སྐྱེས་སྐར་ལེགས་སྐྱེས།

  ཚེ་དབང་ལ་སློབ་ཆེན་གྱི་སྐབས་སུ་དགའ་རོགས་ཤིག་ཡོད་པ་དེའི་མིང་ལ་མཚོ་མོ་ཟེར།ཉིན་ཞིག་གི་དགོང་མོར་ཚེ་དབང་གིས་མོས་བྱིན་པའི་དྲན་སྐུལ་གྱི་འདྲ་པར་དེར་ཅེར་བཞིན་སང་ཉིན་གྱི་མོའི་སྐྱེས་སྐར་ལ་ཅི་ཞིག་ཉོ་བར་མནོ་བསམ་ཞིབ་མོ་བཏང་།
  འདྲ་པར་གྱི་ངོས་སུ་ཕོ་གཞོན་མོ་གཞོན་གཉིས་ཁང་བ་ཞིག་གི་ཕྱོགས་སུ་འགྲོ་བཞིན་པ་དང་མོ་གཅིག་གི་སྡོང་བོ་ཞིག་གི་རྩར་སྐྱོ་སྣང་གིས་ཙོག་འདུག
  ཚེ་དབང་གིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།གཞི་ནས་འདྲ་སྐུལ་དེའི་མཐིལ་རྟོགས་བྱུང་།བཀྲ་ཤིས་པའི་སྐྱེས་སྐར་གྱི་མཚན་མོ་དེར་ཁོ་གཉིས་ལྷིང་འཇགས་ཀྱི་གཙང་འགྲམ་ཞིག་ནས་དུས་ཆད་བྱས།ཚེ་དབང་གིས་བརྩེ་སེམས་ལྡན་པའི་ངང་“མཚོ་མོ།ངས་ཁྱོད་ཀྱི་འདྲ་པར་ལ་ཞིབ་མོར་བལྟས་ཟིན།དུས་དེ་རིང་ནས་བཟུང་།ངས་ཁྱོད་ལ་ཁེར་རྐྱང་གི་སྡུག་བསྔལ་མྱོང་དུ་མི་འཇུག ང་ནམ་ཡང་ཁྱོད་དང་ཁ་མི་འབྲལ།”བཤད་མཚམས་འདིར་སླེབ་དུས་ཁོ་རང་ཉིད་རང་དབང་མེད་པར་བརྩེ་བས་བཟི་འདུག ཡིན་ནའང་བློས་དཔོགས་དཀའ་བ་ཞིག་ལ་མཚོ་མོ་ངོ་མདངས་འགྱུར་བ་མ་ཟད།“ཁྱོད་ལ་རྩ་མི་ཚང་གི”་ཞེས་བཤད་རྗེས་འཕོངས་ཚོས་གཅི་བཞིན་ཤར་མར་བུད་སོང་།ནམ་རྒྱུན་སྐྱེས་པ་ཚོར་འདོད་སྲེད་སྟེར་བའི་ཁོ་མོའི་འཕོངས་ཚོས་དེས་དེ་རིང་ཚེ་དབང་གི་ཀླད་པར་བཀྲོལ་དཀའ་བའི་དྲི་བ་ཟབ་མོ་ཞིག་བསྐྱུར་སོང་།
  དགོང་མོ་དེར་ཁོས་ཁོ་མོར་མཇུག་མཐའི་ཁ་པར་དེ་བཏང་སོང་།“ཁྱོད་ཀྱི་འདྲ་པར་དེས་དོན་ངོ་མོར་ཅི་ཞིག་བསྟན།ཁྱོས་དེའང་ཤེས་མི་སྲིད་དམ།“ཁྱོད་ཀྱི་མིག་དེས་ང་ལས་དེང་རབས་ཀྱི་འཕྱོར་གོས་མནབས་པའི་སྐྱེས་མ་དེ་དང་ད་དུང་ཁང་བ་དེ་མི་མཐོང་ངམ། རེད་ཡ།ཁྱོད་ཀྱིས་དངོས་གནས་དཔལ་འབྱོར་རིག་པ་སྦྱང་རན་འདུག ཡག་པོར་སྦྱོང་དང་།སྐྱེ་བ་གཞུག་མར་འུ་གཉིས་ལ་ཐུག་འཕྲད་ཡོད་ན་ཐང་།”
  འོ།མ་གཞི་མཚོ་མོར་དགོས་པ་ནི་སློབ་ཆེན་གྱི་སྐབས་སུལང་ཚོའི་འདོད་ཡོན་ཅི་དགར་རོལ་ཆོག་སའི་དུས་བཅད་གླ་ཁང་ཞིག་དང་།ད་དུང་ཀུན་དང་ནང་དགོས་སུ་ཕོ་འགུག་གི་ལྭ་བ་མཛེས་སྡུག་ཉོ་རྒྱུ་དེ་མ་ཡིན་ནམ།
  ཚེ་དབང་གིས་ཁ་པར་མར་བཞག་རྗེས།དགོད་རྒྱུ་ཞིག་གམ་ངུ་རྒྱུ་ཞིག ཡང་ན་ཅི་ཡིན་ཆ་མི་འཚལ་བའི་ཚོར་བ་སྣ་ཚོགས་ཤིག་བྱུང་ཞིང་།ལྷད་མེད་ཀྱི་རང་གི་བརྩེ་སེམས་དང་འགྱུར་བཞིན་པའི་ཁོར་ཡུག་གཉིས་མཐུན་ཐབས་མེད་པ་ཡེ་ནས་རྟོགས།
  གང་ལྟར།ཚེ་དབང་ལ་དྭངས་གཙང་གི་བྱིས་བློ་ཞིག་ཡོད་པའི་རྐྱེནདང།ཡང་ན་མཚོ་མོ་རྒྱུ་ནོར་དང་འདོད་སྲེད་ཀྱིས་ཁ་ལོ་བསྒྱུར་བ་གང་ཞིག་ཡིན་པ་ཁ་ཚོན་གཅོད་མི་དགོས་མོད།
  དུས་རབས་ཀྱི་འགྱུར་བག་ཁྲོད་ནས།ང་ཚོ་ནམ་ཡང་བློ་ཐུང་གིས་རང་ཕྱོགས་སུ་ཆས་ཀྱིན་པ་གསལ་བོརེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེས་སྐར་ལེགས་སྐྱེས།

2012-03-31 བཀྲ་ཤིས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།