འཕྲད་ལ་ཉེ། འཕྲད་ནས་འདྲེས་སོང་།

                                                                                        གཅིག
      ཁ་པར་གྱི་སྒོ་གཏན་རྗེས།ཁོའི་ཡིད་ཀྱི་སྨྲ་མི་ཤེས་པའི་སྤྲོ་བ་དེ་དག་དེ་ལུས་ཀྱི་ཕྲ་ཕུང་རེ་རེ་བརྒྱུད་ནས་ཕྱི་རུ་འཕྱུར།གལ་ཏེ་དེ་རིང་གི་གནམ་གཤིས་ཅུང་ཟད་གྲང་ན།རྔུལ་རླངས་དེ་དག་སྐྱ་ཤུར་ཤུར་གྱི་མཁའ་དབུགས་གྲང་མོ་ཞིག་ཏུ་གྱུར་ཏེ།ཁོའི་ཉེ་འཁོར་དུ་ལྷོག་ལྷོག་ཏུ་འཕྱུར་བར་ཐེ་ཚོམ་ཅི།ཁོར་ཅི་ཁག མི་སུ་ཡིན་ཡང་ཡུན་རིང་རེ་སྒུག་བྱེད་པའི་དོན་ཞིག་འགྲུབ་ན། སྨྲ་མི་ཤེས་པའི་དགའ་བ་ཞིག་སྐྱེས་འོངས་པར་ཐེ་ཚོམ་ཅི།
དགེ་རྒན་གྱིས་ཁ་པར་བརྒྱུད་དེ།××སློབ་གྲྭ་ཆེན་མོ་སློབ་བསྡུ་བརྡ་ཐོ་འབྱོར་འདུག་པ་དེ་སྨྲས་རྗེས།སྨྲ་མི་ཤེས་པའི་དགའ་བ་ཞིག་དང་བདེ་པ་ཞིག་གིས་ཡོངས་སུ་བསྟིམས།དོན་ངོ་མ་བཤད་ན།ཁོར་སློབ་གྲྭ་ཆེན་མོ་ཞིག་གིས་བསྡུ་བར་གདེང་ཚོམ་ཅི་ཡང་མེད།ལྷག་པར་××ལྟ་བུའི་སློབ་གྲྭ་སྐད་གྲག་ཅན་ཞིག་ཏུ་སློབ་གཉེར་བྱ་ཐུབ་འགྲོ་རྨི་ལམ་དུའང་ཤར་མ་མྱོང་། “གནམ་རྒན་མ།འདི་རྨི་ལམ་མིན་པར་སྨོན། འདི་རྨི་ལམ་མིན་པར་སྨོན།”ག་ལེར་བརླ་ཤ་ཅུང་ཙམ་གཅུས་ཙ་ན།“ཨ་ཚ་ཚ།རྨི་ལམ་མིན་པ་ཐག་གཅོད་རེད།”ཁོས་ད་གཟོད་སློབ་གྲྭ་ཆེན་མོ་བ་ཞིག་ཏུ་གྱུར་སོང་བར་སྡོམ་ཚིག་བཀོད།
  ཉི་ཟླ་ཟུང་གཅིག་ཁང་བརྩེགས་ཀྱི་བར་ནས་འཆར་ཞིང་ནུབ་པའི་གྲོང་ཁྱེར་ཞིག་ཏུ།ཤེས་རིག་འདབ་བརྒྱ་བཞད་པའི་སློབ་གླིང་ནས།རིག་པའི་ཟེའུ་འབྲུ་ལེན་པའི་བསྐལ་བ་ལྡན་སོང་སྙམ་པའི་མོད་ལ།རང་རློམ་ཞིག་ངང་གིས་འཁྲུངས་ཏེ།སྐྱ་ཉིལ་ལེར་བའི་གྲོང་ཚོ་འདི་ནི་ཆུང་དྲགས་ཏེ་རང་ཉིད་མི་ཤོང་བའི་ཚོར་བ་ཞིག་བབས།ཚོར་བ་དེ་རིམ་བཞིན་ཤུགས་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས།མདུན་གྱི་ཁང་ཁྱིམ་དང་།ཕ་མ།གཉེན་ཉེ་དག་ཀྱང་དེ་འདྲའི་ཉམ་ཆུང་།དེ་འདྲའི་ནུས་མེད་དང་ལྟ་རྒྱ་མཐོང་རྒྱ་མེད་པ་ཞིག་རེད་ཨང་སྙམ།
                                                                               གཉིས།
     “××མི་རིགས་སློབ་ཆེན”ཞེས་སྒོ་བྱང་ངོས་སུ་རྒྱ་ཡིག་འགས་ཁེར་རྐྱང་གི་སུན་སྣང་བསྲུངས་ནས་འདུག   ཡིག་འབྲུ་དེ་དག་གིས་བོད་ཡིག་གམ་སོག་ཡིག་གང་རུང་ཞིག་གྲོགས་སུ་དགུག་ཐུབ་ན།ཁེར་རྐྱང་གི་སྐྱོ་བ་བསལ་ཐུབ་ཨང་སྙམ་པའི་སྣང་བ་འགོག་མེད་ཅིག་ཤར།
     ཁོས་ཐད་ཀར་སློབ་གྲྭ་དེའི་སྒོ་ཆེན་སྙེག་ནས་སོང་།ལྭ་རིང་སྔོ་སྐྱ་གྱོན་པའི་བདེ་སྲུང་བ་ཞིག་གིས“སྡོད་དམངས་ཐོབ་ཐང་ལག་ཁྱེར།སློབ་བསྡུ་བརྡ་ཐོ་་་་་་” ཞེས་ཁོ་བཀག་སོང་།
     “ངའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་མི་འདུག ད་དུང་སློབ་བསྡུ་བརྡ་ཐོ་ཡང་་་་་་”ཁོ་ནི་ཉེས་པ་བསགས་པའི་ཉེས་ཅན་ཞིག་དང་འདྲ་བར་མགོ་ཡར་དགྱེས་ནས་ཐད་གར་བདེ་སྲུང་བར་བལྟ་མ་ནུས།
     “ཕྱིར་སོང་།སློབ་གྲྭའི་ནང་སོང་མི་ཆོག འདི་ནི་སློབ་གྲྭའི་སྒྲིག་ལམ་རེད།”སྐབས་དེར་ད་གཟོད་ཁོའི་མདུན་གྱི་བདེ་སྲུང་བ་དེ་ནི་གྱད་མི་ཞིག་ཡིན་པ་ཚོར་བྱུང་།སྡང་སེམས་ཀྱིས་བརྒྱངས་པའི་སོ་སྒོ།ཕུར་ཚུགས་སུ་བལྟས་པའི་མིག   ད་དུང་་་་་་      ཁོར་འདི་ལྟ་བུའི་སྐྲག་སྣང་ཞིག་གཏན་ནས་སྐྱེས་མ་མྱོང་།སྐྲག་སྣང་དེ་ནི་ལུས་ཀྱི་རྩ་ལམ་སོ་སོར་བརྒྱུད་དེ་ཀླད་གཙུག་ཏུ་འཐིམས།དེ་ནས་སླར་ཡང་ཚ་རླབས་ཤིག་ཏུ་གྱུར་ཏེ་ལུས་ཧྲིལ་པོར་ཁྱབ།སྐབས་དེར་ད་གཟོད་ཨ་ཕ་དྲན་བྱུང་། བྱམས་བརྩེ་ཡིས་བྱིལ་བྱིལ་བྱེད་པའི་ཨ་ཕའི་ལག་ཟུང་དྲན་བྱུང་། ལག་ཟུང་དེ་ནི་དེ་འདྲའི་རླབས་ཆེ་ཞིང་སྟོབས་དང་ལྡན་པ་ཞིག་ཡིན་པ་རྟོགས་སོང་།
  ཁོ་རང་འཇིམ་སྐུ་བཞིན་ཡུན་རིང་དུ་ཧད་སོང་།གློ་བུར་ཏུ་མདུན་ཕྱོགས་ནས་ནུབ་ལུགས་ཀྱི་དོར་མ་དཀར་པོ་ཞིག་གྱོན་ཞིང་།རྫི་ལྭའི་སྟོད་གཡོག་ལྟེ་བ་མི་འཐུམ་པ།སྐྲའི་ལན་བུར་དམར་སེར་གྱི་ཁ་དོག་བྱུགས་པའི་བུད་མེད་ཅིག་ཁོར་བསྙེགས་ནས་ཐོན་བྱུང་།“རང་བོད་པ་ཡིན་པས།ག་རེ་བྱས་སོང་་་་་་”
ཁོས་ཚིག་གཅིག་ཀྱང་མ་གོ
     “ཁྱོད་བོད་རིགས་ཨེ་ཡིན།”མོས་རྒྱ་སྐད་ཀྱི་ལམ་ནས་ཡང་བསྐྱར་དྲིས།“ཨིན།”ལན་སྟབས་བདེ་ཞིག་བཏབ་ཏེ་འཐུས་པར་བྱས།དེར་མཐུད་ནས“ངས་སྡོད་དམངས་དཔང་ཡིག་དང་སློབ་བསྡུ་བརྡ་ཐོ་བཟུང་མེད་པས་ཁོས་ནང་དུ་འགྲོ་རུ་མི་འཇུག་གི”ཞེས་རྒྱ་སྐད་ད་མ་དིག་ཅིག་བཤད་ཞོར་བདེ་སྲུང་བ་དེའི་ཕྱོགས་སུ་མཛུབ་མོས་བསྟན།ཁོ་མོས་བདེ་སྲུང་དེར་མང་པོ་ཞིག་བཤད་རྗེས་ཁོའི་གམ་དུ་ལོག་བྱུང་། (རྒྱ་སྐད་ཀྱིས)“ཡ།།ངས་ཁོར་བཤད་ཡོད།ད་ནང་དུ་སོང་།” ཁོས་བུད་མེད་དེར་བཀའ་དྲིན་ཡང་ཡང་ཞུས་རྗེས།རྡོག་ཁྲེས་ཆུང་ཆུང་དེ་ཁུར་ནས་སློབ་རའི་ནང་ཤོར།    དེ་དང་མཉམ་དུ་ངའོ་སྙམ་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དེའང་བྲོས་སོང་།
    ཉལ་ཁྲིའི་ཐོག་གན་རྐྱལ་དུ་ལོག་རྗེས།རྒྱུ་མཚན་ཅི་ཡིན་མི་ཤེས་མོད།འགྱོད་པ་ཞིག་དང་གནོངས་པ་ཞིག་གིས།ཕ་མ་དང་གཉེན་ཉེ་ཚོ་སེམས་ཀྱི་ཆེས་ཟབ་ས་ཞིག་ཏུ་རིམ།
                                                                                     གསུམ།
     ད་ལྟ།  ཁོ་རང་མི་ཚོགས་ཀྱི་གྲུ་ག་ཞིག་ན་འགྲོ་བཞིན་འདུག འགྲོ་བཞིན་འགྲོ་བཞིན་མི་ཚོགས་དང་འཕྲད་ལ་ཉེ།  འཕྲད་ནས་འདྲེས་སོང་།  ཡོངས་སུ་འདྲེས་སོང་།  ད་ནི་མི་མཐོང་བར་གྱུར་སོང་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲད་ལ་ཉེ། འཕྲད་ནས་འདྲེས་སོང་།

2011-04-08 ཚེ་རྣམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།