ཡུལ་སྐོར་སྣེ་ཤན་པ་བཀྲ་ཤིས་ཟླ་བ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-07

  “ཏིར   ཏིར  ཏིར”ཁ་པར་གྱི་སྒྲ་གྲགས་བྱུང་།  “ཝེ།མ་རེད།ཧེ་ལའོ། ”ཞེས་བོད་ལྗོངས་གཞིས་རྩེ་ས་ཁུལ་ནས་ཡིན་པའི་ ཡུལ་སྐོར་སྣེ་ཤན་པ་བཀྲ་ཤིས་ཟླ་བས་ཁ་པར་ལས་དེ་ལྟར་བཤད། ཁོའི་སྐད་ཆའི་ཤོད་སྟངས་ལ་བལྟས་ན།ཕྱི་རྒྱལ་གྱི་ཡུལ་སྐོར་ བ་ཞིག་གིས་ཁོ་ལ་ཁ་པར་བཏང་བ་འདྲ།ཁོ་དང་བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་གཉིས་དབྱིན་ཇིའི་སྐད་ཀྱི་ཐོག་ནས་སྐར་མ་གསུམ་ལྷག་རིང་ཁ་བརྡ་བྱས་སོང་།ཁོས་དེ་མ་ཉིད་དུ་གདོང་ནས་འཛུམ་མདངས་ཤིག་ཕྱུར་བཞིན་རང་གི་ཆུང་མར།“ཟླ་བ་བུ་ཁྲིད།མགྱོགས་པོ་ངའི་ཡུལ་སྐོར་སྣེ་ཤན་པའི་ལག་འཁྱེར་དེ་མར་འཁུར་ཤོག་དང་།”ཞེས་ཤོད་བཞིན། མལ་ཁྲིའི་ཟུར་དུ་བཀལ་བའི་དཔེ་གསར་ཅན་གྱི་སྟོད་ཐུང་དེ་གོན་ཞིང་ཁ་སང་ཉོས་མ་ཐག་ཡིན་པའི་འཇུར་རྟ་དེ་གྱོན་ནས་མྱུར་མོར་བཀྲ་ཤིས་ལྷུན་པོ་དགོན་པའི་ཐང་ཆེན་དུ་ཁ་ཕྱོགས་སོང་།   
  བཀྲ་ཤིས་ཟླ་བ་ནི་གཞིས་རྩེ་གྲོང་ཁྱེར་གྱི་མི་ཞིག་ཡིན་ཞིང་། ཁོ་སློབ་ཆུང་ལོ་རིམ་དྲུག་པ་ཐོན་རྗེས་མུ་མཐུད་སློབ་གྲྭ་ འགྲིམ་པའི་གོ་སྐབས་བྱུང་མེད་པ་རེད། རྒྱུ་མཚན་ནི་ཁོའི་ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་ཞིང་། ཁོའི་ཕ་མ་གཉིས་དགུང་ལོ་ མཐོ་ཞིང་ཕ་མ་གཉིས་ལ་ཕྲུ་གུ་ཁོ་གཅིག་པོ་ལས་མེད་པས་ཁོ་སློབ་གྲྭར་སོང་ན་ཕ་མ་གཉིས་ལ་བསྙེན་བཀུར་ཞབས་ཏོག་སྒྲུབ་ མཁན་མེད་པས་རེད། དེ་ནས་བཟུང་ཁོ་སློབ་གྲྭ་ལ་འགྲོ་བའི་བསྐལ་བ་བྱུང་མེད།
  ལོ་རིམ་དྲུག་པ་ནས་སློབ་ཐར་ཕྱིན་པའི་ལོ་དེར། ཁོས་ཁྱིམ་ནས་ཐོན་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཙུགས་ པའི་ཨར་ལས་ཀྱི་ལས་གྲྭ་ཞིག་ཏུ་ལས་ཀ་ཙག་ཙིག་བྱས་ནས་བསྡད།ལས་གྲྭ་དེའི་ནང་ཁོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ཀ་ཧུར་ཐག་འབད་ཐག་བྱས་པས། ཁོའི་ལག་གཉིས་སེར་ཁས་ཡོངས་སུ་ཁེངས་ཤིང་ཁོ་ལ་ཐོབ་པའི་གླ་ཆ་ནི་ཧ་ཅང་ གི་ཉུང་ཉུང་ཡིན་སྟབས། འཚོ་བ་འཁྱོལ་ཐབས་གཏན་ནས་མེད་པ་རེད། ངོ་མ་རེད་ཡཱ། གྲོང་ཁྱེར་ནང་ལས་ཀ་ཙག་ཙིག་བྱས་ ནས་སྡོད་མཁན་གྱི་མི་ཞིག་ལ་མཚོན་ནས་བཤད་ན། འཚོ་བའི་ཐོག་དཀའ་ངལ་མི་འཕྲད་པ་ག་ལ་སྲིད། རྒྱུ་མཚན་ནི་གྲོང་ཁྱེར་ ནང་ཅ་ལག་གི་གོང་ཚད་མཐོ་ཞིང་དེའི་ཐོག་ཁང་གླ་ནས་གཙོས་པའི་གློག་རིན་དང་། ཆུ་རིན། ཐ་ན་གསང་སྤྱོད་ལ་གཅིན་པ་ གཏོང་བར་ཕྱིན་ཀྱང་སྒོར་མོ་སྤྲོད་དགོས་པས་རེད། འོན་ཀྱང་། ཁོ་ལ་ཐབས་ཤེས་ཅི་ཡོད། ལོ་རིམ་དྲུག་པ་ཐོན་པའི་སློབ་ཐོན་ ལག་འཁྱེར་ཞིག་འཁྱེར་ནས་གྲོང་ཁྱེར་ནང་ལས་ཀ་ཡག་པོ་ཞིག་འཚོལ་རྒྱུ་ནི་དངོས་ནས་དཀའ་ཚེགས་ཆེ་བ་ཞིག་མ་རེད་དམ། ལས་གྲྭའི་ནང་དཀའ་ཚེགས་ཆེན་པོས་ལས་ཀ་བྱ་རིང་། ཁོས་ད་གཟོད་སྔོན་ཆད་ཀྱི་སློབ་གྲྭའི་འཚོ་བ་ནི་ཅི་འདྲའི་བདེ་སྐྱིད་ ལྡན་ཞིང་མདུན་ལམ་དང་ཕུགས་བསམ་གྱིས་ཕྱུག་པ་ཞིག་ཡིན་པ་ཚོར་ལ། རང་ཉིད་ཀྱང་སློབ་མ་གཞན་པ་དང་འདྲ་བར་མུ་ མཐུད་སློབ་གྲྭའི་འཚོ་བ་ལ་རོལ་རྒྱུ་བྱུང་ན་ཅི་མ་རུང་ཨང་སྙམ་གྱིན་ཡོད། འོན་ཀྱང་། ཁོ་སློབ་གྲྭར་ཕྱིན་ན་ཕ་མ་གཉིས་ཇི་ལྟར ་བྱ་སྙམ་པས།ཁོའི་སེམས་ན་འགལ་བས་ཡོངས་སུ་ཁེངས་ཡོད་པ་སུ་ཞིག་གིས་རྟོགས་ནུས།
   ཉིན་ཞིག་ཁོ་ལས་གྲྭའི་ནང་ལས་ཀ་བྱེད་བཞིན་ཡོད་སྐབས་ལས་གྲྭ་དེའི་སྦྱིན་བདག་གིས་ཁོ་གཞུང་ལས་ཁང་ནང་བོས་ཏེ་ཁོ་ལ་ཟླ་དེའི་ལས་ཀ་བྱས་པའི་གླ་ཆ་རྣམས་ཆད་ལྷག་མེད་པའི་ངང་སྦྱིན་ནས། དེ་རིང་ནས་བཟུང་ཁྱེད་ལས་གྲྭའི་ནང་ལས་ཀ་བྱེད་པར་ཡོང་མི་དགོས་ཟེར། ཁོས་སྦྱིན་བདག་གི་གམ་དུ་པུས་མོ་བཙུགས་ནས་མུ་མཐུད་ལས་གྲྭ་དེའི་ནང་ལས་ཀ་བྱེད་པར་ ཉར་རོགས་ཞེས་ཞུ་བ་བྱས། སྐྱེས་པ་བུ་ཞིག་ལ་མཚོན་ནས་བཤད་ན། གཞན་གྱི་གམ་དུ་པུས་མོ་བཙུགས་ནས་ཞུ་བ་བྱེད་པ་དེ་ ནི་དེ་འདྲའི་འུ་ཐུག་ཐབས་ཟད་ཅིག་མ་རེད་དམ།ཡིན་ཀྱང་སྦྱིན་བདག་གིས་རྫོགས་མཐའ་མེད་པའི་རྒྱུ་རྐྱེན་འབའ་ཞིག་བཤད་པས་ཁོ་མུ་མཐུད་ལས་གྲྭའི་ནང་ལས་ཀ་བྱེད་པའི་གོ་སྐབས་མེད་པ་རེད། ཁོས་རང་གི་ཉལ་ཆས་དང་ཅ་དངོས་ཙག་ཙིག་ རྣམས་སྒལ་བར་འཁུར་ནས་ལས་གྲྭ་དེ་ནས་ཁ་བྲལ། ཁོ་གཞུང་ལམ་ཐོག་གོམ་པ་འཁྱར་ཁྱོར་ངང་སྤོ་བཞིན་གདོང་ནས་ཐལ་ མདོག་གི་ཉམས་ཤིག་སྟོན་གྱིན་འདུག་ཀྱང་། ཁོའི་མིག་ཟུང་ལས་སྔར་བཞིན་གྲུང་ཤ་དོད་ཅིང་རེ་བས་ཕྱུག་པའི་མདངས་ཤིག་ མངོན་བཞིན་ཡོད་པར་བལྟས་ན། ཁོ་ལ་འཚོ་བའི་དམིགས་ཡུལ་གསར་པ་ཞིག་རྙེད་ཡོད་པ་འདྲ། ཁོས་གླ་སྤྱོད་རླངས་འཁོར་ ཞིག་གི་ནང་བསྡད་དེ་ཤར་རེར་ཕ་མ་གཉིས་ཀྱི་གམ་དུ་ཆས་སོང་། ཁོ་ཁྱིམ་གྱི་སྒོ་འཛུལ་མ་ཐག་ཕ་མ་གཉིས་པོས་ཁོའི་གདོང་ ལ་ཞིབ་མོར་བལྟས་ཏེ་དངངས་སྐྲག་དང་བཅས་“བུ། རང་ལ་ན་ཚ་གང་ཕོག་མ་བྱུང་ངམ།བུ་རང་ལྟོས་དང་། རང་ཤ་སྐམ་རུ་ཞེ་ དྲག་ཕྱིན་ཞག ཕ་མ་གཉིས་ཀྱི་ཆེད་དུ་བུ་རང་སྡུག་མཐོང་སོང”ཅེས་ཕ་མ་གཉིས་པོས་རང་ལ་ལེ་འདའ་དང་འཁང་རའི་ཚུལ ་གྱིས་དེ་ལྟར་བཤད། ཁོས་འཛུམ་དང་བཅས་“ང་ཐང་ཐང་ཡིན། ངའི་ལུས་པོ་ལྕགས་འདྲ་བ་འདི་ལ་ན་ཚ་ག་པར་ཕོག་གི་རེད།  ངས་པཱ་ལགས་ཨ་མ་ལགས་གཉིས་པོ་ཧ་ཅང་གི་དྲན་པོ་བྱུང” ཅེས་བཤད་པ་ལས།ཁོ་རང་ལས་གྲྭའི་ སྦྱིན་བདག་གི་ལས་ ཀ་ནས་ཕྱིར་སློག་བྱས་པའི་གནས་ཚུལ་ཕ་མ་གཉིས་ལ་བཤད་མེད། རྒྱུ་མཚན་ནི་ཕ་མ་གཉིས་པོས་ཁོ་ལ་སེམས་ཁྲལ་བྱེད་ ངེས་རེད་སྙམ་པས་རེད།
ཁོ་ཁྱིམ་དུ་སླེབས་ནས་ཉིན་མ་ལྔ་འདས་རྗེས་ཁོས་ཕ་མ་གཉིས་ལ་རང་ཉིད་མུ་མཐུད་སློབ་གྲྭར་འགྲོ་འདོད་ཡོད་ཚུལ་དང་། ཡོན་ཏན་མེད་ན་གྲོང་ཁྱེར་ཆེན་པོ་དེའི་ནང་འཚོ་བ་སྐྱེལ་དཀའ་ཚུལ། ཁོ་སློབ་གྲྭར་ཕྱིན་ན་ཕ་མ་གཉིས་ལ་ཞབས་ཞུ་ སྒྲུབ་མཁན་མེད་པས་མྱུར་མོར་ཁོ་ལ་ཆུང་མ་ཞིག་བཙལ་ཏེ་ཁོའི་ཆུང་མ་གཉིས་པོས་ཕ་མ་གཉིས་པོ་ལ་ཞབས་ཞུ་སྒྲུབ་ཏུ་བཅུག་རྒྱུའི་བསམ་བློ་ཡོད་པ་དེ་ཁ་ཁོག་པས་མ་སངས་ལ་བློ་སྒྱུ་མས་མ་བསྐུམ་པར་ཕ་མ་གཉིས་ལ་ཞུས། ཕ་མ་གཉིས་པོས་དང་ཐོག་ མོས་མཐུན་ཆེན་པོ་མ་བྱས་ཀྱང་རིམ་བཞིན་དེ་ལྟར་བྱ་རྒྱུའི་མཁས་ལེན་བྱས། ཁོའི་བསམ་པར་གྲོང་ཁྱེར་ནང་གི་བུ་མོ་དག་ནི་ གཙང་སྦྲ་དོད་ཅིང་རིག་གནས་ཆུ་ཚད་ཅུང་མཐོ་བས་རང་ཉིད་ལའང་གྲོང་ཁྱེར་བུ་མོ་ཞིག་ཆུང་མར་བྱུང་ན་སྐྱིད་པ་ལའང་ སྙམ།འོན་ཀྱང་ཁོའི་ཁྱིམ་ཚང་གི་དཔལ་འབྱོར་དབུལ་ཅིང་རིག་གནས་ཆུ་ཚད་ཀྱང་ཅུང་དམའ་བས།ཁོ་ལ་ཐུག་འཕྲད་བྱུང་བའི་གྲོང་ཁྱེར་བུ་མོ་དག་གིས་ཁོ་ལ་མིག་ཕར་ཞོག་ལྟ་ཁུང་ཙམ་ཡང་བལྟ་མཁན་མ་བྱུང་བས།ཁོའི་རེ་བ་མཐའ་དག་སྟོང་བསམ་འབའ་ཞིག་ཏུ་གྱུར། དེ་ནས་བཟུང་ཁོས་གྲོང་ཁྱེར་བུ་མོ་ཆུང་མར་ཐོབ་འདོད་ཀྱི་འདུན་པ་དེ་འཇའ་བཞིན་མཁའ་ལ་ཡལ་ཅིང་། ཁོའི་མིག་དབང་ད་གཟོད་བུ་མོ་བདེ་སྒྲོན་གྱི་ཕྱོགས་ལ་འཕེན་སོང་། བུ་མོ་བདེ་སྒྲོན་ནི་ཁོའི་སློབ་ཆུང་སློབ་གྲོགས་ཡིན་ལ། མོ་ཡང་ཞིང་ཁུལ་ནས་ཡིན་པ་གང་ཞིག་མོའི་ཕ་མས་མོ་སློབ་གྲྭར་མ་གཏང་བར་ལུག་རྫི་བྱེད་པར་གཏོང་གིན་ཡོད་ པས། གྲོང་ཚོའི་ནང་གི་སྐྱེས་པ་ཚོས་མོའི་མིང་ནས་འབོད་མཁན་ཉུང་ཞིང་། ནམ་རྒྱུན་མོ་མཐོང་ཐེངས་རེར་ལུག་རྫི་བུ་མོ་ཞེས་ འབོད་ཀྱི་ཡོད། ཁོ་གཉིས་ཕ་ཡུལ་གཅིག་པ་ཡིན་པས་སློབ་ཆུང་འགྲིམས་སྐབས་ཁོ་གཉིས་མཉམ་དུ་ཟ་མ་ཟ་བ་དང་སློབ་སྦྱོང་ བྱེད་པ་སོགས་གཟུགས་དང་གྲིབ་མ་ཇི་བཞིན་འགྲོགས་པས། སློབ་མ་ཚོས་ཀྱལ་ཀ་དང་ཀུ་རེའི་ཚུལ་གྱིས་ཁོ་གཉིས་ལ་ཆུང་ འདྲིས་བྱམས་པ་ཞེས་འབོད་ཀྱིན་ཡོད། མོས་ཁོའི་ཁྱིམ་ལ་མི་གྲངས་ཉུང་ཉུང་ཡིན་པ་ཤེས་ཀྱི་ཡོད་སྟབས་དུས་རྒྱུན་མོ་ལུག་ རྫིར་འགྲོ་སྐབས་ཁོ་ཚང་གི་ལུག་རྣམས་མོས་མཉམ་དུ་དེད་ནས་འཚོ་སྐྱོང་བྱེད་ཀྱི་ཡོད་པས།ཁོའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་མོ་ནི་བཀའ་དྲིན་ཆེ་བའི་མི་ཞིག་ཡིན་པར་སེམས་བཞིན་ཡོད།
   ཉིན་ཞིག་གི་དགོང་མོ་བུ་མོ་བདེ་སྒྲོན་ལུག་དེད་ནས་ཁོའི་ཁྱིམ་ཚང་མདུན་གྱི་ལམ་བུ་བརྒྱུད་ནས་འགྲོ་དུས་ཁོས་ངོ་ཚ་དང་བཅས་སྐད་ཆ་ངག་ནས་ཐོན་ལ་མ་ཐོན་གྱིས“བདེ་སྒྲོན།དེ་རིང་དཀའ་ལས་ཁག་པོ་མ་བྱུང་ངམ།ཁྱེད་ལ་དུས་ཚོད་ཡོད་ན་དགུང་མོ་ངའི་ཁྱིམ་ལ་གཅིག་ཤོག་ཨང་”ཟེར།མོས་ཀྱང་འཛུམ་ཞིག་བསྟན་ནས་མཁས་བླངས་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས།མཚན་མོ་དེར་མོ་ཁོའི་ཁྱིམ་ལ་སླེབས་བྱུང་།ཁོའི་ཨ་མས་མར་ཆེན་པོ་ཞིག་བརྒྱབ་ནས་ཇ་ཞིམ་པོ་ཞིག་བཟོས་པ་དང་།ང་ཚོའི་ཁྱིམ་ལ་མཚོན་ན་བུ་མོ་ཁྱེད་བཀའ་དྲིན་ཆེ་ཚུལ།མོ་དང་མོའི་བུ་གཉིས་སློབ་ཆུང་གི་སློབ་གྲོགས་བཟང་པོ་ཡིན་ཚུལ།ད་དུང་མོ་བུ་མོ་བཟང་པོ་ཞིག་ཡིན་ཚུལ་སོགས་གཏམ་མང་དག་གཅིག་བཤད།སྐད་ཆ་དེ་དག་བཤད་ཚར་རྗེས་ཁོའི་ཨ་མས་ད་གཟོད་སྐད་ཆའི་ནང་དོན་དངོས་གླེང་བྱུང་།བུ་མོ་བདེ་སྒྲོན་གྱིས་ཁོའི་ཨ་མའི་སྐད་ཆ་དག་རྣ་ལམ་དུ་ཐོས་རྗེས་ལུས་སེམས་ཧྲིལ་པོ་དགའ་བདེས་ཡོངས་སུ་མྱོས་ཤིང་།སེམས་ཁོང་ལ་མེ་ཏོག་བཞད་པ་ལྟ་བུའི་སྤྲོ་སྣང་གིས་ཕྱུགམོས་དེ་འཕྲལ་ངོ་ཚ་དང་བཅས་གདོང་པ་དམར་པོར་གྱུར་བཞིན་དུ་རང་ཉིད་ཀྱང་ཁོ་ལ་དགའ་ཚུལ་དང་། བརྩེ་དུང་ཟབ་ ཚུལ་སོགས་གླེང་བྱུང་ལ། མི་འགྱངས་པར་མོའི་ཕ་མ་གཉིས་ལ་གཉེན་སློང་དགོས་ཚུལ་སོགས་བཤད།
    ཉི་ཤུ་དགུ གནམ་གང་།ཚེས་གཅིག་ལ་ཐོན་སོང་།བཀྲ་ཤིས་ཟླ་བའི་ཨ་མས་ཁ་བཏགས་དང་མཆོད་ཆང་སོགས་ བསྣམས་ནས་བུ་མོ་བདེ་སྒྲོན་གྱི་ཚང་ལ་བུད་སོང་།བདེ་སྒྲོན་གྱིས་བཀྲ་ཤིས་ཟླ་བའི་ཨ་མ་རང་ཁྱིམ་ལ་ཡོང་བཞིན་པ་མཐོང་སྐབས། མོ་ནི་ངོ་ཚའི་སྒྲོག་གིས་བཅིངས་ནས་མྱུར་མོར་ལྕི་ཁང་ནང་ཕྱིན་ཏེ་སླེལ་པོ་རྒྱབ་ཏུ་འཁུར་ནས་ཞིང་ནང་དུ་ལྕི་བ་སྒྲུག་པར་ སོང་།བཀྲ་ཤིས་ཟླ་བའི་ཨ་མས་བདེ་སྒྲོན་གྱི་ཕ་མ་གཉིས་ལ་ཁ་བཏགས་རེ་རེ་སྒྲོན་ཅིང་།བདུད་རྩི་འདྲ་བའི་མཆོད་ཆང་ཞུ་བཞིན་ཕྲུ་གུ་གཉིས་པོའི་གཉེན་དོན་སྐོར་གླེང་།ཁོ་གཉིས་ཚང་གི་འབྲེལ་བ་ལེགས་ལ་དུས་རྒྱུན་འབྲེལ་འདྲིས་མང་བས་མོའི་ཕ་མ་གཉིས་པོས་ཀྱང་བུ་མོ་བདེ་སྒྲོན་བཀྲ་ཤིས་ཟླ་བ་ཚང་ལ་བག་མར་སྟེར་རྒྱུ་གཏན་འཁེལ་བྱས་ཤིང་། ཁོ་སློབ་གྲྭ་ཐོན་རྗེས་ མུ་མཐུད་བུ་མོ་བདེ་སྒྲོན་ལ་ཁ་ཞེ་གཉིས་མེད་ཀྱིས་བརྩེ་བ་བཅངས་ཏེ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་འཚོ་བ་སྐྱེལ་དགོས་པའི་རེ་བ་ཡང་བཏོན།  
  དེ་རིང་ནི་བོད་ཟླ་བཅུ་གཅིག་པའི་གནམ་གང་རེད་ལ་སང་ཉིན་ནི་གཙང་ཁུལ་གྱི་སོ་ནམ་ལོ་གསར་རེད། བཀྲ་ཤིས་ཟླ་བ་ ཚང་དང་བུ་མོ་བདེ་སྒྲོན་ཚང་གཉིས་བྲེལ་བས་ཁེངས་འདུག རྒྱུ་མཚན་ནི་དེ་རིང་ཕྱི་དྲོ་བཀྲ་ཤིས་ཟླ་བ་ཚང་གིས་བུ་མོ་བདེ་ སྒྲོན་ཚང་ལ་བག་མ་བསུ་བར་འགྲོ་རྒྱུ་རེད་ལ། སང་ཉིན་ནི་ཕྲུ་གུ་གཉིས་པོའི་ཆང་སའི་ཉིན་མོ་ཡིན་པས་རེད།དེ་ལྟར་ཁོ་གཉིས་ཀྱང་གཙང་ཁུལ་གྱི་གྲོང་ཚོ་གཞན་དང་འདྲ་བར་གཉེན་སྒྲིག་བྱས་ཤིང་གཉེན་སྟོན་ལ་རོལ་བ་དང་། བདེ་སྐྱིད་ལྡན་པའི་འཚོ་ བ་ལ་རོལ་འགོ་ཚུགས། དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད། ཁོ་གཉིས་གཉེན་སྒྲིག་བྱས་ནས་ཟླ་གཅིག་ཕྱིན་ཚར་ སོང་། བཀྲ་ཤིས་ཟླ་བ་ཡང་སེམས་པ་ལྷོད་ལྷོད་ཀྱིས་གཞིས་རྩེར་བཙུགས་པའི་དབྱིན་སྐད་སློབ་གྲྭ་ཞིག་ཏུ་དབྱིན་སྐད་སྦྱོང་བར་ ཕྱིན་པ་དང་། ཁོས་སེམས་རྣལ་དུ་ཕབ་ནས་བློ་རྩེ་གཅིག་སྒྲིམ་གྱིས་དབྱིན་སྐད་སྦྱངས་ལ།རང་གི་འདོད་མོས་དང་སྟེས་དབང་ གི་གོ་སྐབས་ཤིག་གིས་ཁོ་གྲོགས་པོ་འགའ་དང་ལྷན་དུ་ཕྱི་རྒྱལ་དུ་དབྱིན་སྐད་སྦྱོང་བར་འགྲོ་བའི་གོ་སྐབས་བྱུང་། ཁོ་ཕ་ཡུལ་ ནས་ལམ་ལ་ཆས་ཁར་ཕ་མ་གཉིས་པོ་དང་ཁོའི་བཟའ་ཟླས་རྒྱང་རིང་བར་དུ་སྐྱེལ་མར་ཡོང་ཞིང་། ཁོ་ལ་ཁ་བརྡ་སློབ་གསོ་ ཐེངས་མང་བརྒྱབ། ཁོས་ཕ་མ་གཉིས་པོའི་བརྩེ་བ་རུམ་དུ་བཅུག་ཅིང་། བཟའ་ཟླའི་མིག་ཆུའི་སྐྱེལ་མ་དང་འགྲོགས་ནས་ཕྱི་ རྒྱལ་དུ་འགྲོ་བའི་ལམ་དུ་ཆས་སོང་།
  ཕྱི་རྒྱལ་དུ་སླེབས་རྗེས་དང་ཐོག་ཁོས་དབྱིན་སྐད་ཐར་ཐོར་ལས་སྨྲ་མི་ཤེས་ཀྱང་རང་གི་འབད་བརྩོན་འོག་རིམ་བཞིན་དབྱིན་སྐད་ཆུ་རྒྱུག་རྒྱུག་སྨྲ་ཤེས་པར་གྱུར་ལ།ཁོ་ཕྱི་རྒྱལ་དུ་སྡོད་རིང་མཐོང་རྒྱ་ཐོས་རྒྱ་ཆེས་ཆེར་སོང་ལ་མིག་རྒྱང་རིང་དུ་ཕྱིན་པས། ད་གཟོད་ཁོས་ཕ་ཡུལ་དུ་ལོག་ནས་ཡུལ་སྐོར་སྣེ་ཤན་པ་ཞིག་བྱ་རྒྱུའི་འདུན་པ་ཡིད་ལ་དབང་མེད་འཆར། རྒྱུ་མཚན་ནི་དེང་སང་ཕྱི་རྒྱལ་ནས་བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་མཁན་ཡུལ་སྐོར་བ་མང་བས།ཁོས་ཀྱང་རང་གི་སྨྲ་ཤེས་པའི་དབྱིན་སྐད་དེ་བཀོལ་སྤྱོད་བྱ་ཐུབ་ངེས་རེད་སྙམ་པས་ཡིན།མིག་ཡུད་ཙམ་ཞིག་ལ།ཁོ་ཕྱི་རྒྱལ་དུ་བསྡད་ནས་ལོ་ངོ་གསུམ་འདས་ཟིན་འདུགད་གཟོད་ཁོས་གནམ་གྲུའི་སྤ་སེ་ཞིག་ཉོས་ནས་ཕ་ཡུལ་དུ་ཕྱིར་ལོག་བྱས་བྱུང་། ཁོ་བོད་དུ་འབྱོར་རྗེས་ཕ་མ་གཉིས་དང་བཟའ་ཟླ་ཡོད་སའི་ཁྱིམ་གཞིས་དྲོན་མོ་དེར་མ་སོང་བར་གཞིས་རྩེ་ཁུལ་གྱི་མགྲོན་ཁང་ཞིག་གི་ནང་དུ་བསྡད་པས། ཁོ་བོད་ལ་ སླེབས་པའི་གནས་ཚུལ་ཁོའི་ཕ་མ་དང་བཟའ་ཟླས་གཏན་ནས་མི་ཤེས།
  ཉིན་ཞིག་ཁོའི་བཟའ་ཟླ་གཞིས་རྩེའི་ཚལ་འཚོང་ཁང་དུ་ཚལ་ཉོ་བར་འགྲོ་སྐབས་གློ་བུར་དུ་རང་གི་ཟླ་བོ་བཀྲ་ཤིས་ཟླ་བ་མཐོང་བས། མོའི་བསམ་པར་དེ་ནི་གཉིད་ལམ་མིན་ནམ་སྙམ་བཞིན་མིག་ལ་ཕུར་ཕུར་ལན་འགའ་བྱས་རྗེས་ཡང་བསྐྱར་ལན་གཅིག་བལྟས་པས་དངོས་གནས་རང་གི་ཁྱོ་ག་ཡིན་པ་ཤེས་པས། དགའ་བས་རབ་ཏུ་མྱོས་ཏེ་ཁྱོ་གའི་མིང་ནས་འབོད་ བཞིན་ཁོའི་གམ་དུ་རྒྱུགས་ཏེ་ཁོ་ལ་འཐམ་འཁྱུད་ཅིག་བྱས། འོན་ཀྱང་། ཁོས་ལམ་སེང་མོ་ལ་སྡུག་ཡུས་དང་འཁང་རའི་ཚུལ་ གྱིས་“ཝེ་ཝེ། རང་སྨྱོ་གི་འདུག་གམ། འདིར་མི་མང་པོ་དེ་འདྲ་འདུག  རང་གི་ངའི་གདོང་པ་ཆུ་ལ་མ་གཡུགས་ན་འགྲིག་པ་འདུག་གམ། མ་གཞི་ནས་རང་ས་དེར་གང་བྱེད་དུ་ཡོང་བ་ཡིན”ཞེས་བཤད།  མོས་ཁོའི་གཏམ་དག་ཐོས་རྗེས་འཛུམ་ཞིག་བསྟན་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་མ་ཐོན།   འོན་ཀྱང་མོའི་སེམས་ལ་ན་ཟུག་གིས་ཁེངས་ཡོད་པ་སུས་ཤེས། མོས་ད་གཟོད་མིག་མདུན་དུ་ལངས་པའི་སྐྱེས་པ་དེ་རང་གི་ཁྱོ་ག་ཡིན་མིན་ལ་དོགས་པ་སྐྱེས་ལ། སྔོན་ཆད་གཤིས་ཀ་ལུག་ལས་ འཇམ་པའི་མི་དེ་ད་ཆ་སྟག་ཇི་བཞིན་གཏུམ་དྲག་ཅན་དུ་གྱུར་དོན་ཅི་ཡིན། ཡང་ན་འདི་ནི་འཁོར་བ་ནི་མི་རྟག་པ་རེད་ཟེར་ བ་དེ་མིན་ནམ་སྙམ་བཞིན།ད་ལྟ་འཛུམ་གྱིས་ཕྱུག་པའི་བུ་མོ་བདེ་སྒྲོན་གྱིས་མིག་ཟུང་ལས་མཆི་མ་འཐོར་བྱུང་། མོའི་སེམས་པ་ མཆི་མས་ཡོངས་སུ་བརླན་སོང་།ཡུད་ཙམ་སོང་རྗེས། ཁོས་མོ་ལ“རང་སྔོན་ལ་ཁྱིམ་དུ་ལོག་ཨཱ།དགོང་མོ་ ངས་ནང་དུ་ཡོང་ཆོག”ཅེས་བཤད་དེ་ཕྱིན་སོང་། མོས་ཀྱང་རང་གི་མིག་མཐར་འཁོར་བའི་མཆི་མ་དེ་ཕྱུ་པའི་སྣེ་མོས་ཕྱིས་ཙམ་བྱས་ཏེ་ནང་ལ་ལོག་སོང་།         
  ཁྱིམ་དུ་སླེབས་རྗེས་མོས་ཚལ་སྣ་ཁ་ཁ་ཤས་བཟོས་ནས་རང་གི་ཁྱོ་ག་ལོག་ཡོང་རྒྱུར་སྒུག་ནས་བསྡད། དུས་ཚོད་ནི་ཚག་སྒྲ་དང་བཅས་སྐད་ཅིག་ཙམ་ཡང་མི་སྡོདཔར་མདུན་དུ་འགྲོ་བཞིན་འདུག   ཆུ་ཚོད་བཅུ་པ།  ཆུ་ཚོད་བཅུ་གཉིས། ཆུ་ཚོད་གཉིས་པ། ཨཱ་ཨཱ། མཚན་མོའི་ཆུ་ཚོད་གཉིས་པར་སླེབས་ཀྱང་ཁྱོ་ག་ད་དུང་མ་སླེབས་པ་ཅི་ཡིན། མོས་དེ་ལྟར་སེམས་བཞིན་སྒྲོག་རྩེའི་སྟེང་གི་ཚལ་དག་བླངས་ནས་ཐབ་ལ་ཚ་མོ་བཟོས། ཆུ་ཚོད་ལྔ་པར་ཐོན་འདུག ཕྱོགས་བཞི་མཚམས་བརྒྱད་ཁུ་ སིམ་མེར་གནས་ཤིང་། བུ་མོ་བདེ་སྒྲོན་ཡང་སྒྲོག་རྩེའི་འཁྲིས་ཀྱི་རྐུབ་སྟེགས་ཐོག་གཉིད་ལ་ཡུར་འདུགསང་ཉིན་ཞོགས་པའི་ཆུ་ ཚོད་བརྒྱད་པའི་ཐོག་མོ་གཉིད་ལས་སད་བྱུང་།མོས་ཡར་མྱུལ་མར་མྱུལ་ཐེངས་གཅིག་བྱས་པས་རང་གི་ཁྱོ་ག་ཁྱིམ་ལ་ལོག་མེད་པ་གཞི་ནས་ཤེས། མོས་བུད་ཤིང་དང་ལྕི་བ་སྐམ་པོ་འགའ་བླངས་ནས་མེ་ཁ་གསོས། འོན་ཀྱང་རླུང་བུ་ཞིག་འུར་འུར་དུ་ལྡང་ བས་ཐབ་ནང་གི་མེ་དེ་ཡང་ཡང་ཤི་རྐྱེན་ཆུ་ཁོལ་ཚ་བོ་ཇ་དམ་གང་ཡང་བྱུང་མེད། བཀྲ་ཤིས་ཟླ་བ་ནི་རྒྱ་ནག་ཁུལ་ནས་ཡིན་ པའི་མཛེས་མ་ཞིག་དང་མཉམ་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འགའི་སྣེ་ཁྲིད་དེ་བཀྲ་ཤིས་ལྷུན་པོ་དགོན་དུ་འགྲོ་བཞིན་འདུག ཁོས་དབྱིན་ཇིའི་སྐད་ཀྱི་ཐོག་ནས་འདི་ནི་བཀྲ་ཤིས་ལྷུན་པོའི་དགོན་པ་ཡིན་ཞིང་། གནས་དེ་ནི་དགེ་ལུགས་པའི་དགོན་སྡེ་ ཆེན་མོ་དྲུག་གི་ཡ་གྱལ་ཡིན་ཚུལ་སོགས་སྐད་སང་མཐོན་པོས་ཤོད་བཞིན་འདུག འོན་ཀྱང་། ཡ་མཚན་སྐྱེ་དགོས་པ་ཞིག་ལ། ཁོས་དགོན་འདི་ནི་པཎ་ཆེན་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་བཞེངས་པ་ཡིན་ཚུལ་གླེང་བཞིན་འདུག་ལ། རྒྱལ་བ་ ཡབ་སྲས་གསུམ་ནི་རྗེ་ཙོང་ཁ་པ་དང་། པཎ་ཆེན་རིན་པོ་ཆེ། ཀརྨ་པ་གསུམ་ཡིན་ཚུལ་གླེང་གིན་འདུག་ཅིང་། རྗེ་ཙོང་ཁ་པ་ནི་ ཡབ་དང་པཎ་ཆེན་དང་ཀརྨ་པ་རྣམས་གཉིས་ཁོང་གི་བུ་ཚབ་ཡིན་པས་ཞེ་ཚིག་ཏུ་དེ་གཉིས་ལ་ཡབ་སྲས་ཞེས་ཟེར་གྱི་ཡོད་པ་སོགས་ཕྱི་རྒྱལ་བ་རྣམས་ལ་ངོ་སྤྲོད་བྱེད་ཀྱི་ཡོད་པ་དེ་རེད། ཕྱི་རྒྱལ་བ་རྣམས་ལ་སྣེ་ལེན་བྱས་ཟིན་རྗེས་ཁོས་ཤར་རེར་རང་ ཉིད་ཀྱི་གཡར་བའི་མགྲོན་ཁང་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་། རྒྱུ་མཚན་ནི་མགྲོན་ཁང་དེའི་ནང་མིང་ལ་ཟླ་བ་བུ་ཁྲིད་ ཟེར་བའི་བུད་མེད་མཛེས་མ་ཞིག་གིས་ཁོ་སྒུག་ནས་བསྡད་ཡོད་པས་རེད།
ཟླ་བ་བུ་ཁྲིད་ནི་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་བུ་མོ་ཞིག་ཡིན་ཞིང་། མོ་ལ་ཕོ་བརྒྱ་སེམས་པ་ཤོར་ཅིང་། མོ་བརྒྱ་སྙིང་རླུང་འཁྲུག་པའི་ཁ་སྒོ་སྐྱེས་འབྲས་དང་ལང་ཚོའི་མཛེས་པ་ཡོད་པ་རེད། བཀྲ་ཤིས་ཟླ་བ་ཕྱི་རྒྱལ་དུ་སྡོད་རིང་བུ་མོ་དེ་དང་ངོ་ ཤེས་སུ་གྱུར་ནས་རིམ་གྱིས་ཕན་ཚུན་བར་བརྩེ་དུང་ཟབ་མོ་ཆགས། མོའི་གམ་དུ་བཀྲ་ཤིས་ཟླ་བས་གྲོང་གསེབ་ཁུལ་གྱི་བཟའ་ ཟླ་བདེ་སྒྲོན་རྦད་དེ་བརྗེད་ནས་ཡིད་ལ་གཏན་ནས་འཁོར་མྱོང་མེད། ཁ་ཉིན་བཀྲ་ཤིས་ཟླ་བས་རང་གི་བཟའ་ཟླ་བདེ་སྒྲོན་ མཐོང་བས་ཁོའི་བསམ་པར་ད་ནི་རྙོག་དྲའི་སྒམ་ཆུང་ཁ་ཕྱེས་ངེས་རེད་སྙམ་སྟེ། རང་ལ་བརྩེ་བ་ཟབ་པའི་བུ་མོ་བདེ་སྒྲོན་དང་ བཟའ་ཚང་ཁ་བྲལ་བྱ་རྒྱུའི་བསམ་བློ་ཡང་ཡང་འཁོར། ནམ་རྒྱུན་ཁོས་བདེ་སྒྲོན་གྱིས་མ་གཞི་ང་ལ་བརྩེ་འདང་ཆེ་ཡང་མོ་ནི་ གྲོང་གསེབ་ཁུལ་ནས་ཡིན་པའི་བུད་མེད་ཕལ་པ་ཅིག་ཡིན་རྐྱེན་རང་དང་འཚམས་པོ་མེད་ཚུལ་གྱི་བསམ་བློ་ལན་འགའ་འཁོར་བས།ཁོས་ད་གཟོད་གསར་དུ་འགྲོགས་པའི་བུ་མོ་ཟླ་བ་བུ་ཁྲིད་དང་ཆང་ས་རྒྱག་རྒྱུའི་སྟ་གོན་བྱེད་བཞིན་ཡོད།
    བཀྲ་ཤིས་ཟླ་བ་ནང་ལ་སླེབས་བྱུང་། ཁོ་ཁྱིམ་ལ་ཡོང་བ་ཁོའི་ཕ་མ་གཉིས་ཀྱིས་གཟིགས་ཐལ། ཕ་མ་གཉིས་ཀྱིས་མིག་ལས་དགའ་བའི་མཆི་མ་འདོན་བཞིན་བུ་ནང་དུ་གདན་དྲངས་ནས་གསོལ་ཇ་མངར་མོ་ཕོར་པ་གང་བླུགས་ནས་ཁོ་ལ་སྦྱིན། ཁོའི་ཕ་མ་གཉིས་པོས་ཁོ་ལ་ཞིབ་མོས་ལྟ་དུས། ཁོའི་གདོང་པ་དཀར་ལ་ལུས་པོའི་ཤ་ཡང་རྒྱགས་སུ་ཕྱིན་ཡོད་པས། ཕ་མ་གཉིས་ པོས་བུ་ཕྱི་རྒྱལ་དུ་སྡོད་རིང་སྐྱིད་པོ་བྱུང་འདུག་སྙམ་ཞིང་། སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་ཞིག་བྱུང་ཡང་། ཁོའི་མིག་ཟུང་ ལས་སྔོན་ཆད་མཐོང་མི་མྱོང་བའི་ལྐོག་གྱུར་གྱི་མདངས་ཤིག་མངོན་བཞིན་པར་བལྟས་ན། ཁོ་ལ་བརྗོད་མི་བདེ་བའི་དོན་དག་ ཞིག་ཡོད་པ་འདྲ།  ཁྱིམ་གྱི་སྒོ་བུད་བྱུང་།  ཨོ། དེ་ནི་ཁོའི་ཆུང་མ་བདེ་སྒྲོན་རེད། ཁོའི་ཕ་མ་གཉིས་ཀྱིས་གདོང་ལ་འཛུམ་མདངས་ཤིག་ཕྱུར་བཞིན། “བུ་མོ།  མགྱོགས་པོ་ཤོག་དང་། ཨོ་ལོ་སླེབས་སོང”ཟེར། མོས་དགའ་སྐྱོ་འདྲེས་ཟུང་གིས་འཛུམ་
ཞིག་བསྟན་ནས་ཁོའི་གམ་དུ་སླེབས་བྱུང་། འོན་ཀྱང་། ཁོ་གཉིས་པོ་སྨྲ་བ་མེད་པར་ཁུ་སིམ་མེར་འདུག ཁོ་གཉིས་ཀྱི་གྲང་ཤུར་ཤུར་གྱི་རྣམ་འགྱུར་དེ་ཁོའི་ཕ་མ་གཉིས་པོས་མཐོང་བས་ཡ་མཚན་དང་བཅས་ཏེ་ཁོ་གཉིས་ཕན་ཚུན་བར་གནས་ཚུལ་གང་ བྱུང་མིན་ཞིབ་མོར་དྲིས་ཀྱང་། ཁོ་གཉིས་སྔར་ལྟར་ཁུ་སིམ་མེར་འདུག ཡུད་ཙམ་སོང་རྗེས།བཀྲ་ཤིས་ཟླ་བའི་སེམས་ནང་དེ་རིང་ང་དང་བུ་མོ་བདེ་སྒྲོན་གྱི་གནད་དོན་དེ་གཙང་མར་བཟོ་དགོས་སྙམ་པའི་བསམ་བློ་འཁོར་བས། ཁོས་ད་གཟོད་ཁ་གྲགས་བྱུང་། ཁོས་སྐད་གདངས་གསལ་ལ་མི་གསལ་གྱི་སྒོ་ནས།“བདེ་སྒྲོན། ང་གཉིས་བཟའ་ཚང་ཁག་ཁག་བྱས་ན་འགྲིག་པ་འདུག་གམ། རང་ད་ལྟ་ལོ་ཆུང་ཆུང་ཡིན་པས་རང་ལ་དགའ་བའི་མི་ཞིག་རྙེད་ངེས་རེད། ངས་རང་གི་མདུན་ལམ་མེད་པར་བཟོ་འདོད་ མིན་འདུག རང་གིས་ངའི་ཕ་མ་དང་དང་ང་ལ་ཕན་པ་ཆེན་པོ་ཐོགས་བྱུང་། ངས་རང་ལ་ཞེ་དྲག་ཆད་ཡོད་པས་ཡོད་ཚད་ རང་ལ་ཁ་གསབ་བྱས་ཆོག”ཟེར། ཁོས་སྐད་ཆ་དུམ་བུ་དེ་བཤད་ཚར་མ་ཐག ཁོའི་ཨ་མ་སྙིང་རླུང་སྟོད་ལ་ཚངས་ནས་ཁོ་ལ་ཁ་བརྡུང་དྲག་པོ་བྱས་བྱས་མཐར་དྲན་པ་འཐོར་ནས་ས་ལ་འགྱེལ་སོང་། བུ་མོ་བདེ་སྒྲོན་གྱིས་ངུ་འབོད་བྱེད་བཞིན་ཁོའི་ཨ་མ་ སྐྱོར་ནས་ཉལ་ཁང་དུ་བསྐྱལ་ཏེ་རང་གི་ཕ་མ་གཉིས་ཡོད་སར་བུད་སོང་།
སང་ཉིན་བུ་མོ་བདེ་སྒྲོན་གྱི་ཨ་ཕ་ཁོ་ཚང་ལ་སླེབས་བྱུང་། མོའི་ཨ་ཕས་ཁོ་མྱུར་མོར་ཁྲིམས་ཁང་ལ་འགྲོ་དགོས་པའི་ རེ་བ་བཏོན། ཁོ་ཡང་བྱ་ཐབས་ཟད་དེ་མོའི་ཨ་ཕ་དང་མཉམ་དུ་ཁྲིམས་ཁང་དུ་མི་འགྲོ་ཀ་མེད་བྱུང་། ཁྲིམས་ཁང་དུ་སླེབས་རྗེས་མོའི་ཨ་ཕས་ཁོ་ནི་ལས་རྒྱུ་འབྲས་གཏན་ནས་མེད་པའི་མི་བུ་ཐ་ཤལ་ཅིག་ཡིན་ཚུལ་གླེང་བྱུང་ལ། ཁོའི་བུ་མོ་དང་ཁོ་གཉིས་ཆང་ས་བརྒྱབ་ཀྱང་ཁོས་བུ་མོ་གཞན་པ་དང་ལྷན་དུ་འགྲོགས་ནས་ཁོའི་བུ་མོ་དང་ཁག་ཁག་བྱ་དགོས་པའི་རེ་བཏོན་ ཚུལ་སོགས་སྐད་ཆ་རྫོགས་མཐའ་མེད་པ་བཤད། འོན་ཀྱང་། ཁྲིམས་ཁང་གི་མི་སྣས་ཁོ་གཉིས་ཀྱི་གཉེན་སྒྲིག་དཔང་ཡིག་སྟོན་ དགོས་པའི་རེ་བ་འདོན་དུས། ད་གཟོད་མོའི་ཨ་ཕ་སྐད་ཆ་ཚིག་གཅིག་ཀྱང་སྨྲ་བའི་སྤོབས་པ་དང་བྲལ། རྒྱུ་མཚན་ནི་ཁོ་གཉིས་ དེ་སྔོན་ཆང་ས་རྒྱག་དུས་གཉེན་སྒྲིག་དཔང་ཡིག་བླངས་མེད་པས་རེད། ཉིན་དེ་ནས་བཟུང་། ཁོ་གཉིས་ཁྱིམ་ཚང་གཉིས་མེ་ དང་སྤུ་ཐུག་པ་བཞིན་དགྲ་ཁ་གཏད་ཀྱི་གྲོང་པར་གྱུར། ཁོ་གཉིས་ཀྱི་ཁྱིམ་ཚང་ཁ་འཐོར་དུ་ཕྱིན་རྗེས་ཁོའི་ཕ་མ་གཉིས་པོར་ རླུང་ནད་ལྕི་མོ་ཞིག་འཕོགས་ནས་མལ་སར་ལུས།བཀྲ་ཤིས་ཟླ་བ་ནི་ཕ་མ་གཉིས་ལ་གདོང་པ་སྟོན་ཐབས་བྲལ་ནས་ཤར་རེར་བུ་མོ་ཟླ་བ་བུ་ཁྲིད་ཡོད་སར་ཕྱིན་པ་དང་། ཁོ་གཉིས་གཉེན་སྒྲིག་དཔང་ཡིག་བླངས་ནས་ཆང་སའི་མཛད་སྒོ་འགོ་ཚུགས།འོན་ཀྱང་། དུས་དེ་ནས་བཟུང་། ཁོའི་གདོང་ལ་འཛུམ་མདངས་ཀྱིས་དབུལ་ཅིང་། ལུས་སེམས་ཡོངས་དྲོད་ཁོལ་གྱིས་དབེན་པ་དང་། རླུང་ལྟར་གྲགས་པའི་གཞན་གྱི་མི་ཁའི་ཁྲོད་ཉིན་མ་རེ་རེ་འཁྱོལ་ཐབས་བྱེད་ཀྱིན་འདུག་པར་བལྟས་ན། ཁོ་ཡང་མི་རིང་བར་སྔར་གྱི་འཚོ་བ་ཇི་བཞིན་ཉལ་ཆས་ རྒྱབ་ཏུ་འཁུར་ནས་ཨར་ལས་ཀྱི་ལས་གྲྭར་གླ་པ་བྱེད་ པར་འགྲོ་རྒྱུའི་སྟ་གོན་བྱེད་པ་དང་གཉིས་སུ་མ་མཆིས་སོ།།།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་སྐོར་སྣེ་ཤན་པ་བཀྲ་ཤིས་ཟླ་བ།

2012-03-07 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།