B.Lཡི་ལས་དབང་།༦

         ༩  རང་བྱུང་གི་རིལ་དཀར།  
  ངས་ཁོ་ལ་འོ་ཇ་ཉུང་ཙམ་བླུགས་ཏེ“ཨ་ཁུ་B.Lལགས། ད་ཆང་མ་འཐུང་། ཁྱོད་བཟི་འདུག”ཅེས་བཤད་མོད། ཁོས་ང་ལ་ཁ་ཡའང་མི་བྱེད་པར“སྒོར་མོ་དེ་དག་ཚར་ལ་ཉེ་དུས། ངེད་གཉིས་ཀྱིས་གནའ་རྫས་རྫུན་མ་བཙོངས་ན་ཁྲིམས་འགལ་དང་། རྔ་མ་ཐུང་བ་ཤེས་ཏེ་བླ་བྲང་གི་རིལ་དཀར་ཤོག་སྒམ་འགའ་འཁྱེར་ཏེ་ལན་ཀྲུག་གྲོང་ཁྱེར་ལ་འཚོང་དུ་སོང་། མི་ཞིག་གིས་རིལ་དཀར་ལ་བལྟས་ཏེ་འདི་ལུག་གི་སྐྱག་པ་ཨེ་རེད་ཅེས་དྲིས་བྱུང་། ངའི་སེམས་སུ་རིལ་དཀར་དང་རིལ་མ་གཉིས་ཀྱི་མདོག་དང་དབྱིབས་སོགས་གང་ནས་བལྟས་ཀྱང་ཧ་ཅང་མཚུངས་པས་ཁོ་ལ་ཁག་མི་འདུག་སྙམ། ཡིན་ཡང་། ཁོའི་སྐད་ཆ་དེས་ངེད་གཉིས་ལ་གསལ་འདེབས་བྱས་པ་ལྟར། རིལ་དཀར་གྱི་འགྱིག་ཐུམ་ཆུང་ཆུང་ཉིས་བརྒྱ་ཉོས་ཏེ་ནང་དུ་རིལ་མ་ཆེ་ཞིང་མདོག་ཡག་པ་རྐྱང་རྐྱང་བཏུས་རྗེས་ཕྱིར་ཁྲི་འདུ་གྲོང་ཁྱེར་ལ་སོང་། རྒྱ་མི་ཡིས་དངོས་པོའི་རིན་གོང་མཐོ་ན་རྒྱུ་སྤུས་བཟང་བར་འདོད་པའི་བསམ་ཚུལ་དང་། བོད་མི་ཡིས་ཆོས་ཀྱི་ཅ་ལག་ཡིན་ན་རིན་ཆེན་དུ་བསམ་པའི་དྲན་ཚུལ་དེ་གཉིས་ངོ་མ་ཡ་མཚན་རེད། ངེད་གཉིས་ཀྱིས་རིལ་མ་ནི་རིལ་དཀར་ནང་དབྱར་རྩྭ་དགུན་འབུ་བསྲེས་པའི་ཐོན་རྫས་གསར་པ་ཡིན་ཚུལ་བཤད་དེ། འགྱིག་ཐུམ་གང་ལ་སྒོར་ལྔ་བཅུ་བྱས་ཏེ་བཙོངས་པ་ན། ཉིན་འགའ་ཡང་མ་འགོར་བར་ཐུམ་ཉིས་བརྒྱ་བོ་བཙོངས་ཏེ་ཚར། བོད་མིས་ཞག་སྒྲོན་མ་ཤེས་པར་ཟ་བ་དང་རྒྱ་མིས་རིལ་མ་མ་ཤེས་པར་ཟ་བ་གཉིས་དགོད་སྤྱད་རེད། དུས་དེར་རིལ་མ་བཙོངས་ཏེ་སྒོར་ཁྲི་གཅིག་ལྷག་ཐོབ་བྱུང་། མི་ལ་ཀླད་པ་ཡོད་ན་འདི་འདྲ་རེད། ཨ། ཨ། ཇ་འདི་འཐུང་རྒྱུ་མང་ན་གཅིན་གཏོང་དུ་འགྲོ་དགོས་པ་འདི་སུན་པ་ལ” ཟེར་བཞིན་ཡར་ལངས་ཏེ་སྒོར་བུད།
  ང་ཚོས་ཁོའི་གཏམ་རྒྱུད་ལ་ཉན་འདོད་དེ། ཁྱོད་བཟི་འདུག ད་ཁྱོད་ཉལ་ན་འགྲིག་ཟེར་མཁན་ཞིག་མ་བྱུང་། ཨ་ཁུ་B.Lཡང་བསྐྱར་ཚ་ཐབ་སྟེང་དུ་སྐྱིལ་ཀྲུང་དུ་བསྡད་དེ་དུ་རྐང་ཞིག་ལ་མེ་བསྒྲོན་རྗེས“ང་ཡིས་བཤད་དེ་མཚམས་གང་ལ་ཐོན་ཡོད་དམ”ཞེས་ང་ལ་འཁོར་ཏེ་དྲིས་བྱུང་།     
  ངས་མྱུར་དུ“ད་རིལ་མ་བཙོངས་ཚར་སོང”ཞེས་ལན་བྱིན། ཁོས་ཆང་ཉུང་ཙམ་འཐུང་སྟེ“ཨོ། ངའི་བརྗེད་འདུག ངེད་གཉིས་ཀྱིས་ཀྱང་དགེ་བ་ཉུང་ཙམ་རེ་བསྒྲུབས་མྱོང་། ཁྲི་འདུ་གྲོང་ཁྱེར་ནས་རིལ་མ་འཚོང་བའི་སྐབས་དེར། གཟན་དམར་པོའི་འོག་ཏུ་སྟོད་འགག་སེར་པོ་མནབས་པའི་གྲྭ་པ་ཞིག་ལ་ཐུག  ནག་ཀྱུག་ཀྱུག་བྱེད་པའི་མི་ཚོགས་ཀྱི་གྲས་ནས་སེར་ལམ་ལམ་བྱེད་པའི་མེ་ཏོག་ཅིག་དང་འདྲ་བར་ཧ་ཅང་མཛེས། ཁོའི་གྱོན་ཆས་ལ་བརྟགས་ན། ཨ་ལགས་ཤིག་ཡིན་པ་ཤེས་ཐུབ། རྒྱ་མི་མང་པོའི་གྲལ་ནས་བོད་མི་ཞིག་ལ་ཐུག་པའི་རྐྱེན་ཡིན་ནམ། བོད་མིའི་སེམས་གཏོད་སའི་ཨ་ལགས་ཤིག་ལ་ཐུག་པའི་རྐྱེན་ཡིན་ནམ།  གང་ལྟར་སེམས་པ་དགའ་ལྷང་ལྷང་དུ་གྱུར། ཡིན་ཡང་།  ངེད་གཉིས་ཀྱི་རིལ་མ་འཚོང་བཞིན་ཡོད་པ་གཞན་ལ་བཤད་རྒྱུ་རེད་འདོད་དེ། ཁོང་ལ་རྒྱ་ཡུལ་འདི་ནས་འུ་ཅག་ཐུག་པ་ནི་སྐྱེ་བ་སྔོན་མའི་ལས་རེད།  ངེད་གཉིས་ཀྱིས་མགྲོན་བྱེད་ཟེར་བཞིན་ཟ་ཁང་ཆེན་པོ་ཞིག་ཏུ་འཁྲིད། ཁོང་ཡང་ཐུགས་ཧ་ཅང་རྒྱས་སྟེ་ཁོང་ནི་ཨ་ལགས་ཤིག་ཡིན་ཚུལ་དང་ཁོང་གི་ཡོན་བདག་མང་པོས་ཐེངས་མང་པོར་བོད་ཡུལ་གྱི་དགོན་པ་དང་སློབ་གྲྭ བཟོ་གྲྭ་སོགས་ཞིག་གསོ་དང་བསྐྱར་བཟོ་བྱས་པ་བགྲང་གིས་མི་ལངས་པ་གསུངས། ཁོང་ནི་རྒྱ་སྐད་བོད་སྐད་དབྱིན་སྐད་བཅས་ལ་ཐོགས་པ་མེད་པས།  ཨ་ལགས་ཞེས་པ་ནི་འདི་འདྲ་ཞིག་ཡིན་དགོས་སྙམ་སྟེ་ངེད་གཉིས་ཁོང་ལ་དད་པ་ལྷུག་ལྷུག་ཏུ་སྐྱེས།  དེང་རབས་སྤྱི་ཚོགས་སུ་ཨ་ལགས་མང་པོས་དད་ལྡན་མང་ཚོགས་ཀྱིས་འཕུལ་བའི་འབུལ་བ་ཡོད་ཚད་རང་ཉིད་ཀྱི་མཛོད་དུ་གསོག་པ་དང་ཚོང་ལས་གཉེར་བ། བག་མེད་རྒྱས་སྤྲོས་བྱེད་པ། ཐ་ན་ཤོ་དང་ཆང་ལ་བསྟིམས་པ་ཡང་མཐོང་རྒྱུ་ཡོད་པས། ཁོ་ནི་དངོས་ནས་རླབས་ཆེན་ཞིག་རེད། ངེད་གཉིས་ཀྱིས་སྔོན་ཆད་བསྒྲུབས་པའི་ལས་རྒྱུ་འབྲས་དང་མི་མཐུན་པའི་བྱ་བ་དག་ཁོང་ལ་ཡར་ཞུ་བྱས་ཏེ་ཚེ་ཕྱི་མའི་འཇིགས་སྐྲག་སེལ་བ་དང་། ཚེ་འདིའི་བསམ་དོན་འགྲུབ་པའི་རེ་བ་ཡང་ཡང་ཞུས་པ་ན། ཁོང་གིས་འཇིག་རྟེན་འདིར་མི་སྲིད་པའི་ལས་འདི་འདྲ་བསགས་ན་ཚེ་འདི་ཕྱི་གཉིས་ཀྱི་དོན་མི་འཁྱོངས། ད་མཚམས་བཞག་སྟེ་དགེ་བ་རེ་བསྒྲུབས་ན་བཟང་། ཁྱེད་གཉིས་ལྟ་བུ་རྒྱ་སྐད་བོད་སྐད་ལ་ཐོགས་པ་མེད་པ། རྒྱ་ཡུལ་བོད་ཡུལ་གང་ལ་འགྲོ་དགོས་ཀྱང་འགྲོ་ཤེས་པའི་ལག་རོགས་པ་ང་ལ་མཁོ་བས། ཁྱེད་གཉིས་ལ་འདུན་པ་ཡོད་ན་ངའི་རྗེས་སུ་འགྲོ་ཟེར། ངེད་གཉིས་ཀྱིས་ཀྱང་ཚེ་འདི་ཕྱི་གཉིས་ཀྱི་དོན་འཁྱོངས་པའི་ལས་ཤིག་རྙེད་བྱུང་འདོད་དེ་འཐད་པ་བྱུང་། ཁོང་ནི་ཁོའི་གསུངས་པ་བཞིན་རྒྱ་ཡུལ་དང་བོད་ཡུལ་གྱི་གནས་འགངས་ཆེན་དང་མི་གྲགས་ཅན། མི་དབང་ཅན།  མི་རྒྱུ་ཅན། མི་འཇོན་ཐང་ཅན་སོགས་མི་ཤེས་པ་གཅིག་ཀྱང་མེད། ས་ཆ་གང་ལ་ཕེབས་ན་བསུ་བ་བྱེད་མཁན་དང་སྐྱེལ་མ་བྱེད་མཁན་ཡོད། ལོ་ངོ་གཅིག་ཙམ་གྱི་རིང་ལ། ཁོང་དང
་འགྲོགས་ཏེ་འབྲས་སྐྱ་དང་སྔོ་ཚོད་རྐྱང་རྐྱང་ཟ་བ་དང་གཞན་ཕན་གྱི་ལས་རྐྱང་རྐྱང་བསྒྲུབས་པས་ངེད་གཉིས་ཀྱང་ཡ་རབས་ལ་འགྲོགས་ན་ཡ་རབས་ཞེས་པའི་དཔེ་བཞིན་གྱུར། ཡིན་ཡང་། ད་ལྟའི་དུས་འདིར་གཞན་གྱིས་བྱིན་པའི་རོགས་སྐྱོར་མ་དངུལ་དང་། གོང་ནས་བྱིན་པའི་འཛུགས་སྐྲུན་མ་དངུལ་སོགས་དཔོན་པོ་ཆེ་ཆུང་ཀུན་གྱིས་ཡར་ནས་བཏོགས་པ་དང་། བར་ནས་བཏོགས་ཏེ་ཐ་མར་འགྲོ་གྲོན་གྱི་འཛིན་ཡིག་རྫུན་མ་འགའ་དང་རྒྱུ་སྤུས་ཞན་པའི་འཛུགས་སྐྲུན་ཞིག་ལས་ཅི་ཡང་མེད།   དཔེར་བཞག་ན། ཨ་ལགས་ཁོང་གི་རོགས་སྐྱོར་བྱེད་བཞིན་པའི་ས་ཁུལ་དེའི་སྡེ་པ་ཞིག་ལ་ཆུ་རྐ་དང་སློབ་གྲྭ་སོགས་མེད་པས་སྡེ་པའི་སྡེ་དཔོན་དང་ལོ་ལོན་རྣམས་ཨ་ལགས་ཚང་ལ་མཇལ་དུ་ཡོང་སྟེ་ཞུ་བ་ཡང་ཡང་བྱས། སྐབས་དེར། ཨ་ལགས་ཚང་གི་སྒོར་མོ་ཚར་བས་ངེད་གཉིས་ཀྱིས་རང་བསམ་སྒོས་རིལ་མ་བཙོང་བའི་སྒོར་ཁྲི་གཅིག་པོ་སྡེ་པ་དེའི་སློབ་གྲྭ་ལས་བྱེད་དུ་བྱིན་སྟེ་ཆུ་རྐ་ལས་བྱེད་རྗེས་ནས་བཀོད་པ་འཐེན་གྲབས་བྱས། ཕྱི་ལོ་སྡེ་པ་དེའི་སློབ་གྲྭར་བལྟ་རུ་སོང་དུས། སློབ་གྲྭའི་གྱང་རྭ་ཁོ་ན་སྐྱ་སྒང་ངེར་ལུས་འདུག་ལ། བྱིས་པ་མང་པོ་སྐྱ་ཐ་ར་ར་བྱེད་ཀྱིན་འདུག རྩད་གཅོད་ནན་མོ་བྱས་པ་ན་སྒོར་སྟོང་དྲུག་ལྷག་སྡེ་པའི་ཞིང་ཁྲལ་དང་ཕྱུགས་ཁྲལ་ལ་བྱིན་པ་དང་། སྟོང་བཞི་ཙམ་ཡུལ་གཙོ་དང་སྡེ་དཔོན་སོགས་ཀྱིས་རྒྱས་བཟའ་རྒྱས་འཐུང་བྱས་ཏེ་ཚར་འདུག གྱོད་དང་ཕམ་ཁ་ཉོས་མ་མྱོང་བའི་ངེད་གཉིས་ཀྱིས་མི་ངན་ལ་བཟང་བཅའ་བ་ལས་ངན་བཅོས་ན་བཟང་སྙམ་སྟེ། ཡུལ་གཙོ་དང་སྡེ་དཔོན་སོགས་བོས་ཏེ། སྦྱིན་བདག་ཆེན་མོ་ཞིག་གིས་ཆུ་རྐ་ལས་བྱེད་སྒོར་ཁྲི་ལྔ་ལྷག་སྟེར་གྲབས་ཡོད་པས་འགྲོ་གྲོན་སྒོར་ཁྲི་གཅིག་གཏོང་དགོས། ད་མྱུར་དུ་གྲ་སྒྲིག་བྱོས་ཞེས་བཤད། ཡུལ་གཙོ་དེས་སློབ་གྲྭ་ལས་བྱེད་ཀྱི་སྒོར་མོ་ཚང་མ་མང་ཚོགས་ཀྱི་ཁྲལ་སྟེར་མ་ཐུབ་པ་དེར་བྱིན་པས་གོ་ཆེན་པོ་ཆོད་སོང་བས་སྐུ་དྲིན་ཤིན་ཏུ་ཆེ། སྡེ་པ་འདིར་ཆུ་རྐ་ཞིག་ལས་བཏང་ན་མི་ཕྱུགས་གཉིས་ཀྱི་འཐུང་ཆུ་དང་ཞིང་ཆུ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཐུབ་པས། ཁྱེད་གཉིས་ཀྱི་སྐུ་དྲིན་ནམ་ཡང་བརྗེད་མི་སྲིད་ཟེར་བཞིན་མང་ཚོགས་ཀྱིས་མཇལ་བའི་ཁྲེལ་སྒོར་ལས་སྒོར་ཁྲི་གཅིག་ལྷག་ངེད་གཉིས་ལ་བྱིན། དེ་བཞིན་དུ་ཨ་ལགས་ཚང་གི་རོགས་སྐྱོར་གནངས་པའི་མ་དངུལ་དེ་དག་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ཏེ་དོན་ཐོག་ལ་བབས་པ་གཅིག་ཀྱང་མེད་པ་མ་ཟད། སྡེ་དམངས་དང་སྡེ་དཔོན། ཡང་ན། ཡུལ་ཚོ་སྲིད་གཞུང་དང་སྡེ་པ་བར་གྱི་རྩོད་གཞིར་གྱུར་ཏེ་མང་ཚོགས་ལ་ཕན་པ་ལས་གནོད་པ་སྐྱེལ་འདུག དེ་དག་ཨ་ལགས་ཁོང་ལ་ཡར་ཞུ་བྱས་ཀྱང་ཁོང་གིས་ཕན་པ་དང་སྙིང་རྗེ་ཡིས་མ་སེམས་ཅན་ཐམས་ཅད་ལ་རོགས་རམ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། རོགས་སྐྱོར་གྱི་སྒོར་མོ་དེ་དག་སུ་ལ་ཐོབ་ནའང་གཅིག་འདྲ་ཡིན། སྒྲུབ་འོས་པ་དང་སྒྲུབ་ཐུབ་པའི་བྱ་བ་ནི་ ང་ཚོས་ནམ་ཡང་འགྱུར་བ་མེད་པར་བསམ་པ་རྣམ་དག་གིས་བསྒྲུབ་དགོས། ཁྱེད་གཉིས་ཀྱིས་བསྒྲུབ་མི་ཐུབ་ན་ངས་བཙན་གྱིས་བསྒྲུབ་ཏུ་འཇུག་པ་ནི་ཉེས་པ་ཡིན་པས་ད་ཁྱེད་གཉིས་ཀྱིས་ཅི་འདོད་གྱིས་ཤིག་ཟེར།  འགྲོ་འདུག་སྤྱོད་གསུམ་དང་བཟའ་བཏུང་གང་གི་ཕྱོགས་ནས་ཀྱང་བསྲན་ཐུབ་ཀྱིན་མེད་པའི་ངེད་གཉིས་ཀྱི་འདོད་ཐོག་ཏུ་ཆར་བབས། དེ་ནས་ངེད་གཉིས་ཡང་བསྐྱར་ལམ་ལོག་ཏུ་ཞུགས། མི་གཞན་ལ་བཤད་སྲོལ་མེད་མོད། དོ་དགོང་ངས་བཤད་རྒྱུ་ཡིན། ངེད་གཉིས་ཀྱིས་ཡུལ་གཙོ་ཡིས་བྱིན་པའི་སྒོར་ལས་གཟན་ཤམ་ཆ་ཚང་རེ་ཉོས་རྗེས་རྒྱ་ཡུལ་ནས་ཉིན་དཀར་ཨ་ལགས་རྣམ་དག་བྱས་ཏེ་སྦྱིན་བདག་དང་ཚོང་དཔོན། ཁེ་ལས་པར་འབྲེལ་གཏུགས་བྱས། མཚན་མོ་གྲོང་བ་བྱས་ཏེ་གླུ་མ་དང་གར་མ། སྨད་འཚོང་མར་འབྲེལ་ཐུག་བྱས། བོད་ཡུལ་དུ་ཐོན་པ་ན། སྦྱིན་བདག་བྱས་ཏེ་རོགས་སྐྱོར་ཐོབ་འདོད་ཅན་གྱི་དཔོན་པོ་ཆེ་ཆུང་ཀུན་གྱི་འབུལ་བ་བླངས་པ་ཡིན། དེང་གི་སྤྱི་ཚོགས་སུ་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་པ་དང་འདྲ་མོད། ལས་རྒྱུ་འབྲས་འཁོར་བ་ནི་སྐད་ཅིག་གི་དུས་རེད། ལོ་ངོ་གཅིག་ཙམ་ཡང་མ་འགོར་བར་ངའི་ཨ་ཞང་དྲིན་ཆེན་པོར་མཛོ་ཞིག་གིས་བརྡུངས་ཏེ་འདས་སོང་། བདུན་བཙུགས་མ་ཚར་བར་ངེད་ཚང་གི་ཨ་ཞང་ཡིན་ཟེར་བའི་མནའ་མ་ཞིག་འདྲེ་ཡིས་གནོད་དེ། ང་ངེད་ཚང་གི་B.Lཡི་མདུན་དུ་འཁྲིད་ཟེར་བཞིན་ངའི་སར་ཡོང་། ཁོས་ཁྱོད་ཀྱི་བྱ་ངན་གཞན་པ་ཅི་ཞིག་ལས་ཀྱང་ཆོག་མོད། ཨ་ལགས་རྫུན་མ་བྱས་ཏེ་དད་ལྡན་མང་ཚོགས་ཀྱི་འབུལ་བ་མ་ལེན། ངས་ཁྱོད་ལ་ཞུ་བ་བྱེད། སྔོན་ཆད་ཁྱོད་ལ་རོགས་ཆེན་པོ་ཞིག་བྱེད་མ་ཐུབ་པས། ང་ཆེད་དུ་ཁྱོད་ལ་བཤད་དུ་ཡོང་བ་ཡིན་ཟེར། ང་ཡི་བྱ་བ་ངན་པ་གཞན་དག་ངེད་སྡེ་པའི་རྒན་གཞོན་ཡོངས་ཀྱི་ཤེས་ལ། ང་རང་ཨ་ལགས་རྫུན་མ་བྱས་པ་སུས་ཀྱང་མི་ཤེས་མོད། ཁོས་ཅི་ལྟར་ཤེས་པ་ཡིན་ནམ། ངོ་མའི་ཡ་མཚན་རེད། ཨ་ཞང་དྲིན་ཆེན་པོ་ཁོ་ཤི་ཡང་ང་རང་གི་དོན་དུ་ཕྱིར་ཡོང་ཐུབ་མོད། ཁོ་གསོན་ཐོག་ན་ཡོད་དུས་ངས་ཁོ་ལ་ཀ་ར་རྒྱ་མ་གང་ཡང་ཉོས་མ་མྱོང་བས་ང་རང་ཧ་ཅང་འགྱོད་དེ་ཁོར་ཁས་ལེན་དམ་བཅའ་བྱས”ཟེར་བཞིན་ཨ་ཁུ་B.Lཡིས་དངན་པ་རིང་བོ་ཞིག་ཤོར།
  bང་ཚོའི་ཡུལ་འདིར་ཁོའི་བཤད་པ་ཇི་བཞིན་འདྲེ་ཡིས་གནོད་དེ་ཕྱིར་ཡོང་བའི་གནས་ཚུལ་ནི་བྱུང་དང་འབྱུང་བཞིན་འདུག ང་ཚོའི་རྫོང་དཔོན་ཞིག་ཀྱང་འདྲེ་རུ་སྐྱེས་ཏེ་ཁོས་བླངས་པའི་ལྐོག་རྔན་དག་གང་དུ་སྦས་ཡོད་པ་དང་། དེ་དག་ཕྱིར་སུ་སུ་ལ་སྤྲོད་དགོས་པ་བཤད། ཡུལ་མི་ཚོས་བཙལ་ཏེ་ཁོས་བཤད་པ་ལྟར་བདག་པོ་རེ་རེ་ལ་སྤྲད་པ་དོན་དངོས་སུ་བཤད་རྒྱུ་ཡོད།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༦

2012-05-17 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།