གསེར་གྱི་རྣ་རྒྱན།

   དོན་འགྲུབ་ཚེ་རིང་གིས་རྟ་ཁ་ཕྱིར་འཁོར་ཏེ་ཡང་བསྐྱར་བུ་མོ་བཀྲ་ཤིས་སྒྲོལ་མར་ཐེངས་གཅིག་ལྟ་དགོས་བྱུང་ད་ཐེངས་ཀྱི་ལྟ་སྟངས་ཏེ་སྔོན་ཆད་ཀྱི་ལྟ་སྟངས་དང་གཏན་ནས་མི་འདྲ་བས་བཀྲ་ཤིས་སྒྲོལ་མའི་སེམས་ལའང་ཙག་ཤད་ཐེངས་ཤིག་བརྒྱུགས་ཡོད་པ་ཤ་སྟག་ཡིན།
   ས་རུབ་ཟིན།
   ཁ་བའང་མུ་འཐུད་དུ་འབབ་ཀྱིན་འདུག།དོན་འགྲུབ་ཚེ་རིང་ཁ་བའི་ནང་སར་བསྡད་དེ་ཐ་མག་རྐང་གཅིག་མེས་བསྒྲོན་ཞིང་དྲན་འཛིན་གྱི་ཡོལ་རས་ངོས་སུ་ཅི་ཞིག་ཤར་བཞིན་ཡོད་པ་སུ་ཞིག་གིས་རྟོགས་སྲིད།ཁོའི་གྲང་མ་ཕྱིད་ཀྱི་ངོ་གདོང་ནས་ལྐོག་གཡོ་འདྲེས་མའི་འཛུམ་ཆུང་ཞིག་གཏན་ཏུ་མི་ཡལ་ཞིང་། འབྲུག་ནག་སྡེ་བའི་ཕྱོགས་སུ་ཡང་དང་བསྐྱར་དུ་མིག་ཞག་འཕེན་སྲིད།ཡང་ལན་རེར་སློག་ཧྲིན་གྱི་རུམ་ལ་ལག་སྙོབ་འགའ་བྱེད་སྲིད།
   གང་ལྟར།   ད་ནི་ལུག་ལྷས་རྭར་བསྡུས་བ་འཕྱི་དྲགས་པས་ཨ་ཕ་ནོར་རྒྱམ་གྱིས་གཤེ་གཤེ་ཡིད་ཚིམ་པ་མ་ཞིག་གཏོང་ཁོ་ཐག་རེད།ས་ཡོངས་སུ་རུབ་ཟིན། འབྲོད་རྭ་སྡེ་བའི་ཁྱིམ་ཚང་ཡོད་ཚད་མཚན་རིང་བུ་མོའི་རྨི་ལམ་གྱི་དག་ཞིང་རུ་ཁྲིད་ཟིན།
    དོན་འགྲུབ་ཚེ་རིག་གི་རེ་བ་ཀུན་ནས་འགྲུབ་པ་ལྟར།ཁོ་ཚང་གི་རྟ་མཆོག་རྐྱང་དམར་ཞེས་པར་ཞོན་ཏེ་འབྲུག་ནག་སྡེ་བའི་ཕྱོགས་སུ་རྒྱུགས་སོང་ངོ།མདུན་ཕྱོགས་ཀྱི་རི་འདབས་ནས་ཁྱིམ་ཚང་ཞིག་གསལ་བོར་མངོན་ཡོང་། ཁྱིམ་ཚང་དེ་ནིའབྲུག་ནག་བསྟན་པ་ཚང་རེད། ཡང་གཅིག་བཤད་ན།    དོན་འགྲུབ་ཚེ་རིང་གི་སེམས་སུ་རྟག་ཏུ་འཚར་བའི་བུ་མོ་བཀྲ་ཤིས་སྒྲོལ་མ་ཚང་རེད།  དོན་འགྲུབ་ཚེ་རིང་རྟ་ལས་བབ་ཅིང་གོམ་སྟབས་ཡང་མོའི་སྒོ་ནས་བསྟན་པ་ཚང་གི་སྦྲ་ཆེན་ལོགས་སུ་ཡོད་པའི་རུས་གུར་ཆུང་ཆུང་དེ་གཏད་དེ་སོང་བ་རེད།     ཁ་བའི་སྟེང་སྤོས་པའི་གོམ་སྒྲ་དེ༼ཐྲིག་་་ཐྲིག༽ཅེས་གྲག་ཐེངས་རེ་ལ་ཁོའི་བསྟན་པ་གཟའ་ཟླ་གཉིས་གཉིད་ལས་དཀྲོགས་སོང་སྙམ་སྟེ་སེམས་ལ་སྔངས་འཚུབ་ཅིག་སྐྱེས་སོང་། རུས་གུར་ནང་ཐོན་རྗེས། ཁོའི་སེམས་པ་གཞི་ནས་བདེ་བར་གྱུས་སོང་ལ། ཐ་མག་རྐང་གཅིག་མེར་བསྒྲོན་ཏེ་བཀྲ་ཤིས་སྒྲོལ་མའི་སྔས་འགྲམ་དུ་སོང་སྟེ་སར་བསྡད།ཨ་སྔོན་གྱི་དབྱིངས་སུ་འཚེར་བའི་ཟླ་འོད་དེ་སྤྲིན་ནག་གི་གསེབ་ནས་ཡང་བསྐྱར་འཕགས་ཤིང་།རུས་གུར་ནང་དུ་སྔར་མེད་ཀྱི་དཀར་གསལ་ཞིག་གི་ཁེངས་སོང་།
   སྐབས་དེར་དོན་འགྲུབ་ཚེ་རིང་གིས་བཀྲ་ཤིས་སྒྲོལ་མའི་གདོང་ལ་གསལ་བོ་ཞིག་བལྟས་ཤིང་།     མོའི་གཞོན་ཤ་རྒྱས་བའི་ངོ་གདོང་དང་དམར་མདངས་རྒྱས་བའི་འཁུར་མཚོས།  མེ་ཏོག་པད་མའི་འདབ་མ་སུམ་འདྲའི་ཁ།རྒོད་པོའི་གཤོག་ཞགས་བརྐྱངས་འདྲའི་སྨིན་མ་སོགས་མཐོང་ཚེ་ཁོའི་ཡིད་ལ་འདོད་སྲེད་ཀྱི་ཟ་འཕྲུག་ཁྱད་པར་བ་ཞིག་བརྒྱུགས་ཡོད་པ་ཐག་ཆོད་རེད།ཁོའི་ཐ་མག་དེ་ས་རུ་འཕངས་ནས་ལག་པས་བཀྲ་ཤིས་སྒྲོལ་མའི་གོང་ཁ་ལ་སྤྲུག་སྤྲུག་འགའ་བྱས་རྗེས༼བཀྲ་ཤིས་སྒྲོལ་མ།  བཀྲ་ཤིས་སྒྲོལ་མ༽ཞེས་ཐེངས་འགར་བོས་པ་རེད།བཀྲ་ཤིས་སྒྲོལ་མ་གཉིད་མ་སད་ཀྱི་ངང་ནས་མིག་གཉིས་དལ་བུར་ཕྱེ་བཞིན་དོན་འགྲུབ་ཚེ་རིང་གི་གདོང་ལ་ཅེར་འདུག།
  ༼ང་དོན་འགྲུབ་ཚེ་རིང་ཡིན  ཁྱེད་ཀྱིས་ང་མི་ཤེས་སམ༽
  ༼ཁྱེད་འདིར་ཡོང་དོན་ཅི་ཡིན༽བཀྲ་ཤིས་སྒྲོལ་མའི་ངོ་ཚ་དང་འཛུམ་ཆུང་འདྲེས་མའི་སྒོ་ནས་དེ་སྐད་བཤད།སྐབས་དེར་དོན་འགྲུབ་ཚེ་རིང་གི་རེ་བའི་འོད་ཐིགས་ཤིག་འཕྲོས་ཤིང་།  གསལ་ལ་མི་གསལ་བའི་སྐད་ཆ་ལྡབ་ལྡིབ་ཅིག་རླུང་བུ་ཡི་ཁྱེར་ཏེ་ཕྱི་རོལ་ཏུ་འཕུར་ཡོང་།
   ༼་་་་་་་་་་ལས་དབང་་་་་་་་༽
  ༼་་་་་་་་་་མ་འོངས་བར་་་་་་༽དཀར་བོང་བོང་གི་ཁ་བའི་རྡུལ་ཕྲན་རེ་རེས་ཁོ་གཉིས་ཀྱི་གསང་ཚིག་འགེབ་པ་ལྟར་མུ་མཐུད་དུ་འབབ་བྱུང་།
   གློ་བུར་དུ་དོན་འགྲུབ་ཚེ་རིང་གིས་རང་ཉིད་ཀྱི་རུམ་ནས་༼གསེར་གྱི་རྣ་རྒྱན༽ཆ་གཅིག་བླབས་ཡོང་བ་རེད།བཀྲ་ཤིས་སྒྲོལ་མའི་མིག་གཉིས་སྐར་ཆེན་ལྟར་༼ག སེར་གྱི་རྣ་རྒྱན༽དེར་ཅེར་འདུག།
     ༼འདི་ཅི་རེད༽
  ༼འདི་ཁྱེད་ཀྱི་རེད༽དོན་འགྲུབ་ཚེ་རིང་གིས་གསེར་གྱི་རྣ་རྒྱན་བཀྲ་ཤིས་སྒྲོལ་མའི་ལག་ཏུ་བཞག་ནས༼འདི་ནི་ངའི་སེམས་པའང་ཡིན༽ཟེར། བཀྲ་ཤིས་སྒྲོལ་མའི་ཡ་མཚར་གྱི་ལག་ཟུང་གིད་སེམས་ཆུང་སྒོས་༼གསེར་གྱི་རྣ་རྒྱན༽དེར་བྱུལ་བྱུལ་ཡང་ཡང་བྱས།
   གློ་བུར་དུ་དཀར་གསལ་གྱི་ཟླ་འོད་སྤྲིན་ནག་ཅིག་གི་ཕག་ཏུ་ཡིབ་ནས་ན་གཞོན་ཕོ་མོ་འདི་གཉིས་ཀྱི་ལྐོག་གྱུར་གྱི་གསང་བ་ཞིག་ལ་ལྟ་འདོད་མེད་པ་ལྟར་གྱུར།  སྐབས་དེར་རུས་གུར་ཆུང་ཆུང་དེ་ལས་ཧ་ཅང་སྙན་འཇེབས་ཀྱི་འཁུན་སྒྲ་ཞིག་བར་མེད་གྲག་ཡོང་།
    ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་
    དེ་ལྟར་ཁོ་གཉིས་ཀྱི་དུང་སེམས་དང་ཞེ་འདང་སྤྲེལ་ནས་ཟླ་བ་ཅི་ཙམ་ཞིག་འགོར་བ་སུས་ཀྱང་མ་ཤེས་བའི་ཉིན་ཞིག་ལ། འབྲུག་ནག་སྡེ་བའི་ནང་དུ་༼བཀྲ་ཤིས་སྒྲོལ་མ་མནའ་མར་བུད་སོང༽ ཞེས་པའི་གཏམ་ངན་ཞིག་ས་ཁྱབ་རྡོ་ཁྱབ་བྱེད་ཀྱིན་འདུག དོན་འགྲུབ་ཚེ་རིང་གི་གཏམ་ངན་དེ་ཐོས་རྗེས་་་་་་་་་་་་

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གྱི་རྣ་རྒྱན།

2011-11-14 ཁྲག་སྙུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།