བསམ་གཞིགས་རབ་རིབ།

  གློག་སྒྲོན་མག་མོག་གི་འོག་ཏུ།དཔེ་ཆ་ཞིག་ལ་བལྟས་ནས་བསམ་གཞིགས་ཀྱི་སྣེ་མོར་བསམ་གཞིགས་མཐུད་དེ།སྐབས་རེར་དགོད་སྒྲ་ལྷང་ལྷང་འབྱིན་ལ་ལན་རེར་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་ནས་མལ་ཁྲིའི་སྟེང་ཉལ་ནས་འདུག་པ་ནི་འོད་ཟེར་གྱི་གོམས་གཤིས་དེ་ཡིན།དོ་དགོང་ཡང་ཁོས་རྒྱ་འགྱུར་མའི་དཔེ་ཆ་ཁ་བྱང་ལ<<དུས་རབས་བར་མའི་མཚན་ཉིད་རིག་པའི་དགོངས་དོན>>ཟེར་བའི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་ཅེར་ཧྥུན་སོན་གྱིས་བརྩམས་ཤིང་།ཧྲིན་ཆིན་སོན་དུ་འབོད་པའི་རྒྱ་མི་ཞིག་གིས་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་ཞིག་ལ་བལྟས་ནས་འདུག
  དཔེ་ཆ་དེའི་ཁ་མ་ཕྱེས་བའི་ཡར་སྔོན་དུ།འོད་ཟེར་གྱིས་ཉིན་དེར་དགེ་རྒན་ཟླ་བ་དོན་གྲུབ་ལགས་ཀྱིས་དངོས་གཞི་སློབ་མའི་མཐར་ཕྱིན་དམ་བཅའ་འཇོག་པའི་དཔྱད་རྩོམ་བགྲོ་གླེང་དུ་གསུང་བའི་སྐད་ཆ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད།དགེ་རྒན་ཟླ་བ་དོན་གྲུབ་ཀྱིས༼རྩོམ་རིག་ཁྲོད་ཀྱི་སྣང་བརྙན་བཀོད་འབྲི་ལ་ཡུལ་བྱེ་བྲག་པའི་ཁྱད་ཆོས་ལས་སྤྱི་ལ་འཇུག་པའི་ཁྱད་ཆོས་ཡོད་སྲིད་པ་མ་རེད༽ཅེས་བཤད་མྱོང་བ་རེད།འོད་ཟེར་གྱིས་སྐད་ཆ་དེ་གོ་མ་ཐག་བདེན་ཤས་ཆེ་བར་སྙམ།ཡང་ཅིག་བཤད་ན་དེ་དུས་བསམ་བློ་ཞིབ་མོ་མ་བཏང་བ་རེད།ད་ལྟ་ཁོས་བསམ་གཞིགས་ཅུང་ཙམ་བྱས་པས་དགེ་རྒན་ཟླ་བ་དོན་གྲུབ་ཀྱི་སྐད་ཆ་དེ་འགྲིག་གིན་མེད་པའི་སྣང་བ་ཞིག་གློ་རྡེག་དུ་ཐོན་ཡོང་།
  དེ་ནས་ཁོས་བསམ་བློ་ཡང་ཡང་བཏང་མཐར།སྐད་ཆ་དེ་ནི་མ་གཞི་ནས་རྩོམ་རིག་གི་ཆེས་རྒྱུན་ཤེས་སམ་སྤྱིར་བཏང་གི་ཤེས་བྱ་ཞིག་ལ་འགལ་ཡོད་པར་འདི་ལྟར་སེམས་ཡོད་དེ། རྩོམ་རིག་ཁྲོད་བཀོད་འབྲི་བྱས་པའི་མི་སྣ་བྱེ་བྲག་པ་གང་དེའི་སྣང་བརྙན་དེ་ནི་སྤྱིར་བཏང་གི་མི་སྣ་བྱེ་བྲག་པའི་ཕྱི་ཚུལ་ཞིབ་འབྲི་བྱས་པ་ལས་ཆེས་ཆེར་འཕགས་ཡོད་འདུགརྒྱུ་མཚན་གཅིག་ཏུ་ན་རྩོམ་རིག་བརྩམས་ཆོས་ག་གེ་མོའི་ཁྲོད་དུ་བཀོད་འབྲི་བྱས་པའི་སྣང་བརྙན་ཞིག་ཡིན་ཚེ་མ་མཐར་ཡང་ཕྱིའི་སྣང་ཚུལ་རྐྱང་བའམ་རྩོམ་པ་པོའི་ནང་བསམ་བློའི་དྲི་མས་མ་བསྒོས་པ་ཞིག་གམ་རྟོག་པས་མ་ཟིན་པ་ཞིག་མིན་ཏེ།དེ་ནི་རྩོམ་པ་པོ་གང་དེའི་ནང་གིིི་འཆར་སྒོ་དང་ཕྱིའི་ཡུལ་གྱི་དངོས་པོ་གཉིས་འཕྲད་ཅིང་མཐུན་སྦྱོར་བྱས་ནས་ཐོན་པའི་བསྐྱེད་འབྲས་ཤིག་ཡིན་ཙང་།མི་གཤིས་ཀྱི་ཆེས་གཏིང་རུམ་གྱི་བརྡ་འཕྲིན་ཞིག་ལ་ལག་སྙོབས་བྱེད་ཀྱིན་ཡོད་པ་དང་ཡིད་ཡུལ་གཉིས་ཀྱི་ཉིང་བསྡུས་སྣང་བརྙན་གྱི་ལམ་ནས་མཚོན་པ་ཡིན་ཕྱིར། ཚད་ཐིག་ངེས་ཅན་ཞིག་ནས་དེ་ལ་མིའི་ཚེ་སྲོག་གིི་གསང་བའི་ཆའམ།ལྐོག་གྱུར་གྱི་གནས།
གཅིག་མཐུན་གྱི་ཟུར་ཞིག་ཕྱོགས་བསྡུས་ཀྱིས་མཚོན་པའི་ཁྱད་ཆོས་ཡོད་པས།དེ་ཡང་མཐོང་སྣེ་གཞན་ཞིག་ནས་བཤད་ན་སྤྱི་ཡི་ཚབ་བྱེད་དུ་འགྲོ་བའི་རང་བཞིན་ཞིག་ཀྱང་རང་ཤུགས་ཀྱིས་ཡོད་པ་དང་།དེ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་རྐྱང་རྐྱང་ཞིག་ལྟར་གོ་བ་བླངས་ནས་བྱེ་བྲག་པ་ཡིན་པས་དེས་སྤྱི་ལ་མི་ཁྱབ་ཅེས་སྡོམ་ཚིག་འགོད་མི་རུང་བ་དང་།གཉིས་ནས་རྩོམ་རིག་ཡང་སྒྱུ་རྩལ་གྱི་ཁོངས་གཏོགས་ཡིན་པས་དེ་ལ་གཙོ་བོ་མཛེས་རྟོག་སྒྱུ་རྩལ་གྱི་ངོས་ཐད་ནས་ཀློག་འགྲེལ་བྱས་ན་བཟང་པ་ལས་སྤྱི་ཚོགས་དང་དཔལ་འབྱོར་གྱི་རིག་པའི་མིག་ཟུང་ཁོ་ནས་ཡོངས་སུ་གཞལ་ཐུབ་པ་ཞིག་མ་རེད་སྙམ།
  འོད་ཟེར་དེ་ལྟར་རིག་འཕྲུལ་དང་དོགས་སློང་གི་ཞིང་ཁམས་སུ་ཅུང་ཙམ་ཉུལ་རྗེས།ཉིན་འགའི་ཡར་སྔོན་དུ་བལྟ་འཕྲོར་ལུས་པའི་དཔེ་ཆ་དེའི་གླེང་སློང་གི་ཤོག་གྲངས་བཅོ་བརྒྱད་པོའི་ཁྲོད་དེ།གཞུང་དངོས་ཀྱི་ལེའུ་དང་པོའི་མགོ་ནས་བལྟས་ཡོང་སྟེ་ཤོག་ངོས་གཅིག་པོ་མཇུག་རྫོགས་པར་ཐིག་ཕྲེང་གཉིས་ཙམ་ལས་མེད་པའི་སྐབས་སུ།ཧབ་ཆ་ཆེན་པོ་བརྒྱབ་བྱུང་ལ་དེ་མུར་སླར་ཡང་བསམ་གཞིགས་བྱེད་འགོ་བརྩམས་སོང་།རེབ་འདིར་ཁོས་དཔེ་ཆ་དེའི་ཁྲོད་ནས་གནམ་བདག་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ཟེར་བའི་བརྡ་ཆད་དེ་ནི་རྩོད་གླེང་ཤིན་ཏུ་ནས་མོད་པའི་མཚན་ཉིད་ཅིག་ཡིན་མོད།ཡིན་ཡང་གཞུང་འདིའི་རྩོམ་པ་པོས་དེ་ནི༼རིག་པས་མ་བཅུན་པ་ལས་དོན་དངོས་གནས་ཚུལ་གྱིས་བཀག་རྒྱ་བཟོས་པ་ནི་མ་རེད༽ཅེས་བཤད་ཡོད་པ་མཐོང་བས་ཡིན་ཚོད་གདའ།
                                                               2012.5.20  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས་རབ་རིབ།

2012-05-26 གསོམ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།