གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ཆ་མི་འགྲིག་པའི་གོམས་སྲོལ་དེ་དག

2012-08-18 13:21:00 ཨ་མགོན་པོ་བསྟན། ཀློག་གྲངས། མཆན ཡོད།

   ཉིན་དེར་ཁོས་ང་བཙལ་འོངས་ནས་འདི་ལྟར་ལབ་བྱུང་། ༼གྲོགས་པོ  ཡ་་་་་་ ཁྱོད་ཀྱི་དགའ་གྲོགས་སྙེད་ཀྱིན་ཡོད་དམ།
   ངས་ཁྱོད་ལ་ངེད་འཛིན་གྲྭའི་བུ་མོ་མཛེས་མ་ཞིག་ངོ་སྤྲོད་བྱས་ན་ཅི་འདྲ་རེད། ད་ཁྱོད་ཀྱི་དགའ་གྲོགས་ཤིག་བཙལ་ན་རེད་ཡ༽སྐད་ཆ་དེ་དག་ངའི་ཐེངས་དང་བོར་ཐོས་པ་མིན་ལ། དེའང་ང་རང་སློབ་གྲྭ་འདིར་ཐོན་ནས་གཟའ་འཁོར་གཅིག་གཉིས་ཙམ་འགོར་རྗེས་ནས།རང་ལས་འཛིན་གྲྭ་གཅིག་གཉིས་ཀྱི་མཐོ་བའི་ངོ་ཤེས་གྲོགས་པོ་དག་དང་འཕྲད་ཐེངས་རེ་རེར། ཁོ་ཚོའི་རྒྱུན་སྤྱོད་དང་ཐུན་མོང་། ད་དུང་བདག་སྐྱོང་དང་སེམས་ཁུར་ཡིན་མདོག་གི་དྲི་བ་ཞིག་ཡོད་པ་དེའང་།༼ཁྱོད་ཀྱི་དགའ་གྲོགས་སྙེད་ཀྱིན་་ཡོད་
དམ། ངས་ཁྱོད་ལ་ངེད་འཛིན་གྲྭའི་བུ་མོ་མཛེས་མ་ཞིག་ངོ་སྤྲོད་ བྱེད་ཨང་།ཞེས་པ་དེ་ཡིན་པས། ང་རང་དུས་གཏན་དུ་ཁོ་ཚོར་སུན་སྣང་སྐྱེ་བཞིན་ཡོད། དེ་བས་ངས་ཀྱང་ཁོ་ཚོར་སྣང་ ཆུང་དང་ཅི་མི་སྙམ་པའི་ངང༼ཡ་་་་་་་་་་་་་ཆོག་གི ཆོག་གི  བྱ་བ་དེའི་རིགས་དེར་ང་ལ་སྤྲོ་བ་མེད་གི དེ་མིན་ཁ་བརྡ་གཞན་མེད་དམ༽  དེ་དུས་གྲོགས་པོ་ལ་ལས་སྡང་མིག་རེ་བསྐྲད་ནས་༼བཟང་བྱས་ན་ངན།ཇ་ལྡུད་ན་གཅིན༽ཞེས་ཤ་ལེར་བུད་འགྲོ་ཞིང་། ཕྱིར་ལྟས་དང་འདང་རྒྱག་མེད་པར་ཤ་ལེར་བུད་འགྲོ་བའི།ངས་ཀྱང་ཁོ་ཚོའི་
སྤྱོད་ཚུལ་དེ་ལ་དོ་སྣང་བྱེད་ཀྱིན་མེད།
    ངའི་དུང་ཞེན་དང་མོས་འདུན་ལ་ཞེན་པ་ལོག་པའི་གྲོགས་པོ་དེ་དག་གི་གྲས་ན། བདག་ལ་ཁ་ཏ་དང་སློབ་གསོའི་ཨུ་ཚུགས་རྐྱང་རྐྱང་བྱས་ཏེ་ངའི་མོས་འདུན་དང་དུང་ཞེན་དེ་ལ་མཐའ་གཅིག་ཏུངོ་རྒོལ་བྱེད་མཁན་ཞིག་ཡོད་པ་དེ་ནི་ཁོ་རང་གཅིག་པུ་ཡིན།
ཡིན་ནའང་། ཉིན་དེར་ཁོས་ཀྱང་ང་ལ་སྡང་མིག་ཅིག་བསྐྲད་ནས་ཕྱིར་ལྟས་མེད་པར་ཁོ་ཚོའི་གྲལ་དུ་འདུར་སོང་།
    དྲང་མོར་བཤད་ན་ངེད་གཉིས་ཆུང་དུས་ནས་མཉམ་དུ་ནར་སོན་ཞིང་། སློབ་གྲྭ་གཅིག་དུ་འགྲིམ་དེ་ཕན་ཚུན་བྲལ་མི་ཐུབ་པའི་བརྩེ་འདང་ཟབ་མོ་ཞིག་ཆགས་ཡོད་པར་མ་ཟད། ཁོ་མི་ཁོག་རྒྱ་ཅན་ཞིག་ཀྱང་ཡིན་ལ།ངའི་ཁོའི་བྱས་ཉེས་ལ་ཇི་འདྲ་སྡིགས་ཀྱང་ཁོའི་ང་ལ་མི་དགའ་བའི་རྣམ་འགྱུརགང་ཡང་བཟུང་མ་མྱོང་བར་མ་ཟད།ད་དུང་ང་ལ་ངོ་དགའ་བྱས་ཏེ་༼ངས་ཁྱོད་ལ་ཕོག་ཐུག་བཏང་སོང༽ཞེས་དགོངས་འདེགས་ཀྱང་ཞུ་སྲིད། ཡིན་ནའང  དེ་རིང་ཁོའི་དེ་ལྟར་ངེད་གཉིས་བར་གྱི་མཛའ་བརྩེ་དང་བརྩེ་དུང་ཡོད་ཚད་སྣང་མེད་དུ་བཞག་ནས་ཕྱིར་ལྟས་མེད་པར་ཆས་སོང་ལ། དེའང་ངའི་ཁོས་འདོད་མོས་ལ་མཐོང་ཆེན་དང་དོ་ཁུར་མ་བྱས་པས་ཡིན་སྲིད། དེ་བས་ཉིན་འདི་དག་ལ་ང་རང་གྲོགསམེད་ཁེར་རྐྱང་དུ་འགྱུར་སོང་།
      སློབ་ཁང་དུ་ཁུ་སིམ་མེར་མདུན་ཅོག་ཐོག་ཏུ་གང་འདོད་དུ་གཏོར་བའི་དཔེ་དེབ་དེ་དག་ལ་ཅེར་ནས་བསྡད། དེ་ལྟར་མིག་ཧྲིག་གེར་དཔེ་དེབ་དེ་དག་ལ་ཅེར་གྱིན་ཅེར་གྱིན་དཔེ་དེབ་དེ་དག་གིས་ཀྱང་། སློབ་ཁང་གི་སྒེའུ་ཁུང་ནས་འཕྲོས་འོང་བའི་དཀར་ནག་གཉིས་སུ་ཕྱེས་བའི་གྲིབ་གཟུགས་དེས་ཁྲོད་ན།  བདག་གི་སྤྱོད་ཚུལ་དེ་ལ་ཁྲེལ་དགོད་ཡང་ཡང་བྱེད་ཀྱིན་འདུག་ལ། དེའང་ངས་ཁོ་བོའི་མོས་འདུན་དང་རེ་བ་དེ་དག་ད་ལེན་མ་བྱས་པར་ཁོ་ལ་ཕོག་ཐུག་བཏང་བ་བཞིན། སེང་རས་སྨུག་ནག་ཅིག་འཕྲེད་དུ་འཐེན་པ་དང་འདྲ་བའི་ས་རྡུལ་གྱི་རྡུལ་ཕྲན་དེ་དག་གི་རྒྱབ་ན།ཁུ་སིམ་མེར་བདག་གི་སྤྱོད་ཚུལ་དེ་ལ་ཁྲེལ་དགོད་ཡང་ཡང་བྱེད་ཀྱིན་འདུག
    ``ཙིར་་་་་་་་་་``སློབ་ཁང་གི་ཤིང་སྒོ་དེ་དལ་གྱིས་ཕྱེས་བྱུང་། བདག་གི་མགོ་བོ་དགྱེ་ཙམ་གྱིས་བལྟས་པ་ན། དེ་ནི་སློབ་གྲོགས་ཕོ་མོ་ཟུང་གཉིས་རེད་ལ། ཕན་ཚུན་སྐེ་ལ་འཇུ་རེས་བྱས་ནས་དལ་གྱིས་སློབ་ཁང་དུ་འཙུལ་འོང་བའི་། ང་རང་མདེའུའི་ཕོག་པ་བཞིན་ཧོང་ཐོར་རེར་མིག་ཅེར་རེར་ཡུད་ཙམ་ལུས་ཤིང་། རིམ་གྱིས་ཕྱི་རུ་ཤོར་བའི་རྣམ་ཤེས་དེ་ཕྱིར་རང་ལུས་སུ་ཞུགས་པ་ན། ད་གཟོད་མགོ་བོ་མདུན་ཅོག་འོག་ཏུ་བསྐུངས་ཏེ་བསྡད་པ་ཡིན། ཡིན་ནའང་། རིམ་གྱིས་རིམ་གྱིས་སློབ་ཁང་དུ་མི་ཚོགས་ཇེ་མང་ནས་ཇེ་མང་དུ་འགྱུར་ཞིང་། སྙིང་གཏམ་མ་ཡིན་པའི་སྙིང་གཏམ་ལྷག་མ་ཞིག་གིས་སློབ་ཁང་དེ་གང་བར་བྱས་འོངས་ལ། ད་དུང་ཁོ་ཚོའི་སུ་ལའང་སྣང་དོགས་མེད་པར། ཤ་གསེང་རུས་གསེང་དུ་སུམ་པའི་བརྩེ་དུང་གི་ཚོར་འདུ་དྲག་པོ་དེ་གློ་བ་དང་སྙིང་། སེམས་པ་དང་དབང་རྩ་ལ་སོགས་བརྒྱུད་མཐར། རིམ་བཞིན་བདེ་སྣང་གི་ཚོར་བ་ཟབ་མོ་ཞིག་ཏུ་གྲུབ་ནས། མིག་ཟུང་བཙུམ་ཏེ་ཕན་ཚུན་ལ་མཆུའང་སྦྱོར་གྱིན་ཡོད་སྲིད། དེ་ནི་ཁོ་ཚོར་མཚོན་ན་ཧ་ཅང་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་ཆགས་འདུག ཡིན་ནའང་ང་རང་དངོས་གནས་གོམས་སྲོལ་དེ་དག་ལ་ཧ་ཅང་ལོབ་མེད་སྟབས། ང་རང་སློབ་ཁང་དེ་རུ་གསེབ་དྲྭ་རུ་ཚུད་པའི་བྱིའུ་ཆུང་ཇི་བཞིན།སྐྲག་འཇིགས་ཀྱི་ཚོར་སྣང་ཞིག་གིས་ཀུན་ནས་བཅུམ་འོང་བའི་མགོ་བོ་སྒུར་དེ་ཁ་རོག་གེར་དཔེ་ཆ་དང་སྨྱུ་གུ། ད་དུང་འབྲི་དེབ་དང་སྨྱུག་སྒམ་ལ་སོགས་ལ་དོ་སྣང་དང་བདག་དམ་མེད་པར་ག་ས་གང་དུ་གཏོར་བའི་ འབག་བཙོག་གི་ས་ངོས་དེ་ལ་ཅེར་ནས།  བོད་ཡིག་དང་རྒྱ་ཡིགད་དུང་དབྱིན་ཡིག་སོགས་ལའང་དོ་སྣང་མ་བྱས་པར། ཇི་མགྱོགས་གང་མགྱོགས་ཀྱིས་སྒོ་ལ་ཐར་ཐབས་བྱས། ལམ་བར་དུ་ཁོ་ཚོའི་ལྡབ་ལྡིབ་ཀྱི་སྙིང་གཏམ་ཉ་ཉོག་དང་། འདོད་གཏམ་གྱི་ལབ་གླེང་དེ་དག་གི་སྒྲ་རླབས་ཤིག་བདག་གི་སྣ་ལམ་དུ་བཙན་ཚུགས་ཀྱིས་འཚང་འོང་ལ། ད་དུང་བདག་གི་སྤྱོད་ཚུལ་དེ་ལ་འཕྱ་སྨོད་དང་། ཁྲེལ་དགོད། ཟུར་ཟ་དང་མཐོང་ཆུང་གཞི་གཅིག་དུ་འདྲེས་བའི་ཚ་རླབས་ཤིག་ཀྱང་དྲག་ཏུ་འཕྱུར་འོང་བས། ངའི་སྙིང་གི་འཕར་ལྡིང་དེའང་ལྡབ་འགྱུར་གྱིས་ཇེ་མང་དུ་འགྱུར་ཞིང་། ལུས་ཀྱི་ཕྱི་སྤགས་ལ་ཚ་བུར་བུར་གྱི་ཚོར་སྣང་ཞིག་དྲག་ཏུ་སྐྱེས་འོང་།
    སློབ་ཁང་གི་ས་ངོས་དེ་རུ་ས་རྡུལ་གྱི་གསེབ་ན་ཉམ་ཆུང་དང་རྙེས་བཅོས་ཀྱིས་མནར་ཤི་ཐེབས་ཀྱིན་པའི་ཡིག་རིཊ་དེ་དག་དང་། ལྷག་པར་དུ་སྙན་ངག་པའི་༼རིན་ཆེན་གསེར་ནག༽དང་༼ཚེ་སྲོག་གི་ཟུང་ཐག༽ཏུ་འཔོད་པའི་མི་རིཊ་ཀྱི་བླ་སྲོག་ཏེ། རང་མི་རིགས་ཀྱི་སྐད་ཡིག་དེའང་། ཧ་ཅང་ཉམ་ཆུང་དང་ནུས་མེད་ཀྱིས་ས་རྡུལ་དུ་སུམ་བཞིན་ཡོད་ནའང་། ཁོ་ཚོའི་དེ་ལ་དོ་སྣང་བྱེད་ཀྱིན་མེད་པར། ད་དུང་འདོད་པའི་མཏམ་གླེང་ལྡབ་ལྡིབ་ཅིག་ལ་གཡེང་ནས་བསྡད་ཡོད།
  ང་རང་ཧ་ཅང་ཉམས་དམུས་དང་འཇིགས་སྣང་ཞིག་གིས་དེད་དེ་སྒོར་བསྐྲད་པས།ཐང་གི་ཡི་གེ་དེ་དག་ཡར་བཏུ་བའི་སྤོབས་པ་དེ་རྩ་བ་ནས་ཉམ་འདུག །ཡིན་ནའང་། ཁོ་ཚོ་དཔེ་དེབ་དེ་དག་ལས་བགོམ་དེ་འགྲོ་བའི་གོམས་སྲོལ་ཞིག་ཧཅང་རྒྱུན་ལྡན་དང་སྣང་དོགས་མེད་པ་ཞིག་ཏུ་ཆགས་འདུག་པས། ང་རང་བྲེལ་འཚུབ་ངང་དཔེ་དེབ་དེ་དག་ལས་བགོམས་ནས་སོང་བ་དེར་སྣང་དོགས་བྱེད་ཀྱིན་མེད་པ་འདྲ། ཡིན་ཡང་ང་གོམས་སྲོལ་དེར་ཧ་ཅང་ལོབ་མེད་པར་མ་ཟད། མཐོང་ལམ་དུའང་མངོན་མ་མྱོང་བས། ང་རང་ཧ་ཅང་གནོང་འགྱོད་དང་འཇིགས་སྣང་ཞིག་གིས་ཡོངས་སུ་བཅུམ་འོང་ནས།  མནར་གཅོད་ཀྱི་བརྒྱུད་རིམ་དེ་ལས་རེ་ཞིག་ཐར་བའི་སྐད་ཅིག་ཙམ་གྱི་བདེ་སྣང་དེ་ལའང་རོལ་ཐུབ་མ་སོང་ཨང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།