ཁ་དོག་ཤོར་བའི་ལང་ཚོ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-04

                                          གཅིག 
  དབྱར་ཟླ་དྲུག་པའི་ཁུ་ལུང་གྲོང་ཚོའི་ཕྱོགས་བཞི་མཚམས་བརྒྱད་ལྗང་མདོག་གི་རྩྭ་ཕྲན་དུ་མས་ཡོངས་སུ་གཏམས་ཤིང་། ཞིང་གྲོང་གི་སྙེ་མའི་རྦ་རླབས་རླུང་གི་གོམས་འགྲོས་དང་བསྟུན་ནས་གང་སར་ཕར་གཡོ་ཚུར་གཡོར་བྱེད་བཞིན་ འདུག་པར་བལྟས་ན།     དེས་གནས་འདིའི་སོ་ནམ་པ་ཚོར་སྟོན་མཇུག་ལ་ལོ་ལེགས་ཀྱི་འབྲས་བཟང་སྨིན་པའི་སྔ་ལྟས་བཟང་པོ་ཞིག་སྦྱིན་བཞིན་འདུག་པ་དང་ཨ་ན་མ་ན་རེད།
  ལོ་གསུམ་ལ་སླེབས་མ་ཐག་པའི་ཨ་མ་ཉི་མ་ཚང་གི་བུ་ཆུང་ཚེ་ལོས་ཁ་སང་ཨ་ཕས་བཙེམས་གནང་བའི་སྣམ་བུའི་སྟོད་གོས་དེ་ལུས་ལ་གྱོན་བཞིན་དགའ་སྤྲོའི་ངང་ས་མཆོང་གནམ་མཆོང་བྱེད་བཞིན་འདུག ལྷག་པར་དུ།ཨ་མས་དེ་རིང་ཁོའི་ཕུ་བོ་རྒྱ་ནག་སློབ་གྲྭ་ཆེན་མོ་ནས་ཕ་ཡུལ་དུ་ལོག་ཡོང་གི་ཡོད་པའི་གནས་ཚུལ་ཁོའི་རྣ་བའི་བུ་གར་བཤད་རྐྱེན། ཁོའི་སེམས་ལ་དེ་བས་སྨྲ་མི་ཤེས་པའི་དགའ་ཚོར་གྱིས་ཁེངས་ཡོད་པ་སུ་ཡིས་མི་ཤེས། རྒྱུ་མཚན་ནི་ཁོ་དང་ཕུ་བོ་གཉིས་ ཁ་གྱེས་ནས་ད་བར་ལོ་ངོ་གཉིས་ལྷག་བུད་ཟིན་པས་ཁོས་ནམ་རྒྱུན་ཨ་མར་“ངའི་ཕུ་བོ་ག་དུས་ལོག་ཡོང་གི་རེད་”ཅེས་ བར་མེད་འདྲི་བཞིན་ཡོད་ལ། ནམ་རྒྱུན་ཕུ་བོ་སློབ་གྲྭ་ཆེན་མོ་ནས་ཕ་ཡུལ་དུ་ལོག་ཐེངས་རེར། ཁོར་ཤིང་ཏོག་དང་ཚ་ལུ་ མ་ལ་སོགས་པའི་རྔན་པ་དང་རྩེད་ཆས་མང་པོ་ཉོས་ཡོང་གིན་ཡོད་པས་རེད། དེས་འཕྲལ་ཁོས་སྐས་འཛེགས་ཐོག་ཡར་ བཞུད་མར་བཞུད་ཐེངས་མང་བྱས་ཏེ་རང་གི་ཕུ་བོ་ལོག་ཡོང་རྒྱུར་རེ་སྒུག་བྱེད་བཞིན་འདུག
                                          གཉིས།
  དེ་རིང་གི་ཁུ་ལུང་གྲོང་ཚོའི་ཞོགས་པའི་ནམ་མཁའ་ནི་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད། སྨུག་སྤྲིན་ལང་ལོང་དུ་འཁྲིགས་ཤིང་། དབྱར་སྐྱེས་རྔ་གསང་ནི་དོན་དག་ཅི་ཞིག་ལ་ཁྲོས་པ་མི་ཤེས།  གང་ལྟར།  འབྲུག་སྒྲ་འུར་འུར་དུ་ལྡིང་བ་དང་གློག་དམར་ཆེམ་ཆེམ་དུ་འཕྲོ་བཞིན་འདུག    ཨ་མ་ཉི་མའི་སེམས་ལ་ད་ནི་ཆར་པ་ཤུགས་དྲག་ཞིག་གཏོང་བར་ཐེ་ཚོམ་མིན་འདུག་སྙམ་སྟེ། བུ་ཆུང་ཚེ་ལོ་ཕྱི་ལོག་ཏུ་མངགས་ནས་ཁོའི་གཅེན་པོ་ཕ་ཡུལ་དུ་ལོག་ཡོང་གི་ཡོད་མེད་བལྟ་ བར་བཏང་། འོན་ཀྱང་། དབྱར་ཁའི་ནམ་མཁའ་ནི་དབྱར་ཁའི་ནམ་མཁའ་རང་རེད།  བུ་ཆུང་ཚེ་ལོ་སྒོར་བུད་ནས་ཅུང་འདས་རྗེས་ལང་ལོང་དུ་འཕྱུར་བའི་སྨུག་སྤྲིན་མཐའ་དག་གར་སོང་ཆ་མེད་དུ་ཡལ་ཞིང་། ཆར་པ་བབས་རྒྱུ་ལྟ་ཅི། དེ་ ལས་ལྡོག་སྟེ་ཉི་མ་ཚ་བོ་ཞིག་བསྟན་བྱུང་།བུ་ཆུང་ཚེ་ལོ་ཡིད་ཐང་ཆད་པའི་ཉམས་ཤིག་བསྟན་ཏེ་ཕྱིར་ཁྱིམ་དུ་ལོག་བྱུང་། ཁོས་ཐེ་ཚོམ་དང་བཅས་རང་གི་ཨ་མར།  “ཨ་མ། ཕུ་བོ་དེ་རིང་དངོས་གནས་ལོག་ཡོང་གི་རེད་པས”ཞེས་དྲིས།  “ལོག་ཡོང་གི་རེད”“ཨ་མ་རས་ང་ལ་སྐྱག་རྫུན་ལབ་གིས”“ང་མི་རྒན་སྐྱག་རྫུན་བཤད་བྱས་ག་རེ་བྱ་དགོས། ཡིད་མ་ཆེས་ན་རང་སྒོ་ཁར་སོང་དང་། གཅིག་བྱས་ན་ཕུ་བོ་ལོག་ཡོང་གིན་ཡོད་འགྲོ ”ཞེས་བཤད།  ཁྱིམ་གྱི་སྒོ་བུད་བྱུང་། ཁོས་ལམ་སེང་སྐད་ཤུགས་ཆེན་པོས་རང་གི་ཨ་མའི་མིང་ནས་བོས་ཏེ་“ཨ་མ། ཕུ་བོ་ཐོན་ད”ཞེས་དགའ་ཚོར་གྱི་ངང་ནས་བཤད། ཨ་མ་ཉི་མས་བུ་ཁྱིམ་དུ་བོས་ཏེ་ཆེད་མངགས་བུ་ལ་བཟོས་པའི་གསོལ་ཇ་མངར་མོའི་ཚ་དེམ་དེ་ལྕགས་ཐབ་སྟེང་ནས་ ཚུར་བླངས་ཏེ་དཀར་ཡོལ་སྔོ་ཁྲ་ཞིག་གི་ནང་བླུགས་ནས་བུའི་གམ་དུ་བཞག སྔ་དྲོའི་ཉི་མ་སྤྲིན་ནག་གིས་བསྒྲིབས་ཀྱང་ ཕྱི་དྲོའི་ཉི་འོད་ནི་མེ་ལྡུམ་ཞིག་དང་འདྲ་བར་ཚ་གདུག་ཆེ་བས། ཁོའི་གདོང་ནས་རྔུལ་ཆུའི་ཐིགས་པ་འགའ་སར་ཟགས། ཁོས་རང་གི་གདོང་ལས་བཞུར་བའི་རྔུལ་ཆུ་ཕུ་ཐུང་གི་སྣེ་མོས་ཕྱིས་ཙམ་བྱས་ཤིང་། ཇ་མངར་མོ་བླུགས་ཡོད་པའི་ཇ་ ཕོར་དེ་ལག་ཏུ་བླངས་ནས་ཧབ་འཐུང་ཞིག་བྱས་པས། ཁོའི་མཆུ་ཏོ་འཚིགས་ཏེ་“ཨ་ཚ”ཞེས་པའི་སྐད་ངན་ཞིག་དབང་
མེད་དུ་ཤོར།
  ཁོའི་མིང་ལ་རྟ་མགྲིན་སྐྱབས་ཟེར་ཞིང་། ཁོ་ནི་སློབ་ཆེན་ག་གེ་མོའི་སློབ་ཐོན་སློབ་མ་ཡིན་པ་རེད།  ཁོའི་ཆེད་ལས་གང་ཡིན་མིན་སྐོར་ལ་སྐད་ཆ་ཞིག་བཤད་ན། མཐོ་འབྲིང་སློབ་མཐར་ཕྱིན་རྗེས་ཁོས་ཀུན་ལ་ངོ་གནོང་མི་དགོས་པའི་ སྐར་མ་མཐོན་པོ་ལོན་ཐུབ་པ་བྱུང་ཡོད་ཀྱང་། ཁོ་ནི་ནམ་ཡང་གཞན་གྱི་གང་ཟེར་ལ་ཉན་མཁན་ཞིག་དང་། རང་ཉིད་ལ་རང་རང་གི་ལྟ་བ་དང་རང་ཚུགས་དབེན་པའམ་སྒལ་ཚིགས་མེད་པའི་སློབ་བུ་ཞིག་ཡིན་རྐྱེན་ཁོ་རང་སློབ་གྲྭ་གང་ལ་འགྲོ་དགོས་མིན་དང་།ཆེད་ལས་གང་ཞིག་འདེམས་དགོས་མིན་སོགས་ཕ་མ་གཉིས་ཀྱི་བཀའ་ལ་བརྩི་སྲུང་ཞུ་མཁན་ཞིག་ཡིན་སྟབས།མཐོ་འབྲིང་ནས་སློབ་གྲྭ་ཆེན་མོ་ག་གེ་མོ་དེར་འགྲོ་རྐྱེན་ཡང་ཕ་མ་གཉིས་ཀྱི་བཀའ་ལྟར་འདེམས་ཁ་བྱས་པ་ཞིག་ཡིན་པ་སྨོས་མེད་རེད།   ཁོ་མཐོ་འབྲིང་ནས་སློབ་མཐར་ཕྱིན་པའི་ལོ་དེར་ཁོ་སློབ་གྲྭ་གང་ལ་འགྲོ་དགོས་མིན་དང་ཆེད་ལས་གང་འདྲ་ཞིག་འདེམས་མིན་སྐོར་ལ་རྩོད་པ་ཤུགས་ཆེན་བྱུང་བ་སྟེ། ཁོའི་པཱ་ཕས་ཟེར་ན།  པེ་ཅིང་དུ་ཕྱིན་ནས་དཔལ་འབྱོར་སྐོར་གྱི་ཆེད་ལས་འདེམས་དགོས་ཟེར།  རྒྱུ་མཚན་ནི་དེང་སང་ཏང་ཀྲུང་དབྱང་གི་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ནས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱུག་པོའི་ལམ་དུ་སྐྱོད་དགོས་པའི་གནས་ཚུལ་སྐོར་མང་དག་ཅིག་གསུངས་པ་དང་། ཁོའི་ཨ་མས་ཟེར་ན། བུ་རང་བོད་ལྗོངས་རང་གི་སློབ་གྲྭ་ཆེན་མོ་ཞིག་ལ་ཕྱིན་ནས་བོད་ཡིག་སློབ་སྦྱོང་གྱིས་དང་། རྒྱུ་མཚན་ནི་བུ་རང་བོད་རིགས་ཡིན་པས་བོད་ཀྱི་རིག་གནས་སྦྱངས་ན་ལས་སླ་པོ་ཡོད་ཚུལ་དང་། རྗེས་སུ་དགེ་རྒན་བཟང་པོ་ཞིག་བྱས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་འགྲོ་བར་ཞབས་འདེགས་ཞུ་ཐུབ་ པ་གྱིས་ཟེར། ཁོའི་ཨ་ཁུས་ཟེར་ན། བུ་རང་ཆབ་སྲིད་ཀྱི་ཆེད་ལས་ཞིག་འདམས་ནས་རྗེས་སུ་སྲིད་གཞུང་གི་ལས་དོན་ སྒྲུབ་མཁན་ཞིག་བྱ་ཐུབ་པ་གྱིས་དང་ཟེར། རྒྱུ་མཚན་ནི་བུ་རང་ང་ཚོའི་ཤང་གི་སྲིད་གཞུང་གི་ལས་བྱེད་པ་དེ་དག་ལ་ ལྟོས་དང་། ཉིན་ལྟར་ལས་ཀ་ཉུང་བའི་ཐོག་སྣང་བ་སྐྱིད་པོ་གང་འདྲ་མིན་འདུག་གམ། ད་དུང་ཟླ་རེ་རེའི་གླ་ཆ་མང་པོ་ ཞེ་དྲག་མིན་འདུག་ག་ཟེར། ཁོའི་སྤོ་བོས་ཟེར་ན། བུ་རང་བོད་ཡིག་ཆུ་ཚད་ཅུང་བཟང་བས་བོད་ཀྱི་ཆོས་ལུགས་སྐོར་ སློབ་སྦྱོང་མང་ཙམ་གྱིས་དང་། དེ་ལྟར་བྱས་ན་བུ་རང་གིས་དགེ་བའི་ཚོགས་མང་པོ་གསོག་ཐུབ་ཀྱི་རེད་ལ། ང་ཚོ་ལའང་ཞོར་ལ་བྱིན་རླབས་ཆེན་པོ་འབྱུང་གི་རེད་ཟེར། ཁོའི་རྨོ་བོས་ཟེར་ན……ཁོའི་ཁྱིམ་མི་ཚོ་བུ་སློབ་གྲྭ་གང་ལ་འགྲོ་དགོས་མིན་སྐོར་ལ་རྩོད་པ་སྣ་ཚོགས་བྱེད་བཞིན་ཡོད་པས་ཡུད་ཙམ་ཞིག་རིང་འུར་ཟིང་ངེར་གནས་འདུག་སྟེ།རེ་འགས་ཟེར་ན། དགེ་རྒན་བྱས་ནས་ཅི་བྱེད། དེང་སང་སྤྱི་ཚོགས་ཐོག་དགེ་རྒན་ལ་མཐོང་བྱེད་མཁན་སུ་འདུག་གམ། དགེ་རྒན་བྱེད་པ་ ལས་ལས་བྱེད་པ་ཞིག་བྱས་ན་མི་བཟང་ངམ་ཟེར། རེ་འགས་ཟེར་ན་བོད་ཡིག་སྦྱངས་ནས་ཅི་བྱེད། བོད་ཡིག་སྦྱངས་ན་ ལས་ཀ་འཚོལ་དཀའ་ཞིང་མདུན་ལམ་ཆེན་པོ་ཡོད་པ་མ་རེད་ཟེར། མཇུག་མཐར་ཁོ་ཕའི་བཀའ་ལྟར་པེ་ཅིང་དུ་དཔལ་ འབྱོར་སྐོར་གྱི་ཆེད་ལས་སློབ་སྦྱོང་བྱེད་པར་འགྲོ་རྒྱུར་གཏན་འཁེལ་བྱས་ཤིང་།ད་ལྟའི་སློབ་གྲྭ་ཆེན་མོ་དེར་ལོ་ངོ་བཞིའི་རིང་དཔལ་འབྱོར་སྐོར་གྱི་རིག་གནས་མང་དག་ཅིག་ལ་སྦྱངས་བརྩོན་བྱས་པ་རེད།
                                           གསུམ།
  དེ་རིང་ཁོ་ལེ་དབར་སྟོང་གི་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་ཕ་ཡུལ་དུ་ཡོང་དོན་ནི་གཅིག་ནས་ཁོ་སློབ་ཆེན་ཐོན་ལ་ཉེ་བས་ཆེད་མངགས་ཕ་ཡུལ་དུ་ལོག་ནས་གཟབ་སྦྱོང་བྱེད་པ་དང་སྦྲགས།བོད་ལྗོངས་ཀྱི་གཞུང་ཞབས་པའི་ཡིག་ཚད་གཏོང་ལ་ཉེ་བས་གཞུང་ཞབས་པའི་ཡིག་ཚད་སྐོར་སློབ་སྦྱོང་བྱེད་དུ་ཡོང་བ་རེད་ལ། གཉིས་ནས་ཁོ་ གཞུང་ཞབས་པའི་ཡིག་ཚད་བཏང་རྗེས་བོད་ཀྱི་ས་ཆ་གང་འདྲ་ཞིག་ཏུ་ལས་ཀ་བྱེད་པར་འགྲོ་དགོས་མིན་དང་། བྱ་བ་ ཅི་ཞིག་དོན་གཉེར་བྱ་རྒྱུའི་ཐད་ཡང་བསྐྱར་ཕ་མ་གཉིས་ནས་གཙོས་པའི་ཁྱིམ་མི་རྣམས་ལ་བཀའ་འདྲི་ཞུ་བར་ཡོང་བ་རེད། ཁོས་དང་ཐོག་གཞིས་རྩེའི་མཐོ་འབྲིང་སློབ་གྲྭ་ཞིག་ཏུ་བོད་ཡིག་དགེ་རྒན་སྐོར་གཟབ་སྦྱོང་བྱེད་པར་ཕྱིན་པ་རེད། ཁོས་གཅིག་ནས་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཐར་ཐོར་ལས་མི་ཤེས་ལ། གཉིས་ནས་ཆོས་ལུགས་དང་རྩོམ་རིག་ནས་ གཙོས་པའི་རིག་གནས་མང་དག་ཅིག་ལ་ཆ་རྒྱུས་མེད་པས། སློབ་ཁྲིད་བྱ་རིང་ཁོས་རྩོམ་རིག་བརྩམས་ཆོས་དེ་མགོ་ནས་ མཇུག་བར་ཐེངས་ཤིག་བཀླགས་ཤིང་།དེ་རྗེས་ཁོས་སློབ་མ་རྣམས་ལ“སློབ་ཕྲུག་ཚོ། སློབ་ཚན་དེའི་ནང་ཀློག་མི་ཤེས་པའི་ཡི་གེ་འདུག་གམ། གལ་ཏེ་ཡོད་ན་ང་ལ་སྐད་ཆ་དྲིས་ན་ཆོག”ཟེར་བས། སློབ་ཕྲུག་ཞིག་ཡར་ལངས་ནས“རྒན་ལགས།བརྩམས་ཆོས་དེ་ནི་གནའ་རབས་རྩོམ་ཡིག་མ་རེད། བྱས་ཙང་ང་ཚོས་ཀློག་མི་ཤེས་པ་ག་ལ་ཡོད་སྲིད”ཅེས་བཤད། ཡང་སློབ་མ་གཞན་ཞིག་ཡར་ལངས་ནས“རྒན་ལགས། བརྩམས་ཆོས་དེ་རྩོམ་པ་པོ་ཁོང་གིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་འདྲ་ཞིག་གི་འོག་ཏུ་བྲིས་གནང་བ་རེད། བརྩམས་ཆོས་འདི་གོང་གི་བརྩམས་ཆོས་དེ་གཉིས་དང་བསྡུར་ན་དམིགས་བསལ་གྱི་ ཁྱད་ཆོས་གང་ཞིག་ཡོད་པ་རེད”ཅེས་དྲིས།  ཁོས་གདོང་ལ་དགོད་བྲོ་བའི་འཛུམ་ཞིག་བསྟན་ནས“ངས་རྩོམ་པ་པོ་ཁོང་ལ་རྒྱུས་མངའ་དེ་ཙམ་ཆེན་པོ་མེད། བྱས་ཙང་ཁོང་གི་བརྩམས་ཆོས་དེ་ལོ་རྒྱུས་རྒྱབ་ལྗོངས་གང་འདྲ་ཞིག་གི་འོག་བྲིས་ གནང་བ་ངས་ཀྱང་ག་པར་ཤེས་ཀྱི་རེད། རྗེས་སུ་དགོད་བྲོ་བའི་དྲི་བ་དེ་འདྲ་འདྲི་མི་ཆོག”ཅེས་ལན་བཏབ།
གཟབ་སྦྱོང་མཇུག་བསྒྲིལ་རྗེས་ཁོ་ཕྱིར་ཕ་ཡུལ་དུ་འབྱོར་བྱུང་། ཁོ་ཁྱིམ་གྱི་སྒོ་འཛུལ་མ་ཐག་ནང་ལོག་ནས་སྐད་ སྒྲ་བར་མི་ཆད་པ་ཞིག་རྣ་བར་གྲགས་བཞིན་ཡོད། ཁོས་གནས་ཚུལ་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་མྱུར་མོར་ གམ་དུ་ཕྱིན་པ་ན། ཁོའི་ཁྱིམ་མི་ཚོ་བུ་ལས་ཀ་གང་ལ་འགྲོ་མིན་དང་ས་ཆ་གང་ལ་འགྲོ་དགོས་མིན་སོགས་ཀྱི་ཐད་ལ་ རྩོད་པ་བྱེད་བཞིན་ཡོད་པ་རེད། པྰ་ཕས་བུའི་ལག་ནས་འཇུས་ཏེ“བུ། བུ་རང་གཞུང་ཞབས་པའི་ཡིག་ཚད་དེ་ནག་ཆུར་ཐོ་བཀོད་ཨཱ། ནག་ཆུ་ནི་འབྲོག་པའི་ལུང་པ་ཡིན་པས། ཤ་མར་མཐུད་གསུམ་འབེལ་པོ་ཡོད་པ་རེད། ”ཟེར་བ་དང་། ཁོའི་ཨ་མས། “ཨ་མའི་ཨོ་ལོ་རང་གྲོ་མོར་ཐོ་བཀོད་དང་། མི་ཚོས་ཟེར་ན་གྲོ་མོ་ས་ཆ་སྐྱིད་པ་ཡོག་རེད་ཟེར་གིས”ཞེས་བཤད། ཡང་ཁོའི་སྤོ་བོས་ན་རེ།“བུ་རང་ལྷ་སར་ཐོ་བཀོད་དང་།ལྷ་ས་ན་དགོན་སྡེ་མང་བས། རྗེས་སུ་ང་ཚོ་མཆོད་མཇལ་དུ་ཡོང་དུས་བུ་རང་གི་གམ་དུ་བསྡད་ན་ཆོག་པས་སྟབས་བདེ་པོ་ཞིག་ཡོད་པ་མ་རེད་དམ”ཟེར། ཁོའི་རྨོ་བོས“……” གཅིག་གིས་ཟེར་ན།ནག་ཆུ་གནམ་གཤིས་གྲང་ངར་ཆེ་བས་བུ་རང་གོམས་ཀྱི་མ་རེད་ཟེར་བ་དང་། ཡང་གཅིག་གིས་ཟེར་ན། གྲོ་མོ་ས་ཐག་རིང་བས་འགྲོ་མི་དགོས་ཟེར་བ་སོགས་ཁོ་ཚོའི་སྐད་སྒྲ་བར་མཚམས་མེད་པར་རྒྱང་རིང་གི་སྒེའུ་ཁུང་ ལས་བྲག་ཅ་བཞིན་མཆེད་འོང་བས། མཚན་གུང་གི་རྩྭ་ཐང་ཡངས་མོ་བདེ་བའི་གཉིད་ལ་གཞོལ་བའི་གོ་སྐབས་གཏན་ ནས་མེད་ཅིང་། མཁའ་དབྱིངས་ན་དལ་བུར་རྒྱུ་བའི་སྐར་ཚོམ་དབུས་ཀྱི་རྒྱུ་སྐར་རྒྱལ་པོ་དེའི་ལྷིང་འཇགས་ཀྱི་འཇིག་ རྟེན་ཡང་དཀྲོགས་སོང་།                                                        
                                         བཞི།
  གྲང་རླུང་ཞིག་འུར་འུར་དུ་ལྡང་བྱུང་། རླུང་བུ་དེས་དབྱར་མཇུག་གི་སྡོང་ལོ་ཤག་ཤག་ཏུ་གཡོས་ཤིང་། མིག་མདུན་ གྱི་ཡོད་དོ་ཅོག་རྡུལ་འཚུབ་མེར་གཉིད་ལས་བསླངས་སོང་། རྒྱང་རིང་གི་རི་གྲོང་ནས་འཕྱུར་འོང་བའི་སྔོ་ལྷོག་ལྷོག་གི་ དུ་བ་དེ་རླུང་གི་གོམས་འགྲོས་དང་བསྟུན་ནས་གང་སར་མཆེད་ཅིང་། མཐར་བར་སྣང་གི་དབྱིངས་སུ་མི་མངོན་པར་ གྱུར། རྟ་མགྲིན་སྐྱབས་གཞུང་ཞབས་པའི་ཡིག་ཚད་ཐེངས་དང་པོ་དེ་མ་ལོན་ནའང་། ཡིག་ཚད་ཐེངས་གཉིས་པ་དེ་ རྒྱུགས་འཕྲོད་ཙམ་བྱུང་བས། མཐར་ཨ་མའི་བཀའ་བཞིན་མཐོ་འབྲིང་ག་གེ་མོར་དགེ་རྒན་གྱི་བྱ་བ་གཉེར་རྒྱུར་གོམས་ཁ་བསྒྱུར་སོང་།
  དགེ་རྒན་གྱི་བྱ་བར་རྒྱུས་མངའ་ཆུང་ཞིང་ཉམས་མྱོང་ཞན་པའི་ཁོ་ལ་མཚོན་ན། ཁོས་གང་འདྲ་བྱས་ནས་སློབ་ མ་རྣམས་ལ་སློབ་ཁྲིད་བཟང་པོ་ཞིག་བྱ་ཐུབ་མིན་སྐོར་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་བཞིན་ཉིན་གང་པོའི་དུས་ཚོད་ཇི་ལྟར་ཕར་ལ་འདས་པའང་མ་ཚོར། མཐར་ཁོས་བྱ་གཞག་བརྗེ་སྤོར་བྱ་སྙམ་ནས་ཐབས་ཤེས་ཅི་ཡོད་བཏོན་ ཀྱང་།  ཁོའི་རེ་བ་མཐའ་དག་འདོད་ཐོག་ཏུ་མ་སྨིན་པར་སྟོང་བསམ་འབའ་ཞིག་ཏུ་གྱུར་བས།  ཁོས་ད་གཟོད་དབུགས་
རིང་ཞིག་བྱིན་ཞོར།   བོད་ཡིག་གི་དཔེ་ཆ་དེ་མཆན་འོག་ཏུ་བཅུག་ནས་ཤར་རེར་སློབ་ཁང་དུ་སློབ་ཁྲིད་བྱེད་པར་སོང་།
                                          ལྔ་།
  “ཏིང   ཏིང”   སློབ་ཚན་གྲོལ་བའི་དྲིལ་བརྡ་བཏང་སོང་། སློབ་མ་ཚོས་རང་རང་གི་རྐུབ་སྟེགས་ལག་ཏུ་འཁྱེར་ནས་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་འོག་ཏུ་ཚོགས་འདུ་ཉན་བཞིན་འདུག སློབ་གྲྭའི་སློབ་སྤྱིས་སྔོན་ལ་ཚོགས་ འདུའི་ནང་དོན་ངོ་སྤྲོད་མདོར་བསྡུས་ཤིག་བྱས་པ་དང་སྦྲགས། སྔོན་ཐོན་གྱི་དགེ་རྒན་འགའ་ཤས་མདུན་དུ་བོས་ནས་ གཟེངས་བསྟོད་དཔང་ཡིག་དང་བྱ་དགའི་སྒོར་མོ་སྟོང་ཕྲག་གསུམ་རེ་སྦྱིན་ནས་བསྟོད་པ་བྱས་སོང་། དེ་རྗེས་རྟ་མགྲིན་ སྐྱབས་ནས་གཙོས་པའི་དགེ་རྒན་འགའ་ཤས་ཀྱི་མིང་ནས་བོས་ཏེ་སྐྱོན་བརྗོད་ནན་མོ་བྱས་ཤིང་། གལ་ཏེ་སློབ་ཁྲིད་ཀྱི་ ཆུ་ཚད་སྔར་རྒྱུན་བཞིན་མཐོར་འདེགས་སུ་མ་གཏང་ཚེ་ཤང་ཁག་ཏུ་སློབ་ཆུང་གི་དགེ་རྒན་བྱེད་པར་འགྲོ་དགོས་ཚུལ་ བཤད།  སློབ་སྤྱིའི་གཏམ་དེས་རྟ་མགྲིན་སྐྱབས་ཀྱི་སྙིང་ལ་སྔོན་ཆད་འབྱུང་མྱོང་མེད་པའི་ན་ཟུག་ཁྱད་མཚར་ཞིག་སྦྱིན་ནས། ཁོ་ཡུད་ཙམ་ཞིག་རིང་ལས་དབང་གི་མདའ་མོ་འཕོགས་པའི་བྱེའུ་རྨས་མ་ཞིག་དང་འདྲ་བར་ཀྲོང་ངེར་ལུས།
  དུས་ཚོད་ནི་སློབ་གྲྭའི་རྒྱབ་ཏུ་བཞུར་བའི་ཤངས་ཆུ་གཙང་པོ་ཇི་བཞིན་བར་མེད་མདུན་དུ་སྐྱོད་བཞིན་འདུག སློབ་མ་ཚོའི་བཤད་རྒྱུན་ལྟར་ན། རྟ་མགྲིན་སྐྱབས་མི་རིང་བར་སློབ་གྲྭ་དེ་ནས་ཁ་བྲལ་ཏེ་ཚོང་ལས་ཀྱི་བྱ་བ་གཉེར་གྱི་ཡོད་ཚུལ་བརྗོད་ཀྱིན་འདུག  འོན་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ།    ཁོ་སློབ་གྲྭ་ཆེན་མོའི་ནང་སྦྱངས་བརྩོན་བྱས་པ་
དག་ནི་དཔལ་འབྱོར་སྐོར་གྱི་གཞུང་ལུགས་ཤེས་བྱ་འབའ་ཞིག་དང་ཐ་སྙད་སྐམ་པོ་འགའ་ཞིག་ཡིན་རྐྱེན།  ཁོར་ཚོང་ལས་ལ་འཇུག་པའི་ཉམས་མྱོང་མེད་པའི་ཁར། གཞུང་ལུགས་ཤེས་བྱ་དག་ལག་ལེན་གྱི་ཐོག་ཏུ་བཀོལ་སྤྱོད་གནད་དུ་ འཁེལ་བ་ཞིག་བྱ་མི་ཤེས་པའི་དབང་གིས་ཁོའི་ཚོང་གི་མ་རྩ་བརྡིབས་ནས་གྱོང་གུན་འབའ་ཞིག་བྱུང་བ་རེད་ཅེས་ཁོའི་གྲོགས་པོ་དག་གི་ཁ་ན་གླེང་བཞིན་འདུག   གཟིགས་དང་། འཇོར་དང་ལྕགས་ཁེམ་དཔུང་ལ་འཕྱར་ནས་ཞིང་ནང་དུ་ལོ་ཏོག་འཐུ་བཞིན་པར་འགྲོ་བའི་ཕོ་གསར་དེ་རྟ་མགྲིན་སྐྱབས་མ་ཡིན་ནམ།  “མི་བསོད་ནམས་མེད་པ་དེ”“མི་རང་ཚུགས་མེད་པ་དེ” “མི་ཕྱི་རྫིག་ནང་སྟོང་དེ”“ཨ་ཙི། ངོ་མ་སྙིང་མ་རྗེ།”མི་འགའ་རེས་གདུང་སེམས་མཉམ་སྐྱེས་ཚུལ་གྱིས་དེ་ལྟར་བཤད། ཡང་མི་ལ་ལས་ཁྲེལ་དགོད་ཀྱི་ཚུལ་དུ། “ཧི་ཧི།    དེང་སང་ཞིང་པ་བྱེད་པར་ཡང་སློབ་གྲྭ་ཆེན་མོའི་ཆུ་ཚད་དགོས་ཀྱི་འདུག་ག”ཟེར། ཡང་ལ་ལས།“རྟ་མགྲིན་སྐྱབས། སློབ་ཆེན་སློབ་མ་ཞིང་ནང་དུ་ཡོན་ཏན་སྦྱོང་བར་ཡོང་ནས་ཅི་བྱེད། ཕལ་ཆེར་ཞིང་གྲོང་གི་བུ་མོ་མནའ་མར་ལོན་འདོད་པ་མ་རེད་པྰ”ཞེས་ཀུ་རེའི་ཚུལ་གྱིས་བཤད།    གྲོང་མི་དེ་དག་གི་ལབ་གླེང་གྲང་རླུང་ཞིག་དང་འགྲོགས་ནས་ཁོའི་རྣ་ཡི་བུ་གར་ལྡང་བྱུང་། ཁོས་རྣར་གཟན་ཞིང་སྙིང་འཕར་བའི་སྐད་ ཆ་སྐྱུར་མོ་དག་གི་ནང་དོན་གསལ་པོར་རྟོགས་ཀྱང་རྣ་ལ་མ་གོ་ཚུལ་བྱས་ཤིང་།   སྔན་པ་ཞིག་འཐེན་ཞོར།   དཔྲལ་བ་ནས་བཞུར་བའི་རྔུལ་ཆུའི་ཕྲེང་རྡོག་ཕྱིས་ཙམ་བྱས་ཏེ། མུ་མཐུད་ཞིང་ནང་གི་རྩྭ་ངན་འགོག་པའི་ལས་ལ་བྲེལ་བཞིན་མཆིས་སོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་དོག་ཤོར་བའི་ལང་ཚོ།

2012-04-04 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།