ཨ་ཁུ་སྐར་མ།

བཀྲ་ཤིས་རྒྱལ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-30

   དགོང་མོ་དེར་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་ཡོད་པས།སྦྲའི་ཁ་ཚུབ་ལས་ཀྱང་ཆར་ཆུའི་ཐིགས་པ་འགའ་རེ་སྦྲ་ནང་དུ་ཟགས་ཀྱིན་འདུག
   ཡུད་ཙམ་འགོར་རྗེས།ཐབ་ཀའི་ནང་གི་མྱེ་ལྕེའང་རིམ་གྱིས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཅིང་།ཟོག་ལུག་གིས་གཟན་རྩྭ་ལྡད་པའི་སོ་སྒྲ་མ་གཏོགས་སྒོ་ཁྱིའི་ཟུག་སྐད་སོགས་ཅི་ཡང་མེད་པས།དབེན་ཞིང་འཇགས་ལ་ལྷིང་འཇགས་ཀྱི་ཚོར་བ་ཞིག་ཅིས་ཀྱང་སྟེར་སྲིད།དེ་བས།འབྲུག་མོས་མགོ་རུམ་ལ་བཏིངས་ནས་ཉལ་ཏེ་བསྡད།
    སྐབས་དེར།ཨ་ཁུ་དཔོན་གྱིས་ཁ་རོག་གེར་སྨག་ནག་ནང་ལ་ལག་སྙོབ་བྱེད་ཀྱིན“འབྲུག་མོ་་འབྲུག་མོ་་་་”ཞེས་འབོད་ཀྱིན་པ་འབྲུག་མོའི་ཨ་ཕས་ཐོས་པས་མྱུར་མོར་མགོ་ཡར་དགྱེས་ཏེ“ཨ་ཁུ་དཔོན།་་་་ཨ་ཁུ་དཔོན་་་་་ཁྱེད་ཚང་ལ་དོན་དག་ཅིག་ཡོད་ནི་མིན་ན”ཞེས་དྲིས་པས།ཨ་ཁུ་དཔོན་ཅུང་ངོ་ཚ་བཞིན་ན་རེ“ཅང་མ་རེད།ཁ་ཚུབ་ལས་ཐིགས་ཆུ་ཙ་གེ་ཙིག་གེ་རེ་འཐིགས་ཀྱིན་འདུགཡིན་ཡང་།ད་མི་སྐྱོན་ཀིགནམ་འབབ་མཚམས་བཞག་འདུག”
ཅེས་བཤད་རྗེས།“ཨེ་མ་ཧོ།མཚོ་དབུས་གེ་སེར་པདྨའི་སྡོང་བོ་ལ།།སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ།། ་་་་་་”ཞེས་བསམ་པ་མྱུར་འགྲུབ་མ་ཞིག་འདོན་བཞིན་གཉིད་ལ་ཡུར་ཁུལ་བྱས།  
   ཕལ་ཆེར་ནམ་གུང་བཟུར་ཟིན།འབྲུག་མོའི་ཨ་ཕ་གཉིད་ལ་ལོག་ནས་སྔུར་བ་ཧུར་ཧུར་དུ་འཐེན་བཞིན་འདུགཏག་ཏག་སྐབས་དེར།འབྲུག་མོས་གཉིད་གུང་ནས་རང་ཉིད་ཡང་བསྐྱར་ཨ་ཁུ་དཔོན་གྱིས་འབོད་ཀྱིན་པ་ཐོས་པས།ཁོ་མོ་མྱུར་མོར་ཡར་དགྱེས་ཏེ་ན་རེ།
  “ལགས།བཀའ་གསུངས་ཅི་ཡོད”ཅེས་ཞུས་པས།ཨ་ཁུ་དཔོན་གྱིས“ཨ་ཁུས་བཀའ་གསུང་་་་་ ་བཀའ་གསུང་ཅང་མེད་དྲ”ཞེས་འདར་མ་འདོར་གྱིས་བཤད་པས།འབྲུག་མོས་ཨ་ཁུ་དཔོན་ལ་ཅི་བྱུང་འདི་བྱུང་མ་ཤེས་པར།ཡང་བསྐྱར་དྲིས་པ“ལགས།ཁྱེད་ཀྱིས་ང་བོས་ཏེ་དོན་དག་འདྲ་ཡོད་ནི་མིན་ན”ཞེས་བཤད་པ་ལ།ཁོ་ན་རེ“དོན་དག་ཆེ་ཞིག་མེད་དྲ།སྦྲ་ཡི་ཁ་ཚུབ་འདི་ཕྱིར་ཅིག་འགེབས་དགོས་ཀི མ་བཀབས་རེས་ཐིགས་ཆུས་དེད་འགྲོ་གི”
ཞེས་བཤད་པས།འབྲུག་མོ་མགྱོགས་མོར་བརྒྱུགས་ཕྱིན་ཏེ་ཐབ་ཀའི་གཡས་ས་ནས་ཁ་ཚུབ་ཕྱིར་བཀབས་ན་ཡང་།ཨ་ཁུ་དཔོན་གྱིས་ད་དུང་ཁོ་རང་ཉལ་སའི་དྲང་ཐད་ཀྱི་ཁ་ཚུབ་ད་རུང་ཁོབས་མེད་ཀི་ཟེར་ནས་འབྲུག་མོ་ཐབ་ཀའི་གཡོན་ལོགས་སུ་ཡོང་སྟེ་འགེབས་སུ་བཅུག་ལ།འབྲུག་མོས་ཁ་ཚུབ་བསུམས་པའི་གླགས་དང་བསྟུན་ནས་ཨ་ཁུ་དཔོན་འབྲུག་མོའི་རྐང་བ་གཡས་པར་འཐམས་ཏེ་སྤྱང་ཀིས་ལུག་འདྲུད་འདྲུད་བྱས་ནས་འབྲུག་མོ་ཁོའི་རུམ་ལ་བསྡུ་རྩིས་བྱས་ན་ཡང་།འབྲུག་མོས་ད་དུང་ཅི་ཡིན་འདི་ཡིན་མ་ཤེས་པར་མ་ཟད།ཁོ་མོ་ཨ་ཁུ་དཔོན་གྱི་དབུའི་སྟེང་ལ་མནོས་སོང་སྙམ་ནས་སྐྲག་ཅིང་སྔངས་བཞིན་ན་རེ།“ཨ་ཁུ་་་་ཨ་ཁུ་་་་ཨ་ཁུའི་མགོ་ལ་་་་་་་་”ཞེས་ཨ་ཁུའི་རུམ་ལ་འདྲུད་ཀྱིན་པའི་འབྲུག་མོའི་ཁ་ནས་དེ་ལྟར་ཤོར་ན་ཡང་།ཨ་ཁུས“རྣལ་འབྱོར་བ་ལ་གཙང་བཙོག་མེད།མགོ་ལ་ལྡིང་ན་ལྡིང་གི་ཞིག།”ཅེས་བཤད་ཅིང་ཁོ་མོའི་རྐང་བ་ནས་བཙན་གྱིས་འཐེན་ཏེ་ཁོའི་རུམ་ལ་བསྡུས་པས།བུ་མོ་འབྲུག་མོ་ཡང་ཁ་རོག་གེར་མི་འདུག་ག་མེད་བྱུང་བ་སྟེ།གཅིག་བྱས་ན་ཨ་ཁུ་སྐར་མ་ཁོ་ཚང་གི་དཔོན་ཡིན་པས་དཔོན་གྱི་ཐུགས་དཀྲུགས་མི་ཉན་ཞིང་།གཉིས་བྱས་ན་གལ་ཏེ་ཁོ་མོས་འུར་བརྒྱབ་ཚེ་ཕ་མ་གཉིས་ཀྱིས་ཀྱང་ཁོ་མོར་སྡིགས་དམོད་བོར་བར་སྐྲག་ནས་བྱེའུ་ཁྲ་ལག་ཏུ་ཤོར་བ་བཞིན་ཁ་རོག་གེར་བསྡད་པས།ཨ་ཁུ་དཔོན་རིམ་བཞིན་ཁོ་མོའི་འགྲམ་ལ་བཀླན་ཅིང་ཁོ་མོའི་ལག་པ་གཉིས་བཙན་གྱིས་མར་མནན་ཅིང་།སྐབས་དེ་དང་བསྟུན་ནས་ཁོ་མོ་ལ་འོ་བྱེད་པ་ཅི་ཐུབ་བྱས།ཏག་ཏག་སྐབས་འདིར་ཁོ་མོས་ད་གཟོད་ཨ་ཁུ་དཔོན་གྱིས་རང་ཉིད་ལ་ངན་སེམས་བཅིངས་ཡོད་པར་མ་ཟད།བཙན་པོའང་བྱེད་པ་ཤེས་ཏེ།“ཨ་མ་་་་་་་ཨ་མ་་་་་་”ཞེས་ཇི་ལྟར་བོས་ན་ཡང་།ནམ་རྒྱུན་ལུག་གིས་རུལ་མ་གཏོང་བའང་གཉིད་གོང་ནས་ཐོས་ཐུབ་ཟེར་བའི་ཕ་མ་གཉིས་ཀྱང་དགོང་མོ་དེར་ཁོང་གཉིས་ཀྱི་རྣ་ཁར་ལྕགས་མཁར་དགུ་ཐོག་ཞིག་བརྡུང་བ་དང་འདྲ་བར་དོན་དག་ཐམས་ཅད་ཐོས་ཡོད་ན་ཡང་།མ་ཐོས་ཁུལ་གྱིས་ཤི་ཉལ་རོ་ཉལ་བྱས་ཏེ་བསྡད་པས།ཨ་ཁུ་དཔོན་ལ་སྔར་ལས་ཀྱང་སྤོབས་པ་ཆེར་རྒྱས་ཏེ་ཁོ་མོ་ལ་ཤི་འཐམས་རོ་འཐམས་ཀྱིས་འོ་བྱེད་ཅི་ཐུབ་བྱས་པ་དང་ཁོ་མོའི་སྟེང་ལ་འབུད་ཨེ་ཐུབ་ཡང་ཡང་བལྟས།མོ་ལོ་བཅུ་དྲུག་ལས་སོན་མེད་པའི་བུ་མོ་འབྲུག་མོས་མི་ལོ་དྲུག་ཅུའི་ཕྱེད་ཀ་ཡོལ་ཟིན་པའི་སྔགས་རྒན་དེའི་ངོ་ཡ་མ་ལོན་པར་མ་ཟད།ཁོ་མོ་ཨ་ཁུ་དཔོན་གྱིས་རང་གི་ཁ་འོག་ཏུ་བསྡུས་ཤིང་།ད་དུང་ཁོ་མོ་ལ“འུར་རྒྱག་མི་ཉན།རིགས་མ་བསྟེན་པ་ལུས་ཀྱི་ཕྱག་རྒྱ་ཡིན།”ཟེར་བའི་ལུང་ཞིག་དྲངས་ཤིང་།གལ་ཏེ་ཁོ་བོས་ཁྱོད་ལ་བདུད་རྩི་སྨན་མཆོག་གནངས་ཚེ།ཁྱོད་ལ་ནད་གདོན་སོགས་གང་གིས་ཀྱང་མི་ཚུགས་པར་བཤད་ནས་མགོ་བསྐོར་བླ་ན་མེད་པ་ཞིག་བཏངས་རྗེས།ཞག་གང་བོར་འབྲུག་མོ་ཕྱིར་ཁོ་མོའི་ཉལ་སའི་ནང་ལའང་འགྲོ་རུ་མ་བཅུག་པས།ཕྱི་ཉིན་ཨ་ཁུ་དཔོན་གྱི་ཉལ་སའི་ནང་ལ་ཁྲག་མོག་གིས་ཟིན་ཡོད་འདུག་གོ།
  ཕྱི་ཉིན་འབྲུག་མོའི་ཨ་མ་ཡར་ལངས་ཏེ་ལྟ་དུས་འབྲུག་མོ་གར་སོང་ཆ་མ་འཚལ་བས།ཁོ་མོ་དངངས་འཚུབ་དང་བཅས་ཏེ་ཁོ་ཚང་གི་ལུག་ར་དང་ནོར་རའི་མཐའ་འཁོར་དུ་ཡར་རྒྱུགས་མར་རྒྱུགས་ཀྱིས་འབྲུག་མོ་བཙལ་ཡང་མ་རྙེད་པས།སེམས་ཁུར་སྔར་ལས་ཀྱང་ཇེ་ཆེར་གྱུར་ལ“འབྲུག་མོ་་་་འབྲུག་མོ་་་”ཞེས་མདང་དགོང་ཨ་ཁུ་དཔོན་གྱིས་འབོད་པ་དང་མི་འདྲ་བར་ཅུང་སྐད་གསེང་མཐོན་པོས་འབོད་བཞིན་དུ་ཉིན་རྒྱུན་ཁོ་མོ་ཆུ་ལེན་དུ་འགྲོ་སའི་ལམ་ཕྲན་དེ་དེད་ནས་རྒྱུགས་ཕྱིན་དུས།འབྲུག་མོ་ཆུ་ལེན་དུ་འགྲོ་བའི་ལམ་བར་ཞིག་ཏུ་ཆུ་ཟོ་ཐང་ལ་བཞག་རྗེས་ལྕགས་རའི་ཚེར་སྡོང་ཞིག་གི་མགོ་རུ་ཆུ་ལུང་རང་གི་སྐེ་ལ་བསྐོན་ཏེ་རང་ཤི་བརྒྱབ་འདུག་པ་མཐོང་བས་ཁོ་མོ་ཡང་གནས་དེ་རུ་བརྒྱལ་ཏེ་ས་རུ་འགྱེལ་སོང་།          
ད་ནི་ཉི་མ་ལ་ཤར་ལུང་ཤར་བྱས་འདུག་ཀྱང་འབྲུག་མོ་དང་ཁོ་མོའི་ཨ་མ་གཉིས་ད་དུང་མཐོང་རྒྱུ་མ་བྱུང་བས།འབྲུག་མོའི་ཨ་ཕས་ཨ་ཁུ་དཔོན་ལ་ནངས་ཇ་ཡང་ལྡུད་རན་སོང་སྙམ་ནས་སྒོར་བུད་དེ་ཡང་བསྐྱར་མདང་དགོང་གི་ཨ་ཁུ་དཔོན་གྱིས་འབོད་པ་དང་ཅུང་ཟད་མི་འདྲ་བར“འབྲུག་མོ་་་་འབྲུག་མོ་་་་”ཞེས་བོས་ལ།ཡར་ལྟ་མར་ལྟ་ཞིག་བྱས་ཀྱང་གྲག་རྒྱུ་འགུལ་རྒྱུ་གཅིག་ཀྱང་མ་བྱུང་།དེ་བས།ཁོ་ལའང་འཚུབ་ཆ་ཅུང་ཟད་ཅིག་ལངས་ཏེ་ཨ་ཁུ་དཔོན་གཅིག་པུ་ཁྱིམ་དུ་བསྐྱུར་རྗེས་ཁོ་ཚང་གི་སྦྲའི་ལྟག་རྒྱབ་དང་ཐག་མི་རིང་བའི་ས་ན་ཡོད་པའི་དེའུ་འབུར་དེའི་མགོ་རུ་བུད་དེ་ལྟ་དུས།ད་སོ་མར་ཉི་ཟེར་གྱིས་ཁྱབ་པའི་ས་གཞི་ཡོངས་ལ་གློ་བུར་དུ་སྤྲིན་ནག་འཁྲིགས་ཅིང་རླུང་དམར་ལྡང་ལ།ཕྱོགས་བཞིའི་མཁའ་མཐའ་རུ་གློག་དམར་ཆིལ་ཆིལ་དུ་འཁྱུག་ནས་ཡོང་གིན་པ་ལྟ་བུའི་ཚོར་སྣང་གློ་བུར་མ་ཞིག་སྐྱེས་པའི་མོད་ལ།ཁོ་བོས་འབྲུག་མོའི་ཨ་མས་ངུ་ཞེངས་འཐེན་བཞིན་པ་ཐོས་ཤིང་དེ་ནི་རྨི་ལམ་ཤིག་གི་མཇུག་མ་རྫོགས་པ་མ་ཡིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་གེགས་མེད་དུ་སྐྱེས་འོངས་པ་དང་།དེ་དང་ཆབས་ཅིག་ཏུ་ཆུ་ལམ་དེ་དེད་ནས་འབྲུག་མོ་མ་བུ་གཉིས་ཡོད་ས་གཟས་ཏེ་གླ་བ་གྱེན་དུ་མཆོང་བ་བཞིན་དུ་ལན་རེར་བརྒྱུགས་ནས་སོང་ཞིང་ལན་རེར་གད་པའི་ཡར་ཀ་མར་ཀར་ལ་མཆོང་བཞིན་དུ་སོང་སྟེ་ཁོ་གཉིས་ཀྱི་མདུན་ལ་ཐོན་དུས་འབྲུག་མོའི་ཨ་མས་འབྲུག་མོ་པང་དུ་བླངས་ནས་ཁོ་མོར་ཅི་བྱུང་སོང་ཟེར་བཞིན་དཀར་ལ་དམར་དམངས་ཆགས་པའི་འབྲུག་མོའི་འགྲམ་པ་ལ་ཁོ་མོའི་ཐོད་པ་བཀླན་ཏེ་མཚམས་མི་ཆད་པར་ངུ་བར་བྱེད་པས།འབྲུག་མོའི་ཨ་ཕས་ཀྱང་འབྲུག་མོའི་མགོ་བོར་བྱིལ་བྱིལ་ཞིག་བྱེད་བཞིན“འུ་བཟའ་བ་གཉིས་ལ་རང་གཉིས་ཀའི་བུ་མོ་གཅིག་པུའི་ལས་ཀྱང་མ་ཡོང་ནི་རེད”ཟེར་ནས་རང་ཉིད་ཀྱི་ལས་དབང་ལ་ལེ་བདའ་ཞིག་བྱས་རྗེས་འབྲུག་མོའི་ཨ་མ་ཁྲིད་དེ་ཕྱིར་ཁྱིམ་དུ་ལོག           
  ཁོང་བཟའ་བ་གཉིས་ཡུལ་ལ་ཐོན་ཏེ་ཁྱིམ་དུ་འཛུལ་དུས་ཨ་ཁུ་དཔོན་གྱིས་ཁ་བཏོན་གྱི་དཔེ་ཆ་འགའ་མདུན་ལ་བཞག་རྗེས་ཉལ་སའི་ནང་ན་ཙོག་ཙོག་ཅིག་བྱས་ཏེ་སྡོད་ཅིང་“སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་འཆི།། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་གྱིས།། འགྲོ་ལ་ཕན་ཕྱིར་་་་་་་་་་་་” ཞེས་དབྱངས་ལ་བཀུགས་ཏེ་འདོན་བཞིན་འདུག་གོ   །
                                                                                                                  2010.10.25
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་སྐར་མ།

2011-05-30 བཀྲ་ཤིས་རྒྱལ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།