སྲན་རིལ་ལྔ།

  མཐོ་གསུམ་གྱི་སྐབས་སུ་འཛིན་གྲྭ་རུ་སྒོར་སྟོང་ལྔ་ཅན་གྱི་རོགས་སྐྱོར་ཞིག་ཡོང་བས་ན།རྒན་གྱིས“སློབ་གྲོགས་སུ་ཞིག་ལ་བྱིན་ན་འོས་སམ”ཞེས་འཛིན་གྲྭ་ཡོངས་ལ་གྲོས་ཁ་ཞིག་བགྱིས་པ་ན།སློབ་གྲོགས་ཚོས་ཅི་ཡང་མ་བཤད་པར་རང་རང་ས་ན་ཁུ་སུམ་མེར་གནས་པའི་སྐབས་སུ།སློབ་གྲོགས་ཕུན་དར་གློ་བུར་དུ་ཡར་ལ་ལངས་ཏེ“དེ་ནི་སྒྲོལ་མ་ལ་བྱིན་ན་འོས་ཀི”ཞེས་སྙིང་སྟོབས་དང་ལྡན་པའི་སྒོ་ནས་དེ་ལྟར་བཤད།
  ཉིན་དེ་དག་ཏུ་སྒྲོལ་མ་མེད་ན་ཡང་ཁོ་མོའི་གྲོགས་མོ་གནམ་སྐྱིད་ཀྱིས་བཤད་པ་ལོས་ཡིན་ཏེ།གཟའ་རྗེས་མའི་ཕྱི་དྲོ་ཞིག་ཏུ་སྒྲོལ་མ་ཕུན་དར་གྱིས་བསྐྱར་སྦྱོང་བྱེད་སའི་དགུ་ཆུའི་འགྲམ་ངོགས་སུ་ཡོང་སྟེ།ཕུན་དར་གྱི་ལག་ཏུ་སྤྲོ་བག་དང་ལྔན་པའི་སྒོ་ནས་སྲན་རིལ་ལྔ་གཏོར།
  སྲན་རིལ་ལྔ་བོ་ཕུན་དར་གྱི་ལག་པའི་ཁྲག་སྦུབས་སུ་འཐིམས་ཏེ་སྤྲོ་སྣང་གི་འདེད་ཤུགས་ཀྱིས་ཁོའི་སྙིང་གར་འབབ་ཀྱིན་འདུག།དེས“ལོ་ངོ་ལྔ་ལ་སྒུག་དང་ལས་དབང་ཡོད་ངེས་ཡིན”ཞེས་བཤད་པ་དང་ཀུན་ནས་་མཚུངས་པས།ཕུན་དར་གྱིས་གེག་དི་རུའི་ངང་སོ་ཡིས་མ་བསྡད་ལ་ཁོག་ཏུའང་མ་མིད་པར།འཇིག་རྟེན་གྱི་དངོས་པོ་གང་ཞིག་གིས་ཀྱང་ཚབ་པར་མི་ནུས་པའི་ཆེས་གཞལ་མེད་ཀྱི་ལེགས་སྐྱེས་སུ་བསམ་སྟེ།སྙིང་གར་སྦྱོར་གྱིན་འདུག་ལ་སྣ་ཡིས་ཀྱང་སྣུམ་གྱིན་འདུག
  སྲན་རིལ་ལྔ་བོ་ནི་དབང་བོ་སྣ་ལྔ་ཚང་བའི་སེམས་ལྡན་གྱི་མི་ཞིག་དང་འདྲ་བར་ཕུན་དར་ལ་སྐུལ་ལྕག་དང་གསལ་འདེབས་བགྱི་རུ་འཇུག་ལ།འཆར་ཡན་དང་བློ་བདེ་ཡི་ཞིང་བཀོད་ཅིག་ཏུའང་ཁྲིད་དུ་འཇུག་ངེས་པས།ཕུན་དར་ལ་སུན་སྣང་དང་ཡིད་ཆད་ཀྱི་སེམས་འགྱུ་སྤུ་ཉག་ཙམ་ཡང་མེད་པར་དུས་ཚོད་ཀྱི་འཁོར་ལོའི་རྩེ་ན་སྐོར་བ་བྱེད་ཀྱིན་འདུག
  མལ་ཁང་གི་གློག་གཟིམས་སོང་།སློབ་གྲོགས་ཚོའི་འུར་སྒྲ་ཡང་ཆད་སོང་།ལྷིང་འཇགས་ཀྱི་བདེ་བ་ཞིག་ལ་སྙེགས་ཀིན་པའི་བར་མཚམས་སུ་དྲི་ཞིམ་ཞིག་འཁྱིལ་ཡོང་སྟེ།“ཁོ་ལ་གཉིད་ཅིག།གཉིད་ཅིག།མ་འོངས་པའི་ཆེད་དུ་གཉིད་ཅིག”ཟེར་བཞིན་ཡོད་པས།ཁོ་བདེ་ལྡན་གྱི་ཞིང་དུ་འཛུལ་གྱིན་མཆིས།ནངས་སྔ་མོར་སློབ་གྲོགས་ཚོ་མ་ལངས་པའི་སྔོན་དེར“ལོངས་ཤིག།ལོངས་ཤིག།མ་འོངས་པའི་ཆེད་དུ་ལོངས་ཤིག”ཟེར་གྱིན་ཡོད་པས།ཁོ་ཁེར་རྐྱང་གི་ཞོགས་པར་སེམས་གཏམ་གློད་དུ་ཕྱིན།
  འཆར་གཞི་དང་སྤྲོ་སྣང་།རེ་བ་ཡིས་བརྟས་པའི་ཕུན་དར་སློབ་ཆེན་མཐར་ཕྱིན་ནས་ལོ་ངོ་གཉིས་འགོར་སོང་།འཇིག་རྟེན་སྔར་བཞིན་འགུལ་གྱིན་ཡོད་ཀྱང་།ཕུན་དར་འགྱུར་བ་ཅི་ཡང་མེད་པར་སྒོ་ནས་སྲན་རིལ་ལ་བལྟ་བཞིན་འདུག།སྲན་རིལ་དངོས་གནས་སྙིང་རྗེ་བ་ཞིག་རེད།ཁོ་ཚོ་ནི་རང་ཉིད་ཀྱི་ཨ་མ་དང་ཁ་བྲལ་བའི་སྐྱོ་གདུང་དུ་ལྷུང་བ་ནང་བཞིན།“ཨ་མ—ཨ་མ”ཞེས་ངུ་འབོད་བྱེད་ཀྱིན་འདུག།འོན་ཀྱང་ཨ་མ་དེ་ད་དུང་རྒྱང་ཐག་རིང་བ་འདྲ།
  ཁུ་སུམ་པའི་དུས་སྐབས་ཤིག་ལ།དྲན་གདུང་གི་ལྟོགས་སྐོམ་གྱིས་གཟིར་བ་ལོས་ཡིན་ཏེ།ཕུན་དར་གྱིས་སྲན་རིལ་ལྔ་བོ་གེག་དི་རེ་འཆོས་བྱུང་།ཁ་ཚ་བ་དང་ལན་ཚ་བའི་རོ་མངར་དེ་ལས་ཕུན་དར་གཉིད་ལས་སད་པ་ལྟ་བུའི་རྟོག་སད་ཅིག་བྱུང་སྟེ།“ཀྱེ----རང་བྱུང་ཁམས་ཆེན་མོ་ལགས།【ང་ཚོས་མཛའ་མཐུན་ལ་རེ་ལྟོས་ཇི་འདྲ་མཐོན་པོ་བཟུང་ན།ཤ་ཁྲག་གི་ལུས་པོ་ལ་བརྟེན་ནས་མཛའ་མཐུན་འཛུགས་པ་དེ་ལྟར་དུ་དཀའ་བར་འགྱུར】①དོན་ཅི་ཡིན་ནམ”ཞེས་སྐད་འབོད་རྒྱག་གིན་འདུག།རང་བྱུང་ཁམས་ཆེན་མོ་རང་བྱུང་ཁམས་ཆེན་མོ་ཉིད་ཡིན་ཀྱང་།དེའི་ངོ་རུས་སུ་མིའི་རིགས་ཀྱི་བྱམས་བརྩེ་དང་ལྷག་བསམ།སྡུག་རུས།དྭངས་གཙང་གི་སེམས་གཤིས་སོགས་མངོན་གྱིན་ཡོད་སྟབས།རང་བྱུང་ཁམས་ཆེན་མོ་སེམས་འགུལ་ཐེབས་ཏེ་ཁྱོད་ལ་རོགས་རམ་དང་བཀོད་སྒྲིག་བྱ་ཐག་ཆོད་ཡིན།
  ཉི་མ་འཆར་བྱུང་།སྦྲང་ཆར་བབས་བྱུང་།ཐང་ཡངས་པའི་ས་གཞིར་ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་གི་སྟོང་མཆོད་བཤམས་འདུག་པས་ན།ཁུ་བྱུག་གིས་ཀྱང་ཆེས་ཐོག་མའི་ངག་གི་སྒོ་འཕར་ཡངས་པོར་ཕྱེས་ཏེ“ཀི་ཀོ་ཀི་ཀོ”ཞེས་པའི་གླུ་སྒོ་འབྱེད་བཞིན་ཡོད།ཁ་སང་གི་དགོང་དྲོར་སྒྲོལ་མས་ཕུན་དར་ལ་ཁ་པར་ཞིག་བརྒྱབས་ཏེ།“ངའི་སྲན་རིལ་ལྔ་བོ་ད་ལྟ་ཨེ་ཡོད”ཅེས་དྲིས་པ་ན།ཕུན་དར་གཞི་ནས་འགྱོད་གདུང་དྲག་པོ་སྐྱེས་ནས“ངས་འཆས་ཟིན”ཞེས་བརྗོད་མ་ཐག་ཏུ་ཁ་པར་གྱི་སྐུད་ལམ་ཆད་སོང་།ཕུན་དར་གྱིས་རང་ཉིད་ལ་ཉེ་བ་ཡོད་བསམ་སྟེ་རེ་ཆད་ཀྱི་འདམ་གཞུང་དུ་ལྷུང་སྟེ་དབུགས་རིང་ནར་ནར་རེ་འཐེན་གྱིན་པའི་སྐབས་སུ་གློ་བུར་དུ་ཁ་པར་ཞིག་ཡོང་སྟེ“ང་ཁྱོད་ཀྱི་སྒོ་ཁ་ན་ཡོད”ཅེས་པའི་སྒྲ་དེ་གོ་མ་ཐག།ཕུན་དར་ཧང་སངས་པ་ལྟ་བུའི་འཕག་འཚག་ཅིག་བྱས་ཏེ་རྐང་རྗེན་གྱིས་སྒོ་འབྱེད་དུ་རྒྱུགས།
  སྒོ་ཁ་ན་བུད་མེད་མཛེས་མ་ཞིག་འདུག་པས།ཁོས་དེ་ཉིད་དུ་དང་ལེན་བྱ་མ་ཐུབ་པར་ངོ་གདོང་གི་འཛུམ་རུས་རེ་ཞིག་ལ་ཡལ་དགོས་སོང་།དེ་ནི་དགུ་ཆུའི་འགྲམ་ངོགས་ཀྱི་གཟུགས་རུས་ཁོ་ན་སེམས་སུ་བརྐོས་ཡོད་པས།དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་ཞེས་པའི་གནས་ལུགས་དེ་ཧ་གོ་མ་སོང་ལ།གོ་ཡང་དཀའ་བར་འདོད།སྐབས་དེར་བུད་མེད་དེས“ཡ—ང་ཡོང་ན་སྤྲོ་སྣང་མེད་པ་ཡིན་ནམ”ཞེས་དགོད་འཛུམ་དང་བཅས་ཏེ་བཤད་པ་ན།ཕུན་དར་གྱིས་གཞི་ནས་ཡུན་རིང་གི་དྲན་ཤིང་དུ་གྱུར་བའི་སྒྲོལ་མ་ཡིན་པ་གསལ་བོར་ཤེས་པས།དགའ་ལྷང་ལྷིང་གིས་ཁྱིམ་ཐབ་ཏུ་འཛུལ།
  སྒྲོལ་མས་ཅི་ཡང་མི་འདྲི་ལ་ཅི་ཡང་མི་བཤད་པར་ཐད་གར“སྲན་རིལ་ལྔ་བོ་ནམ་འཆོས་པ་ཡིན”ཞེས་དྲིས་པ་ན།ཕུན་དར་གྱིས“ཉིན་ལྔའི་སྔོན་ལ་འཆས་པ་ཡིན”།“དེས་ན་སྲན་རིལ་ལྔ་བོ་འཆས་རྗེས་དོན་དག་ཅི་ཞིག་བྱུང་སོང་ངམ”ཞེས་དྲིས་མ་ཐག།ཕུན་དར་གཞི་ནས་ངོ་གདོང་དམར་ལམ་ལམ་དུ་གྱུར་ལ་ངག་ནས་ཚིག་གཅིག་ཀྱང་མ་འཁྲོལ་བའི་སྐབས་སུ།“ཨེ—དོན་ངོ་མ་དོན་ཅི་ཞིག་བྱུང་སོང་།དྲང་མོར་ཤོད་དང”ཞེས་སྙིང་རྗེ་ཉམས་ཀྱིས་དེ་སྐད་བཤད་པས་ན།ཕུན་དར་གྱིས“སྒྲ་ལྔ་གྲག་གི”ཞེས་བཤད་མ་ཐག།སྒྲོལ་མས“སྟུག་དྲི་ལྔ་འཆོར་སོང་བ་ཨེ་ཡིན”ཞེས་དྲིས་པ་ན།ཕུན་དར་དང་ཁོ་མོ་གཉིས་ཧབ་ཆ་དིར་རེར་སོང་།
                                      ①ཨ་རིའི་ཨེ་མེར་སོན་གྱི་ཚིག་གཡར་བ།
2011.11.14ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲན་རིལ་ལྔ།

2011-11-20 རྐང་ཐང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།