ནད་པ།

  སྨན་ཁང་གི་རས་སྟན་ལ་འབྱར་བ་ནི་ནད་པ་ཞིག་ཡིན་ལ།ནད་པ་དེའང་དྲེགས་སྐྱེད་མི་འབྱུང་བའི་ནད་པ་ལས་ངན་ཞིག་ཡིན་པས།ང་ཚོས་དེའི་ཕྱོགས་ཀྱི་གནས་ཚུལ་གླེང་བ་དང་།གཉེན་ཉེ་ཚོས་སིལ་ཏོག་རེ་འཁྱེར་ཏེ་འཚམ་འདྲིར་འགྲོ་ངེས་ཡིན།ཡིན་ན་ཡང་།ནད་པ་ཚང་ལ་དཔལ་འབྱོར་དང་དབང་ཤུགས་མེད་པས།དཔའ་སྤོབས་དང་བློ་གྲོས་ཀྱིས་བརྟས་ཤིང་སྙིང་རྗེ་དང་རྒྱུ་འབྲས་ཀྱིས་བྱུགས་ཡོང་བའི་ནད་པ་དེ་ཉིད།ཁ་ཁུ་སུམ་པོའི་ནད་ཁྲི་རུ་ནག་རོག་གེར་མི་གྱུར་ཐུ་མེད་བྱུང་།
  ཡིན་ན་ཡང་མྱ་ངན་གྱི་མིག་ཆུ་ད་རུང་མ་བརླག་དང་།དུས་ཚོད་ཀྱི་རེ་བ་ཨེན་ཙམ་གདའ།དབུགས་ཀྱི་གཏོང་ལེན་ནི་རྒྱུན་ལྡན་དུ་སྣང་ཡང་།མ་འཇུ་བའི་ཟས་རིགས་ཁ་ནས་སྐྱུགས་པས།སྔས་མགོ་དང་རུམ་ཁུངས།བྲང་ཁ་སོགས་སུ་མི་སྡུག་པའི་ལྗན་ལྗིན་གྱིས་ཁེངས་ནས་ཡོད་པས།གལ་ཏེ་དབྱར་ཁ་ཞིག་ཡིན་ན་སྐྱག་སྦྲང་དག་གིས་གསོལ་སྟོན་གྱི་འདུ་ཚོགས་ཤིག་བཤམས་ངེས་ལ།ཤི་ལ་ཉེ་བ་ཡིན་ནམ།ཀླད་ཁོག་གི་ཀླད་ཞོ་ནི་ཨར་འདམ་དུ་གྱུར་ཏེ།ཡུལ་སོ་སོའི་དབང་རྩར་ཨར་འདམ་གྱིས་གཡོགས།སྙིང་ཁེར་མོ་དམར་ལྷོག་ལྷོག་གིས་ལྡིང་བཞིན་ཡོད་མོད།དེ་ནི་ནོངས་འགྱོད་དང་ཞེ་སྡང་།དད་ཞེན།དམིགས་ཡུལ་གྱི་དོན་དུ་ལྡིང་བ་མིན་པས།ཚེ་སྲོག་མ་ཡིན་པའི་རི་ཁའི་དར་ལྕོག་གཡུགས་པ་དང་ཀུན་ནས་མཚུངས།
   ནད་པ་མིན་པ་དག་དུས་ཀྱི་མཛེས་ལྗོངས་ལ་བསྟུན་ཏེ་ཡུལ་སྐོར་དུ་འགྲོ་བཞིན་ཡོད།ཡུལ་སྐོར་དུ་གནའ་བོའི་མཁར་ཤུལ་དང་གནས་རི།ལྷ་མཚོ་དང་དམངས་སྲོལ་སོགས་ཡོད་པས།ཡུལ་སྐོར་བ་རྒན་གཞོན་མང་པོ་དེ་དག་གི་གཤིས་སུ་འཐིམས་ཏེ་ལྷན་འཛོམས་ཀྱི་འདྲ་པར་རེ་བརྒྱབས་ཏེ་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཀྱིན་ཡོད།
ནད་པ་ཞིག་ཤི་བ་མི་གཅིག་ཤི་བ་ཡིན་ཡང་།ནད་པ་དེ་འཆི་ལྷའི་ཕྱོགས་སུ་བཞུད་ཙ་ན།ནད་པ་དང་འབྲེལ་ཡོད་ཀྱི་དཀར་ཡོལ་དང་རྩམ་པའང་བཞུད་པར་ངེས།དེ་བས་ཆ་རྐྱེན་མེད་རུང་སྨན་པས་གསུངས་ཚིག་བཞིན་དུ།སྙིང་ལ་གནོད་བྱེད་ཀྱི་ཡེར་མ་དང་།ཕོ་ཁ་གནོད་བྱེད་ཀྱི་ཆང་དང་སྒོག་པ།འཁྲིས་པ་གནོད་བྱེད་ཀྱི་སྒོ་ང་དང་སྣུམ་རིགས་མི་ཟ་རྒྱུ་ན།ཁྱོད་དེ་རིང་འདི་ལྟར་ནད་པ་ཞིག་ཏུ་འགྱུར་དགོས་དོན་མེད་ལ།ཁྱོས་འདི་ལྟར་འཆི་བ་ནམ་ཐོན་ལ་སྒུག་དགོས་དོན་ཡེ་ནས་མེད།འོན་ཀྱང་ད་ནི་ཁྱོད་ནད་པ་ཞིག་ཡིན་ལ།མནོ་བསམ་བྱ་མི་ཤེས་པའི་ནད་པ་གླ་ན་གླེན་ནེ་ཞིག་ཏུ་གྱུར་པས།རེ་འགའ་ཡིས་ཁྱོད་རང་སྔ་ས་ནས་ཤི་སྟེ་བེམ་རོ་སྤྱོད་ཁང་དུ་བརྫང་བར་འདོད།
   ནད་པ་ལ་མེད་པ་ཞིག་ཡོད་པ་ནི།རེ་བ་མེད་པ་དེ་རེད།འོན་ཀྱང་ནད་པ་ལ་སེམས་ཤུགས་ཙམ་ཡོད་ན་ཟླ་རེ་གཉིས་ཙམ་ལ་གསོན་པ་ལ་དགོས་ཕན་ཡོད་པས།ཁྱོད་ཀྱིས་ཤུ་རེ་བྱ་དགོས།དེ་ནི་ཁྱོད་ཀྱི་གཉེན་མི་དག་གི་འདོད་ཚུལ་རེད།ཤུ་རེ་བྱ་མི་ཐུབ་ན་ཁྱོད་རང་ཁ་རོག་གེར་བཞུད་ཀྱང་ཆོག།འདི་ནི་ང་རང་ཉིད་ཀྱི་འདོད་ཚུལ་ཡིན།
  ཤི་མི་ཐུབ་པར་སྡུག་བསྔལ་གྱི་འོ་དོད་རིམ་བཞིན་དུ་བསྒྲགས་ན།གསོན་མི་ཐུབ་པར་ཤི་སྡུག་གི་དམེ་སྔགས་ཟོ་ཆུན་ལྟར་འཁོར་ན།ཁྱོད་རང་སེ་གོལ་གཏོགས་ཙམ་དུ་མེད་པར་འགྲོ་བར་འདོད།སྐྱེས་ཐོག་འདིར་ཁྱོད་རང་གླུ་ལེན་གར་རྩེད་ལ་དགའ་བས།རྩམ་ཁུག་ཏུ་ནས་རྩམ་ཅི་ཡོད་ཀྱང་ཁྱོད་ཀྱིས་ཐུགས་མཉམ་མ་བཞག་པར།རྒྱུན་ཏུ་རང་བསྟོད་དང་གཞན་སྨད་ཀྱི་འཁོར་ལོ་མུ་རུ་བསྐོར་བའི་མཐའ་མར།རང་ཉིད་ནད་ཀྱིས་ཟིན་འདུག།ནད་དེ་ནི་ཁྱེད་ཀྱི་ཁ་ལས་བྱུང་།ཁ་ཡིས་གཞན་རིགས་ཀྱི་སུར་པན་དང་སྒོ་ང་།གཡེར་མ་སོགས་ཟས་པས་བྱུང་།
  ཁྱེད་རང་ཁག་མི་འདུག་སྟེ།རང་ཉིད་ཀྱི་ཕྱག་ལ་འཁེན་ཏེ་ཟས་རིགས་འཚོལ་ཁོམ་མེད་ལ།འཚོལ་ཁོམ་ཡོད་ཀྱང་འཚོལ་འདོད་ཀྱི་དྲན་འཆར་ཡེ་ནས་མ་བྱུང་བས།སུར་པན་དང་སྒོ་ང་སོགས་ཀྱིས་ཁྱེད་ཀྱི་ལྟོ་རྒྱབ་ལ་དབང་སྒྱུར་བྱས་པས།ཁྱེད་རང་གཉིད་ལྕོགས་ཐེབས།གཉིད་ལམ་དུ་ཕུ་རོང་གི་སྣེ་མོ་བར་སྣང་དུ་བསྐྱོམས་ཤིང་འཇུར་རྟ་ཡི་ཐག་སྒྲས་ས་གཞི་རྡུང་གིན།མཁུར་ཚོས་དམར་བོའི་མེ་ཏོག་གི་དྲི་བསུང་དང་ལྷན་དུ་འཇིག་རྟེན་གྱི་དཔལ་ལ་རོལ།ན་ཟུག་ཅིག་ནང་ཁོག་ནས་གྱི་ལིང་ལྟར་རྒྱུགས་པས་ཁྱེད་རང་སད་འདུག།ཁྱེད་ཀྱིས་ཤེས་དུས་རང་ཉིད་ནི་སྨན་ཁང་དུ་ཡོད་པ་ཚོར་ལ།རང་ཉིད་མི་རྟག་པ་ཞིག་ཡིན་པའང་ཚོར་དུས།ལྷོ་སྣེ་གླིང་གི་འཁྱགས་དར་གྱི་ངོས་སུ་རྩེན་པའི་ལྷགས་རླུང་གི་ངར་ཤུགས་དང་དམྱལ་ཟངས་ཀྱི་ཚ་བར་བརྒྱུས་པའི་བཟོད་མེད་ཀྱི་རོ་ལངས་ཁྱེད་ཀྱི་ནང་སེམས་ནས་རྒྱུགས།ཡིན་ན་ཡང་།ཁྱེད་ནི་ཁྱེད་གཅིག་པའི་འཚོ་བ་ལ་ཞེན་པ་ཙམ་ལས།ཤ་ཉེ་རིང་དང་ཕུ་ནུ་མིང་སྲིང་གི་དོན་དུ་ཞེན་པ་ཡེ་ནས་མིན།
  ཚར་དགོས་པ་ཁོ་ཐག་རེད།ཡུན་རིང་བའི་ཕྱིར་དུ་གྲོན་ཆུང་ནི་གནད་དམ་པ་ཡིན་མོད།གྲོན་ཆུང་བྱས་ཏེ་དཀའ་ཁག་མྱོང་བ་ལས།ཐུན་གཅིག་གི་ལོངས་སྤྱོད་ལས་ཡོད་ཚད་ལ་བཞི་ཤད་བརྒྱབས་ན་འགྲིག  ཨ་ལ།  ནད་པ་ལགས། ཁྱོད་ཤི་རྗེས་ང་ཡང་ཤི་དགོས་ལགས།
                                                 2012.1.23 17:01ལུགས་གསར།
                                                                         2012.1.1ལུགས་རྙིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་པ།

2012-02-10 རྐང་ཐང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།