེ་སྐྱིད་ལ་ཀུ་རེའི་ཚུལ་དུ། “ཚེ་སྐྱིད། ཁྱོད་ལ་ངོ་མ་ཡག་མོ་སྒོ་འཛོམས་པས་རྗེས་ནས་དོན་གྲུབ་ལྟ་བུའི་དཔོན་པོ་ཞིག་གི་ཆུང་མ་བྱེད་མི་ཐུབ་ན་ཡང་རླངས་འཁོར་ཁ་ལོ་བ་ཞིག་གི་ཆུང་མར་འགྱུར་ངེས་རེད་པས། དེ་དུས་སུ་ང་ཚོ་རླངས་འཁོར་ནང་དུ་འཁྱེར་རྒྱུ་བརྗེད་མི་ཉན་ཡ་”ཟེར་ནས་གད་མོ་དགོད་པར་བྱེད། སྐབས་དེར་ཚེ་སྐྱིད་ནི་ཁོ་ཚོ་ལས་ལོ་ཆུང་བར་ཡོད་པས་སྐད་ཆ་དེ་དག་ཐོས་འཕྲལ་ཧ་ཅང་ཁ་སྐྱེངས་པའི་ཚུལ་སྟོན་ཡང་། དོན་ངོ་མར་ཁོ་མོར་ཡང་ཁོ་ཚོ་དང་འདྲ་བའི་རྨི་ལམ་ལྟ་བུའི་ཧ་ཅང་མཛེས་པའི་རེ་སྨོན་ཞིག་ཅི་ལ་མེད། ད་ལྟ་བུ་མོ་དེ་དག་གི་རེ་སྨོན་དེ་རང་ཉིད་ཀྱི་ཐོག་ནས་མངོན་འགྱུར་བྱས་སོང་བས་ཁོ་མོའི་རེ་ཐག་ཆད་པའི་མིག་ཟུང་ལ་རེ་བ་དང་ཡིད་ཆེས་ཀྱི་འོད་མདངས་བསྐྱར་དུ་འཚེར་ཞིང་མཛེས་པའི་ལང་ཚོ་ལ་གསོན་ཤུགས་བསྐྱར་དུ་རྒྱས་ངེས་པ་སྨོས་ཅི་དགོས།
  ཕྱི་དྲོ་དེར་ཨ་ནེ་བཀྲ་ཁོས་བསམ་བློ་ཡང་ཡང་བཏང་རྗེས་ཚེ་སྐྱིད་ལ་བལྟས་ཏེ། “ཚེ་བྷོ། སང་ཉིན་མི་ཁོམ་མོད། ཉིན་འགའ་ཡི་རྗེས་ནས་ཁྱོད་ཡུལ་ཚོའི་ཡིད་རྟོན་ཁང་དུ་སོང་ལ་དངུལ་བུན་དེ་སྤྲོད་རྒྱུ་བྱོས། ངའི་བུ་མོས་ད་བར་དུ་གྱོན་གོས་ཡག་པོ་ཞིག་ཀྱང་གོན་ཐུབ་མེད་པས་ད་དུང་རང་ཉིད་ཀྱི་བློར་འབབ་པའི་ལྭ་བ་ཞིག་ཀྱང་ཉོས་ཤིག་”ཟེར།
ཨ་མའི་སྐད་ཆ་དེ་ཐོས་འཕྲལ་ཚེ་སྐྱིད་ཀྱི་མིག་ཟུང་ལས་དགའ་བ་དང་སྐྱོ་བ་གང་ཡིན་མི་ཤེས་པའི་མིག་ཆུའི་རྒྱུན་ཤུར་ཤུར་དུ་བཞུར་བྱུང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༣

2012-03-16 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།