དཔོན་པོའི་ཞོར་ལས།

བཀྲ་ཤིས་རྒྱལ།༼ཟི་ལིང་༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-03

  ནམ་མཁའ་གཡའ་དག་ཅིང་ས་གཞིར་དྲོད་མེར་བའི་དབྱར་དུས་ཀྱི་ཉིན་མོ་ཞིག་ལ་།ང་རང་གོམས་ལོབས་སུ་སོང་བའི་རྫོང་གི་སྲང་ལམ་བརྒྱུད་ནས་འགྲོ་སྐབས་དོན་ཡ་མཚན་ཞིག་ལ་འཕྲད་བྱུང་།
  འཛུགས་སྐྲུན་བྱས་ནས་ལོ་ལྔ་ཙམ་ལས་འགོར་མེད་པའི་རྫོང་གི་ཆུ་བེད་ཅུའི་ཡི་ཁང་བརྩེགས་བརྗིད་པོ་དེ་ད་ལོ་བཙན་གྱིས་ཞིག་རྗེས་ཡང་བསྐྱར་བཟོ་བཀོད་བྱེད་བཞིན་གདའ།དེ་ནི་རང་རེའི་རྒྱལ་ཁབ་འདིར་མཚོན་ན་ཧ་ཅང་རྒྱུན་ལྡན་གྱི་བྱ་བ་ཞིག་སྟེ།རྒྱལ་ཁབ་ཀྱི་གསོག་དངུལ་དང་མང་ཚོགས་ཀྱི་སྤྲད་དངུལ་མང་པོ་ཞིག་སྐབས་ལ་རེར་བརླན་གཤེར་གྱི་གནས་ལ་ཆུ་འདྲེན་པའི་དཔེ་བཞིན་མི་འོས་པའི་སར་བཞུར་ཀྱིན་ཡོད་པ་སུས་ཀྱང་ཤེས་ཚོད་རེད།གནས་དེ་རུ་ངས་རང་ཉིད་ཀྱི་མིག་ཟུང་ཕུར་ཕུར་འགའ་བྱས་རྗེས་ད་གཟོད་མིག་མདུན་གྱི་མི་དེ་དངོས་ཡིན་པ་གསལ་བོར་རྟོགས་བྱུང་།ཞང་གཙོ་བསོད་ནམས་ཀྱིས་ལག་ལ་ལྕགས་ཁེམ་ཞིག་བཟུང་ནས་ཞོར་ལས་པ་འགའ་དང་མཉམ་དུ་བྱེ་འགྲུལ་འཁོར་སྒམ་ནང་དུ་བྱེ་ཟེགས་བཅུ་བཞིན་ཡོད།དེ་ནི་ང་ཡ་མཚན་པའི་དོན་རྐྱེན་མ་ཡིན་ནམ།རྒྱུན་དུ་གཞུང་སྒྲུབ་ཁང་དུ་རྫིག་རྫིག་རྔམ་རྔམ་དང་ཆེ་ཆེ་དྲག་དྲག་གིས་སྡོད་པའི་ཞང་གཙོ་འདི་དེ་རིང་ཇི་ལྟར་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་ནུས་ཤུགས་བླ་མེད་ཕུལ་བའི་ངལ་རྩོལ་པ་ཞིག་ཏུ་གྱུར་ཏམ།ངས་དྲི་བ་འདི་རང་ལ་དྲིས་ནས་ཡུལ་ལ་སླེབས།“མ་སེམས་ཅན་མི་ཤེས་གཅིག་ཀྱང་མེད།”ཟེར་བ་ཅིས་མ་བདེན།དོན་གྱི་རྩ་བ་དེད་ན་དེ་ནི་ཞང་གཙོ་དང་ཁོའི་ཆུང་མའི་བརྩེ་དུང་གི་གྱོང་གུད་ཅིག་ལ་རག་ལས་འདུག ཆུང་མ་རིག་མཚོ་ནི་ཁོ་ལས་ལོ་དྲུག་གིས་ཆུང་བའི་མཛེས་མ་མིང་ཅན་ཞིག་རེད།དྲང་མོར་བཤད་ན།ཞང་གཙོར་རྒྱལ་ཁབ་ཀྱི་ལས་གཞིའི་རྣམ་གྲངས་ཀྱི་གཏོང་དངུལ་ཇི་ལྟར་ཚུར་འཐེན་རྒྱུ་དང་མང་ཚོགས་ཀྱི་སྒོར་དངོས་ཇི་ལྟར་ཚུར་ལེན་རྒྱུ་ལས་ད་དུང་དགའ་ཕྱོགས་ཆེན་པོ་ཞིག་ཡོད་པ་ནི།ཇི་ལྟར་རིག་མཚོའི་ནང་སེམས་ཀྱི་འཇིག་རྟེན་ལ་སྤྲོ་སྣང་གིས་ཕྱུག་ཏུ་འཇུག་རྒྱུ་དེ་རེད།རིག་མཚོའི་ཆེད་དུ་ཁོས་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱང་འབྲོག་ཐང་ནས་ད་དུང་མུ་མཐུད་ཕྱུགས་འཚོ་རུ་བཅུག་ཡོད་ལ།རང་ཉིད་ཀྱི་ཤ་ཁྲག་ལས་ཆད་པའི་བུ་ཆུང་དོན་གྲུབ་ཀྱང་རྟེན་ས་ཁེན་ས་དབེན་པའི་དེ་སྔོན་གྱི་ཆུང་མའི་སར་བཞག་ཡོད།རིག་མཚོ་ཚུར་བསུས་པ་ནས་བཟུང།་ཁོས་ཁོ་མོ་རིན་པོ་ཆེ་རྩ་ཆེན་ཞིག་ཏུ་བཀུར་ཡོད་དེ།རྣ་ལ་གསེར་གྱི་རྣ་ལུང་དང་ལག་ལ་གསེར་གྱི་གདུ་བུ།ད་དུང་སྒོར་ཉིས་སྟོང་ལྷག་གི་ལག་ཁྱེར་ཁ་པར་ཉོས་པ་སོགས་གཞན་གྱིས་ཡིད་སྨོན་བྱ་ཡུལ་རྐྱང་རྐྱང་དུ་གྱུར་ཡོད་པ་རེད།ཡིན་ནའང་།མོར་ད་དུང་ཡིད་དུ་འོང་བའི་རླངས་འཁོར་ཞིག་ཆད་འདུག་པས།སྤྱང་གྲུང་ལྡན་པའི་ཞང་གཙོས་དེའུ་མུར་དེ་རྟོགས་ནས་ད་ལོའི་ལོ་མཇུག་ཏུ་མོ་ལ་པཱོ་མ་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོ་རྒྱུ་ཁས་བླངས་པ་རེད།ཡིན་ནའང་།བསྐྱིས་སྒོར་དང་གཞུང་སྒོར།སྒེར་གྱི་ཟླ་ཕོགས་གང་ཡིན་ཁར་བསྣན་ཀྱང་ད་དུང་སྒོར་སྟོང་ཕྲག་འགས་མ་འདང་བས།ཞང་གཙོས་གཅིག་ནས་དུས་ཆད་ལ་འགོར་འགྱངས་མི་བྱེད་པ་དང་།གཉིས་ནས་རང་གི་བརྩེ་སེམས་ལྷད་མེད་དེ་མཚོན་ཕྱིར་ཟླ་བཞིའི་རིང་གི་ལས་ཞོར་གྱི་བྱ་བ་རླབས་ཆེན་འདི་བཙལ་བ་རེད།
  ཞང་གཙོས་རང་གི་བཟའ་ཟླ་མའི་རེ་བ་སྐོང་ཕྱིར།ལུས་ཀྱི་ངལ་བ་དང་དུ་བླངས་ཤིང་སེམས་ཀྱི་སྤོབས་པ་ཆེ་རུ་བསྐྱེད་ནས་ཞོར་ལས་ལ་འབད་པས།མི་ཁ་ཤས་ཀྱིས་ཁོང་ལ་“ལའེ་ཧྥུན་གཉིས་པ་”ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་ཞིག་ཀྱང་སྦྱར་ཡོད་པ་རེད།དེ་ལྟར།ཟླ་ངོ་བཞི་ཕར་བསྐྱལ་རྗེས།ཞང་གཙོ་ལ་དངོས་གནས་སྒོར་ཚགས་བྱུང་།དགའ་བ་དང་དུང་བ་མཉམ་དུ་བསྲེས་པའི་ཞང་གཙོས་འཛུམ་གྲོལ་མ་མྱོང་བ་ཞིག་བསྣམས་ནས་རང་ཁྱིམ་དུ་གོམ་ཁ་བསྒྱུར།ལམ་བར་དུ་མི་འདོད་པའི་ཁ་པར་ཞིག་གིས་ཁོ་རང་མི་སྐྱིད་པར་བཏང་།མ་གཞི་དེ་ནི་ཁོའི་ཕ་རྒན་ལ་མཆིན་མཁྲིས་ཀྱི་ནད་ཚབས་ཆེན་ཞིག་བྱུང་བས།ཞིང་ཆེན་བོད་སྨན་ཁང་དུ་གཤགས་བཅོས་བྱ་དགོས་བྱུང་ཞིང་སྒོར་ཁྲི་འགས་མ་འདང་བས་ནུ་བོས་ཁོང་ལ་ཞུ་བ་བྱས་པ་དེས་རེད།བསམ་གྱིན་བསམ་གྱིན།ཞང་གཙོར་ཁྲོ་བ་དང་སེམས་ཁྲལ་མཉམ་དུ་བྱུང་།ཁོང་ཁྲོ་བ་ནི་ཕ་རྒན་ལ་ཅིའི་ཕྱིར་དུས་སྐབས་འདིར་ནད་དེ་ལྟ་བུ་ཞིག་ཕོག་པ་དང་།ཡང་སེམས་ཁྲལ་བྱེད་དོན་ནི།གལ་ཏེ་སྒོར་ཁྲི་འགའ་བསྐྱིས་ན་རིག་མཚོར་རླངས་འཁོར་ཉོ་མི་ཐུབ་པ་དེ་རེད།དེ་བས་སྤྱང་གྲུང་ལྡན་པའི་ཞང་གཙོས་གནད་དོན་འདི་ཆུང་མ་རིག་མཚོར་མི་ཞུ་ཐབས་མེད་བྱུང་།“ཁྱོད་ཚང་ལ་ལུག་མང་བ་མ་ཡིན་ནམ།ད་སྐབས་ཀྱི་ལུག་གོང་ཆིག་སྟོང་ཡིན་པས།ལུག་བཙོང་ན་མི་ཆོག་གམ།ཅིའི་ཕྱིར་ངའི་རླངས་འཁོར་ཉོ་སྤྱད་བཀོལ་དགོས”་རིག་མཚོས་ཁོང་ཁྲོའི་་ངང་ཞང་གཙོ་ལ་གཤེ་གཤེ་བཏང་བྱུང་།
  “འུ…”་“འདི་ནི་གློ་བུར་བའི་དོན་ཞིག་ཡིནཔས།དེ་ལྟར་བྱས་ན…”་ཞང་གཙོ་འཚབ་ནས་སྐད་ཆ་མང་པོ་ཞིག་བཤད་མ་ཐུབ།
  ཉིན་གཉིས་ལྷག་འགོར་སོང་།ཞང་གཙོར་ད་དུང་གྲག་འགུལ་ཅི་ཡང་མི་འདུག་པར་བལྟས་ན་ཕལ་ཆེར་ཁྱིམ་ཚང་གི་ཚོགས་འདུ་གལ་ཆེན་ཞིག་འཚོགས་ཀྱིན་ཡོད་པ་འདྲ།དེ་བས།སྡེ་བའི་ནང་གི་མི་རྣམས་ཀྱིས་ཐེངས་འདིའི་ཚོགས་དུ་ལས།ཞང་གཙོས་རང་གི་ཕ་རྒན་གྱི་ཚེ་སྲོག་གཉོམ་པོ་དེ་ཕྱིར་འགུག་རྒྱུ་ཡིནནམ།ཡང་ན་སྙིང་ཉེ་མ་རིག་མཚོར་པྰོ་མ་རྟགས་ཅན་གྱི་ཡིད་འོང་རླངས་འཁོར་ཞིག་ཉོས་ཏེ་མོའི་མཛེས་སྡུག་གི་འཛུམ་བག་དང་ཞིམ་མངར་གྱི་འོ་ཞིག་ཉོ་རྒྱུ་གང་ཡིན་ཐད་གླེང་མོལ་སྣ་ཚོགས་བྱེད་ཀྱིན་འདུག་གོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔོན་པོའི་ཞོར་ལས།

2012-12-03 བཀྲ་ཤིས་རྒྱལ།༼ཟི་ལིང་༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།