ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༦

                                         བཅུ་དྲུག།
  ཚེ་སྐྱིད་ཀྱིས་གླ་གཏོང་རླངས་འཁོར་གླས་ནས་དགོན་པའི་ནང་དུ་སླེབས་དུས་ད་དུང་ཉིན་གུང་ལ་སླེབས་མི་འདུག
  ཁོ་མོས་དངོས་པོ་དག་ལག་པ་ཡ་གཅིག་ཏུ་ཁྱེར་ཅིང་ཡ་གཅིག་གིས་ཀླུ་མོ་སྒྲོལ་མ་ཁྲིད་དེ་གོམས་སྲོལ་ལྟར་ཐད་ཀར་ཨ་ལགས་འཇིགས་རྒྱམ་ཚང་གི་ཤག་ཏུ་ཕྱིན། སྐབས་འདིར་དགེ་འདུན་རྒྱ་མཚོ་ནི་དགེ་རྒན་གྱི་ཤག་ཏུ་དཔེ་ཆར་ལྟ་བཞིན་ཡོད་པས་ཤག་ཏུ་ཨ་ལགས་ཚང་གཅིག་པུ་བཞུགས་འདུག
  ཨ་ལགས་ཀྱིས་ཚེ་སྐྱིད་མ་བུ་གཉིས་ཀ་ཐོན་པ་མཐོང་འཕྲལ་ཧ་ཅང་དགའ་བའི་ངང་། “དགེ་རྒྱམ་ལ་ལྟ་རུ་ཡོང་བ་ཡིན་ནམ། ཡ་བཟང་གི་བཟང་གི ཡུལ་ནས་ཚང་མ་བདེ་མོ་ཡིན་ནམ། ”ཞེས་འཚམས་འདྲི་བྱས་བྱུང་།
  ཚེ་སྐྱིད་ཀྱིས་ཨ་ལགས་ཀྱིས་དེ་སྔོན་ནས་ཁོ་མོར་དགེ་རྒྱམ་ལ་ལྟ་རུ་ཡོང་མི་དགོས་ཞེས་བཤད་ཡོད་པ་དྲན་ནས་ཅུང་དོགས་མི་བདེ་བར་གྱུར་ཅིང་འཚམས་འདྲིར་ལན་སྟེར་རྒྱུའང་མ་བྱུང་བར། མྱུར་མོར་ལག་ནང་དུ་ཁྱེར་ཡོད་པའི་ཤིང་ཏོག་དག་ཨ་ལགས་ཀྱི་མདུན་དུ་བཞག་རྗེས། “དེ་རིང་ང་གཞིས་མོ་ཞིག་འདེབས་པར་ཡོང་བ་ཡིན་”ཞེས་ཞུས།
  “དེ་རིང་ང་ལ་ཀ་རའང་མེད་”ཨ་ལགས་ཀྱིས་ཁོ་མོས་ཁྱེར་ཡོང་བའི་སིལ་ཏོག་ཅིག་བླངས་ཏེ་ཐུགས་བརྩེ་བའི་ངང་ཀླུ་མོ་སྒྲོལ་མར་བྱིན་རྗེས་ཚེ་སྐྱིད་ལ་ཞིབ་ལྟ་བྱེད་བཞིན།      
  “ཅི་རེད། ཁྱོད་ཀྱི་ཁ་ངོ་མདངས་མི་ལེགས་པས་ན་བ་འདྲ་བྱུང་བ་མ་རེད་དམ། ”ཞེས་དྲིས་བྱུང་།
  “ལགས། མ་རེད། ”ཨ་ལགས་ཀྱིས་མུ་མཐུད་དུ་“འོ་ན་ཁྱོད་གཉིས་ཀས་བཟའ་འཁོན་བྱས་པ་ཡིན་ནམ་”ཟེར།
  ཚེ་སྐྱིད་ཀྱིས་དེ་འཕྲལ་བཟོད་མ་ཐུབ་པར་ངུ་བཞིན་དུ་དོན་གྲུབ་ཀྱིས་དེ་སྔ་བུ་ཞིག་ཨེ་བཙའ་ལ་ཅི་འདྲའི་རེ་བ་བྱས་ཚུལ་དང་། དེ་རྗེས་བུ་མོ་གཉིས་ལས་བུ་མ་བཙས་ཚུལ། དེ་ནས་བཟུང་ཁོ་རང་མི་གཞན་ཞིག་ཏུ་འགྱུར་བ་ལྟར་ཁ་གྲགས་རྒྱུར་མི་དགའ་བར་གྱུར་ཚུལ། ད་ལྟ་ཕྱི་རོལ་ཏུ་ཉུལ་ནས་སྡོད་པ་ལས་ཁྱིམ་ནང་ཡོང་འདོད་ཀྱང་མི་འདུག་ཚུལ་སོགས་ཨ་ལགས་ཀྱི་སྙན་དུ་ཕུལ་ནས། “ཁྱེད་ཀྱིས་ཅིས་ཀྱང་ལུང་བསྟན་ཞིག་གནང་དགོས་འདུག་”ཅེས་ཞུས།
  ཨ་ལགས་ཀྱིས་ཁོ་མོའི་སྐད་ཆ་དེ་དག་ཐོས་འཕྲལ་བཞད་མོ་ཞིག་མཛད་དེ། “བུ་བུ་མོ་གང་སྐྱེས་ཀྱང་གཅིག་པ་མ་རེད་དམ། གཙོ་བོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དཀའ་བ་རེད། མི་ལུས་རིན་པོ་ཆེར་བཟང་ངན་གྱི་དབྱེ་བ་དགར་མི་རུང་བ་རེད། ཡ་ཡ་ཡ། ངས་ཁྱོད་ཀྱི་རེ་བ་ལྟར་མོ་ཞིག་བཏབ་ཆོག་”གསུངས་ནས་སྤྱན་ཟུང་ཟུམ་ནས་ཕྱག་ཕྲེང་ལ་ཕུ་འགའ་བཏབ་རྗེས་ལག་པའི་ནང་ནས་ཕུར་ཕུར་བྱེད་བཞིན་སྔགས་ཟློ་མགོ་བརྩམས་བྱུང་།
  ཚེ་སྐྱིད་ཀྱིས་ཀྱང་ངུ་མཚམས་བཞག་སྟེ་ཨ་ལགས་ལ་བལྟས་ཏེ་ལུང་བསྟན་ཅི་ཞིག་གནང་འོང་ལ་སེམས་ཁྲལ་བྱས།
  མཇུག་མཐར་ཨ་ལགས་ཀྱིས་སྤྱན་ཟུང་ཕྱེ་སྟེ་ལག་ནང་གི་ཕྲེང་རྡོག་རེ་རེ་བརྩི་ཙམ་བྱས་རྗེས་ཁོ་མོར་བལྟས་ནས། “སྐྱོན་མི་འདུག་སྐྱོན་མི་འདུག  རྒྱུན་དུ་མརཙྱེ་རེ་ཁ་བཏོན་བྱོས་དང་སྐྱོན་མི་འདུག  ཚེགས་ཆུང་ངུ་ཞིག་འདུག་ཀྱང་དེ་ལོས་ཡོད། ང་ཚོ་དགོན་པའི་གྲྭ་བའི་ནང་དུའང་ལན་རེར་མི་འཆམ་རྒྱུ་འདུག་པས་ཁྱོད་ཚོ་ཁྱིམ་པ་བ་ལ་ལོས་ཡོད་”ཅེས་གསུངས་ནས་བཞད་བྱུང་།
  “ལགས་སོ། ལགས་སོ། ”
  ཚེ་སྐྱིད་ཀྱིས་ཨ་ལགས་ཚང་གིས་སྐྱོན་མི་འདུག་གསུངས་པ་ཐོས་ནས་ཧ་ཅང་དགའ་བར་གྱུར་མོད། ཡང་ཚེགས་ཆུང་ངུ་ཞིག་འདུག་ཅེས་པའི་ནང་དོན་ཅི་ཡིན་མ་གོ་བས་ཅུང་ཐེ་ཚོམ་དུ་གྱུར་ཡང་ཡང་བསྐྱར་ཨ་ལགས་ལ་འདྲི་མ་ཕོད།
  དེ་མུར་ཨ་ལགས་ཀྱིས་དགེ་འདུན་རྒྱ་མཚོའི་སྐོར་ཁོ་མོར་ཁ་བརྡ་བྱས་བྱུང་། “ད་ནི་དགེ་རྒྱམ་ལ་ཁྱོད་ཀྱིས་སེམས་ཁྲལ་བྱེད་དགོས་ཅི་ཡང་མི་འདུག ནམ་རྒྱུན་ཡི་གེ་ཁོ་ནར་ཧུར་བརྩོན་བྱས་ཏེ་ལན་རེར་གུང་ཚིགས་འཐུང་དུ་ཡོང་རྒྱུའང་བརྗེད་འགྲོ་བར་འདུག གྲྭ་བ་བསམ་གྱིས་མི་ཁྱབ་པ་ཞིག་འཁྲུངས་ཐག་ཆོད་རེད། ད་ལྟ་ཁོའི་དགེ་རྒན་བློ་བཟང་ཆོས་འཕེལ་གྱིས་ཀྱང་ཁོ་རང་ཡ་མཚན་པོ་འདུག་ཅེས་དགའ་གྱིན་འདུག འདི་ནི་ངས་ཁྱོད་མཐོང་ནས་ངོ་བསྟོད་བྱས་པ་མིན། ཁོ་རང་ཆུ་ནང་དུ་ལྷུང་བ་ནས་བཟུང་ངོ་མ་ཡ་མཚར་ཞིག་ཏུ་གྱུར་ཐལ། ངོ་མ་ཡ་མཚན་རེད་”གསུངས་ནས་སླར་ཡང་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་བསྡད་བྱུང་།
  ཚེ་སྐྱིད་ཀྱིས་ཀྱང་འདི་ནི་དཀོན་མཆོག་གསུམ་གྱི་བྱིན་རླབས་ཡིན་རྒྱུ་རེད་སྙམ་ནས་སེམས་གཏིང་ནས་དད་པ་བྱེད་བཞིན་སྡོད་པ་ལས་སྐད་ཆ་ཅི་ཞིག་བཤད་དགོས་པའང་མ་ཤེས།
  ཕལ་ཆེར་གུང་ཚིགས་ཀྱི་དུས་ལ་སླེབས་ལ་ཉེ་བའི་དུས་སུ་བློ་བཟང་ཆོས་འཕེལ་དང་དགེ་འདུན་རྒྱ་མཚོ་གཉིས་ཀས་ཀྱང་དཔེ་ཆར་ལྟ་མཚམས་བཞག་སྟེ་ཨ་ལགས་ཀྱི་ཤག་ཏུ་ཐོན་བྱུང་།
  དགེ་འདུན་རྒྱ་མཚོའི་རིག་པ་ཇེ་གསལ་དུ་གྱུར་བ་ནས་བཟུང་བླ་གྲྭ་ཚང་མས་ཁོ་རང་ལ་བཟུང་བའི་རྣམ་འགྱུར་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་འདུག དེ་སྔོན་དགེ་འདུན་རྒྱ་མཚོ་ཆུ་ནང་དུ་ལྕེབས་པའི་དུས་དེར། ཨ་ལགས་ཚང་ཡང་ཐུགས་ཧ་ཅང་ཁྲོས་པར་གྱུར་ཏེ་དགེ་འདུན་རྒྱ་མཚོའི་དགེ་རྒན་ཏེ། ནམ་རྒྱུན་ཁོང་ཚང་ཐུགས་རྩིས་ཧ་ཅང་ཆེ་བའི་བློ་བཟང་ཆོས་འཕེལ་ལ་ཡང་བཀའ་བཀྱོན་རབ་དང་རིམ་པ་གནང་བ་རེད། སྐབས་དེར་བློ་བཟང་ཆོས་འཕེལ་ལ་ཡང་མ་ཉེས་ཁ་གཡོག་ཐེབས་པའི་ཚུལ་དུ་གྱུར་ཏེ་ཧ་ཅང་འུ་ཐུག་པར་གྱུར་ཡང་དོན་དག་བྱུང་ཟིན་པས་སྡུག་ཡུས་ཅི་ཡང་འདོན་ཐབས་བྲལ་བའི་གནས་སུ་ལྷུང་། ཡིན་ན་ཡང་དེ་རྗེས་དགེ་འདུན་རྒྱ་མཚོ་ལ་གློག་བརྙན་ཁྲོད་ཀྱི་སྤྲུལ་བསྒྱུར་བྱེད་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དེས་ཁོ་རང་དངོས་གནས་ཧ་ལས་སུ་བཅུག་སོང་། གང་ལྟར་ད་ལྟ་དགེ་འདུན་རྒྱ་མཚོའི་མིང་ལ་“གྲུབ་ཐོབ་ཚང་”ཟེར་བ་ནི་གྲྭ་བ་ཆུང་ངུ་དག་གིས་ཁོ་རང་ཆུ་ནང་དུ་ལྕེབས་ཀྱང་མ་ཤི་བ་དེ་ཀུ་རེ་དང་ཟུར་ཟ་ཡི་ལམ་ནས་བརྗོད་པ་རེད་མོད་ཀྱང་། དོན་དངོས་ནས་ཀྱང་ཁོ་རང་ནི་མི་གཞན་དག་དང་བསྡུར་ན་ཧ་ཅང་བློ་ངོར་ཤོང་དཀའ་བའི་གསང་བ་ཞིག་ཡིན་པ་དང་། ཁོའི་སྟེང་ནས་མི་སུས་ཀྱང་ཡིད་ཆེས་མི་ནུས་པའི་ངོ་མཚར་གྱི་དོན་དག་བྱུང་བ་རེད་པས། བློ་བཟང་ཆོས་འཕེལ་གྱིས་ཀྱང་ཁོ་ནི་ཕལ་ཆེར་མི་དཀྱུས་མ་ཞིག་མིན་པ་འདྲ་སྙམ་ནས་ཁོ་རང་མུ་མཐུད་དུ་དགེ་འདུན་རྒྱ་མཚོའི་དགེ་རྒན་བྱེད་ཆོག་ཅེས་འགན་ཁས་ལེན་བྱས་པ་རེད།
ད་ལྟ་དགེ་འདུན་རྒྱ་མཚོས་ཁ་བཏོན་བློར་བཟུང་ན་དེ་སྔོན་ལས་ལྡོག་སྟེ་གྲྭ་བ་ཕལ་བ་ལས་ཀྱང་རབ་ཏུ་འགོངས་འདུག་པས། བློ་བཟང་ཆོས་འཕེལ་གྱི་ཡིད་ཆེས་སྔར་བས་ཀྱང་རྒྱས་ཏེ་ཐ་ན་རང་ཉིད་ཀྱིས་དཔེ་ཆར་བལྟ་རྒྱུ་དང་ཁ་བཏོན་དགེ་སྦྱོར་གྱི་བྱ་བ་ཡོད་ཚད་ཀྱང་ཕལ་བར་བཞག་ཅིང་། དགེ་འདུན་རྒྱ་མཚོར་དཔེ་ཁྲིད་བྱེད་པའི་ཕྱོགས་ལ་འབད་འབད་དུང་དུང་བྱེད་པས། ཕལ་ཆེར་ཁོ་རང་དགོན་པ་འདིའི་ནང་དུ་རབ་བྱུང་བསྒྲུབས་དོན་ཡང་དགེ་འདུན་རྒྱ་མཚོར་སློབ་ཁྲིད་བྱེད་རྒྱུ་ཁོ་ནའི་ཆེད་ཡིན་པ་ལྟ་བུའི་ཚད་དུ་སླེབས་འདུག དགེ་འདུན་རྒྱ་མཚོས་ཀྱང་དེ་སྔ་དགེ་རྒན་གྱིས་ཁོའི་ཆེད་དུ་ཇི་ལྟར་ཧུར་ཐག་འབད་ཐག་བྱས་པའི་ངལ་དུབ་དང་། རང་ཉིད་ལ་འབྲས་བུ་ཅི་ཡང་འབྲས་བུ་ཅི་ཡང་མ་ཐོབ་པའི་དུས་ཀྱི་ཁོའི་འུ་ཐུག་ཡི་ཆད་ཀྱི་རྣམ་འགྱུར་སོགས་ནི་རང་གི་མི་ཚེ་གང་བོར་ཡང་སེམས་ནས་བརྗེད་མི་ནུས་པའི་དོན་དག་ཡིན་པས། དགེ་རྒན་ལ་སྔར་ལས་ཀྱང་ལྷག་པའི་དུང་བ་ཟབ་མོ་ཞིག་ཆགས་པར་གྱུར་ཅིང་ལུས་ངག་ཡིད་གསུམ་གྱིས་གུས་བ་དང་བཀུར་བསྟི་བླ་ལྷག་ཏུ་བྱེད་ཀྱིན་ཡོད་པའི་ཁར། དགེ་རྒན་གར་འགྲོ་གར་འདུག་གི་སར་ཁོ་རང་ཆེད་དུ་སོང་ནས་ཞབས་ཏོག་བསྒྲུབས་ཀྱིན་ཡོད།
  དགེ་འདུན་རྒྱ་མཚོ་ཨ་ལགས་ཀྱི་ཤག་ཏུ་ཐོན་མ་ཐག་ཨ་མ་དང་ཀླུ་མོ་སྒྲོལ་མ་གཉིས་ཀ་ཡང་དེར་འདུག་པ་མཐོང་ནས་ཧ་ཅང་དགའ་བར་གྱུར་སོང་། ཁོ་རང་བརྒྱུགས་ཡོང་ནས་ཀླུ་མོ་སྒྲོལ་མ་པང་དུ་བཟུང་སྟེ་འོ་ཞིག་བྱས་རྗེས་ཨ་མ་ཚེ་སྐྱིད་ལ་བལྟས་ཏེ། “ཁྱོད་གཉིས་ཀ་ཅིའི་ཕྱིར་ཡོང་བ་ཡིན་”ཞེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་ཅི་ཞིག་བཤད་དགོས་པའང་མ་ཤེས་པར། “ངེད་གཉིས་ཀ་ཁོམ་བྱུང་བས། གང་བྱུང་དུ་ཡོང་བ་ཡིན་”ཞེས་རྫུན་གཏམ་དགོས་བྱུང་།
བློ་བཟང་ཆོས་འཕེལ་གྱིས་ཁོ་ཚོར་གུང་ཚིགས་ལས་གྲབས་བྱེད་ཀྱིན་འདུག་པས། ཚེ་སྐྱིད་ཀྱིས་ཀྱང་རང་ཉིད་ཕྱིར་འགྲོ་རན་པ་རྟོགས་ནས་ཁྱེར་ཡོང་བའི་བྲོ་ཟས་དག་དེ་གར་བཞག་རྗེས་ཨ་ལགས་ལ་གྱེས་ཕྱག་ཕུལ།
  དགེ་འདུན་རྒྱ་མཚོས་སྔར་བཞིན་ཀླུ་མོ་སྒྲོལ་མ་པང་དུ་བཟུང་ནས་ཕྱི་རོལ་བར་དུ་ཁོང་གཉིས་ཀར་སྐྱེལ་མ་བྱས། ཁོ་ཚོ་སྲང་ལམ་ནང་དུ་ཐོན་པ་ནས་བཟུང་ཚེ་སྐྱིད་ཀྱིས་སྔ་གཞུག་ཀུན་ཏུ་དགེ་འདུན་རྒྱ་མཚོའི་མགོ་མཇུག་ཀུན་ཏུ་ཞིབ་ལྟ་བྱེད་བཞིན་དུ། “ཁྱོད་ཀྱི་ཤ་རིད་པོར་གྱུར་འདུག་པས་ལུས་པོ་ན་བ་མ་རེད་དམ། རང་ཉིད་ཀྱི་ལུས་བདག་དོམ་བཟང་བོ་བྱེད་དགོས་”ཞེས་བཤད།
  དགེ་འདུན་རྒྱ་མཚོ་དགོད་བཞིན་དུ། “འདི་གར་འཚོ་བ་ཧ་ཅང་བཟང་བས་ལུས་པོ་རིད་པོར་འགྱུར་ག་ལ་སྲིད། ཁྱོད་ཀྱིས་སེམས་ཁྲལ་བྱས་པའི་རྐྱེན་གྱིས་དེ་ལྟར་སྙམ་པ་ཡིན་ངེས་རེད་”ཟེར།
  ཚེ་སྐྱིད་ཀྱིས་མུ་མཐུད་དུ་ཁོའི་རྣམ་འགྱུར་ལ་རྟོག་བཞིན། “ད་ལྟ་ཅི་འདྲ་རེད། དགོན་པར་ལོབས་ཀྱིན་ཨེ་འདུགདགོན་པ་ནས་བསྡད་ན་སུན་གྱིན་ཨེ་འདུག”ཅེས་དྲིས།
དགེ་འདུན་རྒྱ་མཚོས་ཀླུ་མོ་སྒྲོལ་མར་ཁ་སློང་ཞོར་དུ། “ག་ལ་སྲིད། གྲྭ་བ་ཞིག་ཡིན་ན་དགོན་པ་ནི་རང་ཁྱིམ་ཡིན་པས་སུན་ན་ག་ལ་འགྲིག ད་དུང་དཔེ་ཆར་བལྟ་དགོས་པས་གཏན་ནས་སུན་གྱིན་མི་འདུག ཧ་ཅང་སྐྱིད་པོ་རེད་”ཅེས་བཤད་བྱུང་།
  ཁོའི་སྐད་ཆ་དེ་ཐོས་པས་ཚེ་སྐྱིད་ཀྱི་སེམས་ལ་ད་ནི་རང་ཉིད་ལ་ཁྱིམ་ཞིག་ཡོད་པ་དང་ང་རང་ཁོའི་ཨ་མ་ཡིན་པའང་བརྗེད་ཀྱིན་མིན་ནམ་སྙམ་ནས་འཚབ་ཆ་ཞིག་ལངས་བཞིན། “གྲྭ་བ་ཡིན་ཡང་རང་ཉིད་ལ་གཉེན་ཚན་ཡོད་པ་རེད་པས། ཁོ་ཚོ་དང་ལྷན་དུ་ཡོད་པ་ལྟ་བུ་ཞིག་ཅི་ལ་ཡིན། རྒྱུན་དུ་རང་ཉིད་ཀྱི་ལུས་པོར་བདག་བྱེད་དགོས། ན་བ་འདྲ་བྱུང་ཚེ་དགོན་པའི་ནང་དུ་སྨན་ཁང་ཡོད་པས་སྨན་པར་སྟོན་ཅིག ད་དུང་ཁོམ་པ་ཡོད་ཚེ་རྫོང་མཁར་དུ་ཤོག་དང་ཆོག་པ་རེད། ད་ནི་ཟླ་ཕྱེད་ཙམ་གྱིས་ལྷ་མོ་སྒྲོལ་མར་ཡང་གནང་བ་སྟེར་བ་རེད་”ཅེས་བཤད།
  དགེ་འདུན་རྒྱ་མཚོས་རྫོང་མཁར་དུ་ཡོང་མི་འདོད་པའི་རྣམ་འགྱུར་བསྟན་བྱུང་། “ཆོས་པ་ཞིག་གིས་ཆོས་མི་འདོན་པར་རྒྱ་སྲང་ཉུལ་ནས་བསྡད་ན་ག་ལ་འགྲིག དེ་ལས་ང་རང་དགོན་པ་ནས་བསྡད་ན་སྐྱིད་པོ་དེ་རེད་”ཟེར།
  ཚེ་སྐྱིད་ཀྱིས་ཁོ་རང་ད་ནས་བཟུང་ཁོ་མོའི་གན་དུ་ཡོང་འདོད་མེད་པ་འདྲ་སྙམ་ནས་ཅི་བྱུང་མེད་པར་མིག་ཆུ་རྡོག་འགའ་འགྲིལ་བར་གྱུར་སོང་། ཁོ་མོས་དེང་ཐོག་དོན་གྲུབ་དང་ཁོང་གཉིས་ཀྱི་དོན་དག་དེ་དགེ་འདུན་རྒྱ་མཚོ་ལ་ཡང་བཤད་བསམས་ཡོད་མོད། འདང་ཞིག་བརྒྱབ་ན་ད་ལྟ་ཁོས་རྩེ་གཅིག་གིས་ཆོས་ལ་འབད་པ་བྱེད་ཀྱིན་ཡོད་པས། དོན་དག་དེ་རིགས་བཤད་ན་ཁོས་ཆོས་སྦྱོང་བར་བར་ཆད་གཏོང་བ་རེད་སྙམ་ནས་ཕྱིར་སེམས་སུ་གནོན་དགོས་བྱུང་།
  ཁོ་ཚོ་སྟར་ལུང་ཆུ་བོའི་ཟམ་ཁར་སླེབས་མཚམས་མདུན་ཕྱོགས་སུ་རྫོང་མཁར་དུ་མི་སྐྱེལ་བའི་གླ་གཏོང་སྦག་སྦག་འཁོར་ལོ་དང་རླངས་འཁོར་དག་གིས་བསྒུགས་འདུག་པས། དེ་གར་ཡུད་ཙམ་ལ་བསྡད་ཅིང་ད་དུང་ཁོ་རང་ལ་བཤད་རྒྱུའི་སྐད་ཆ་ཅི་ཞིག་ཡོད་པར་བསམ་བློ་བཏང་།
  ཁོ་མོ་ཕར་འཁོར་ཏེ་ཟམ་པའི་ལན་ཀན་ལ་ཁེན་ནས་རྐང་འོག་ན་སྡོད་མེད་དུ་བཞུར་གྱིན་པའི་སྟར་ལུང་ཆུ་བོའི་རྦ་རླབས་ལ་ལྟ་བཞིན་དུ་དེ་སྔོན་དགེ་འདུན་རྒྱ་མཚོ་ཆུ་ནང་དུ་ལྡིང་བའི་སྣང་བརྙན་སླར་ཡང་མཐོང་བྱུང་བའི་སྣང་བ་སྐྱེས་བྱུང་། དངོས་གནས་འདི་ནས་ཆུ་ནང་དུ་ལྡིང་བ་ཡིན་ཚེ་ཁོ་ལྟ་བུའི་ལོ་ཆུང་ཞིག་གཏན་ནས་གསོན་ཐབས་མེད་པར་ཆུ་རླབས་ཀྱིས་དེ་མ་ཐག་ཏུ་ཁྱུར་མིད་གཏོང་ངེས་འདུག
  ཁོ་མོ་གློ་བུར་ཁ་ཕྱིར་འཁོར་ཏེ་དགེ་འདུན་རྒྱ་མཚོར་བལྟས་ནས། “དང་ཐོག་ཁྱོད་རང་འདི་ནས་ཆུ་ནང་ལ་ལྡིང་བ་ཡིན་ནམ་”ཞེས་འདྲི་དགོས་བྱུང་།
  དགེ་འདུན་རྒྱ་མཚོས་ལན་མི་འདེབས་པར་མིག་གིས་ཀླུ་མོ་སྒྲོལ་མའི་གདོང་ལ་བལྟས་ནས་བསྡད་བྱུང་བས་ཕལ་ཆེར་ཁོས་སླར་ཡང་དོན་དག་དེ་དག་གླེང་འདོད་མེད་པ་འདྲ།
  ཚེ་སྐྱིད་ཀྱིས་རང་ཉིད་ཀྱི་འདྲི་སྟངས་མ་འགྲིག་པ་རྟོགས་ཏེ། དེ་མུར་སེམས་ལྷོད་དུ་འབབ་ཏུ་བཅུག་ཅིང་ཁོའི་འགྲམ་དུ་ཡོང་ནས་ངག་འཇམ་པོས། “ཨ་མར་དྲང་མོར་ཤོད་དང་། ཁྱོད་རང་ཆུ་ནང་དུ་ལྡིང་དོན་ཅི་ཡིན། གཞན་གྱིས་ཐུབ་ཚོད་བྱས་པ་རེད་དམ་”ཞེས་དྲིས།
  དགེ་འདུན་རྒྱ་མཚོས་སྔར་བཞིན་ཀླུ་མོ་སྒྲོལ་མར་ལྟ་བཞིན་མགོ་བོ་འཕྲེད་དུ་གཡུག་ཙམ་བྱས་ཏེ་“མ་རེད་”ཟེར།
   “འོ་ན་ཨ་མ་དྲན་པ་རེད་དམ། ”
  “མ་རེད། ”
  ཚེ་སྐྱིད་ཅུང་ཡ་མཚར་བར་གྱུར་ཏེ། “འོ་ན་ཁྱོད་དོན་མེད་དུ་ཆུ་ལ་ལྡིང་དོན་ཅི་ཡིན་”ཞེས་འདྲི་དགོས་བྱུང་། ཁོ་མོའི་སེམས་ལ་ཁོ་ལ་བཤད་མི་ཕོད་པའི་དོན་དག་ཅིག་ཡོད་ངེས་ཅན་རེད་སྙམ།
  དགེ་འདུན་རྒྱ་མཚོས་གཞི་ནས་ཁོ་མོར་བལྟས་ཏེ་དགོད་ཙམ་བྱས་རྗེས། “དེ་དུས་ངས་ཡི་གེ་མ་ཤེས་པས་འུ་ཐུག་སོང་བ་རེད་”ཅེས་ཟེར།
  ཚེ་སྐྱིད་ཀྱི་མིག་ཆུ་སླར་ཡང་བཞུར་བྱུང་། མོས་མིག་ཆུ་འབྱིད་ཙམ་བྱས་ནས་སྐྱོ་ཤས་ཆེན་པོས། “ཁྱོད་ངོ་མ་བྱིས་པ་ཡིན་པས་རེད། ཡི་གེ་མི་ཤེས་ཀྱང་ཆུ་ནང་ལ་ལྡིང་བས་ཕན་ཐོགས་ཅི་ཡོད་”ཅེས་བཤད་རྗེས། རང་ཉིད་ཀྱི་སྐད་ཆ་དེར་ཡང་ནོར་འཁྲུལ་ཞིག་བྱུང་སོང་བའི་སྣང་བ་སྐྱེས། སེམས་ལ་ཆུ་ནང་དུ་ལྡིང་བས་འདི་འདྲའི་ཕན་ཐོགས་ཆེན་པོ་བྱུང་སོང་བ་མ་རེད་དམ་སྙམ་ནས་སླར་ཡང་དགོད་ཙམ་བྱས་ཏེ། “གལ་ཏེ་སྟབས་མ་ལེགས་པར་ཆུ་ཡིས་ཁུར་སོང་ན་ཅི་བྱེད་རྒྱུ་”ཞེས་བཤད།
  དགེ་འདུན་རྒྱ་མཚོ་ཧ་ཅང་དགའ་གྱིན་པའི་རྣམ་འགྱུར་གྱིས། “འོན་ཀྱང་ད་ལྟ་ངས་ཡི་གེ་ཤེས་ཀྱིན་འདུག ད་དུང་ཨ་ལགས་ཀྱིས་ཀྱང་ནམ་རྒྱུན་ང་ལ་བསྟོད་པ་བྱེད་ཀྱི་འདུག་”ཟེར།
  ཚེ་སྐྱིད་ལ་ཡང་ད་ནི་ཁ་བརྡ་བྱེད་རྒྱུ་གཞན་མེད་པ་ལྟར་སྣང་བས། ལག་གཡས་པས་ཁོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན། “ཕྱིན་ཆད་དེ་འདྲ་བྱེད་མི་རུང་། ཁྱོད་ཀྱིས་ད་དུང་གུང་ཚིགས་ཀྱང་འཐུང་མེད་པས་མྱུར་མོར་ཕྱིར་སོང་ན་མ་གཏོགས་ཟ་མ་འཁྱག་འགྲོ་ངེས་རེད། རྗེས་ནས་ཨ་ལགས་ཀྱི་ཁ་ལེན་ཚིག་བརྩི་བྱེད་དགོས་”ཞེས་ནན་ཏན་དུ་གདམས།
  དགེ་འདུན་རྒྱ་མཚོས་ཀླུ་མོ་སྒྲོལ་མ་སར་འབབ་ཏུ་བཅུག་རྗེས། “ངས་ཁྱོད་གཉིས་ཀར་གླ་གཏོང་ཞིག་འབོད་”ཟེར།
  ཚེ་སྐྱིད་ཀྱིས་ཧ་ཅང་འཁྲེང་བའི་ངང་། “གླ་གཏོང་ངས་བོས་ཆོག མྱུར་དུ་སོང་ལ་གུང་ཚིགས་ཐུངས་ཤིག ང་ཚོ་རྗེས་ནས་ད་དུང་ཁྱོད་ལ་ལྟ་རུ་ཡོང་ངེས་”ཞེས་བཤད།
དགེ་འདུན་རྒྱ་མཚོས་ཨ་མར་བལྟས་ཏེ་ཧ་ཅང་བསམ་ཤེས་ཤིག་དང་འདྲ་བར། “ཨ་མ། རྗེས་ནས་ཁྱོད་ཚོ་རྒྱུན་དུ་ལྟ་རུ་ཡོང་མི་དགོས། ངའི་དོན་དུ་སེམས་ཁྲལ་ཡང་བྱེད་མི་དགོས། ང་རང་དགོན་པ་ནས་བསྡད་ན་ཧ་ཅང་སྐྱིད་པོ་འདུག་”ཅེས་བཤད་ཅིང་། སླར་ཡང་ཀླུ་མོ་སྒྲོལ་མར་འོ་ཞིག་བྱས་ཤིང་བདེ་མོའི་ལག་བརྡ་ཞིག་བསྟན་རྗེས་ས་ལྡིང་གནམ་ལྡིང་བྱེད་བཞིན་དམར་ཡུག་ཡུག་དགོན་པའི་ཕྱོགས་སུ་བརྒྱུགས་སོང་།
  ཚེ་སྐྱིད་ཀྱིས་འཁྲེང་སེམས་དང་བཅས་དགེ་འདུན་རྒྱ་མཚོའི་རྗེས་ཕྱོགས་སུ་བལྟས་ནས་ཡུན་རིང་བོར་དེ་གར་འགྲེང་ནས་བསྡད་པ་དང་། མཇུག་མཐར་ཁོ་རང་དགོན་པའི་སྲང་ལམ་གྱི་ཕག་ཏུ་ཡལ་འཕྲལ་གཞི་ནས་ཀླུ་མོ་སྒྲོལ་མ་པང་དུ་བླངས་ཤིང་ཕ་རོལ་གྱི་ཁོ་མོར་བསྒུགས་ནས་སྡོད་པ་ལྟ་བུའི་གླ་གཏོང་རླངས་འཁོར་དེ་བོས་པ་རེད།
ཚེ་སྐྱིད་མ་བུ་གཉིས་ཀ་དགོན་པ་ནས་ཕྱིར་ལོག་རྗེས། ཚེ་སྐྱིད་ཀྱི་སེམས་ནི་སྔར་བཞིན་ལྗིད་ཏིག་གེར་གྱུར་འདུག རྒྱ་མོ་སྐྱིད་ཀྱིས་ཕ་རོལ་ནས་ཁོ་མོ་ཕྱིར་སླེབས་པ་ཐོས་འཕྲལ་དེ་མ་ཐག་ཏུ་བརྒྱུགས་ནས་ཐོན་བྱུང་། ཁོ་མོ་ཁྱིམ་ནང་དུ་འཛུལ་མ་ཐག་ནས་ཚེ་སྐྱིད་ཀྱི་ངོ་མདངས་ལ་རྟོག་བཞིན། “ཨ་ལགས་ལ་ལུང་བསྟན་ཨེ་ཞུས། ཨ་ལགས་ཀྱིས་ཅི་ཞིག་གསུངས་ཀྱིན་འདུག་”ཅེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་ཁོ་མོ་འབོལ་སྟེགས་སྟེང་དུ་སྡོད་དུ་བཅུག་རྗེས། རང་ཉིད་ཀྱང་ཧ་ཅང་ཆད་སྣང་དང་བཅས་འགྲམ་རོལ་ཏུ་བསྡད་ནས། “ཨ་ལགས་ཀྱིས་སྐྱོན་མི་འདུག་མོད། ད་དུང་ཚེགས་ངོ་ཞིག་འདུག་གསུངས་བྱུང་། ཚེགས་ངོ་དེ་ནི་ཁོང་གཉིས་རེ་ཞིག་སོ་སོར་གྱེས་མི་ཐུབ་པའི་དོན་རེད། གང་ལྟར་ད་ཐེངས་ངས་ཁོ་གཉིས་ལ་བསམ་ཞིག་ཤེས་སུ་འཇུག་དགོས་པར་འདུག་”ཅེས་བཤད།
  གང་ལྟར་རྒྱ་མོ་སྐྱིད་ཀྱིས་ལེགས་ཕྱོགས་སུ་ཁོ་ནར་འདང་རྒྱག་གིན་འདུག ཁོ་མོས་བྲེལ་འཚུབ་ངང་“ཁྱོད་ཀྱིས་དེ་ལྟར་ཧོལ་རྒྱུགས་བྱེད་མི་རུང་། ཅི་ལྟར་བཤད་ཀྱང་རང་ཉིད་ཀྱི་ཁྱོ་ག་ཡིན་པ་རེད། མཐར་གཏུགས་ན་དེ་འདྲའི་དོན་ཞིག་གཏན་ནས་མེད་ཀྱང་སྲིད་”ཟེར།
ཚེ་སྐྱིད་ཀྱི་རྣར་མ་སོང་བར་རྒྱ་མོ་སྐྱིད་ལ་བལྟས་ཏེ། “ཅིའི་ཕྱིར་མེད་སྲིད། ”ཅེས་དྲིས།
  རྒྱ་མོ་སྐྱིད་ཀྱིས་འདང་རྒྱག་ཙམ་བྱས་ནས་ན་རེ། “དོན་འདིར་ངས་ཀྱང་སྔ་དྲོ་ཧྲིལ་བོར་འདང་བརྒྱབ་པ་ཡིན། སེམས་ཅན་གྱིས་ཅི་མི་བཤད་དམ། ཁོང་གཉིས་ཚོགས་འདུར་སོང་བ་ཤེས་ནས་ཆེད་དམིགས་ཀྱིས་དེ་ལྟར་བཤད་པ་ཡིན་ཡང་སྲིད། སེམས་ཅན་ཁ་མང་མིག་མང་རེད་པས། མིག་གིས་མཐོང་ཚད་ཁ་ནས་ཅི་འདོད་འདོད་དུ་བཤད་ངེས་རེད། རེད་ཡ། ད་དུང་བཀྲ་ཤིས་དབང་མོས་ནི་དེ་གའི་ལས་ཁུངས་ཤིག་ལ་གད་བདར་བྱེད་ཀྱིན་པ་མ་ཡིན་ནམ། ཁོ་མོས་མཐོང་ནས་ཆེད་དམིགས་ཀྱིས་དེ་ལྟར་བསྙད་བརྐོས་པ་ཡིན་ཡང་སྲིད་”ཞེས་བཤད་བྱུང་།
  ཁོ་མོ་གཉིས་ཀ་ཡང་དེ་མུར་ནམ་ལངས་པ་ལྟར་གྱུར་སོང་། ཚེ་སྐྱིད་ཀྱིས་ཀྱང་ད་ནི་དེ་འདྲ་ཞིག་ཡིན་པར་རེ་བ་བྱེད་པ་ལས་ཐབས་མི་འདུག་པས་གཞི་ནས་དགོད་ཙམ་བྱས་ཏེ་“ཅི་ལྟར་བཤད་ཀྱང་ང་རང་ཡང་ཁོང་གཉིས་ལ་དོགས་པ་ཞིག་འདུག་”ཅེས་བཤད།
  རྒྱ་མོ་སྐྱིད་ཀྱིས་དགོད་བཞིན་དུ། “དེ་ནི་ཁྱོད་ཁོ་ལ་ཞེ་འདང་ཆེ་དྲགས་པས་རེད་”ཟེར་བས་ཁོ་མོ་གཉིས་ཀ་གད་མོ་ཤོར།
  འོན་ཀྱང་ཅུང་ཙམ་ནས་ཚེ་སྐྱིད་ཡང་བསྐྱར་འདང་རྒྱག་གི་ནང་དུ་ལྷུང་སོང་། ཁོ་མོའི་སེམས་ལ་སེམས་ཅན་གྱིས་བཤད་ཚེ་ནང་དོན་གཏན་ནས་མེད་པ་ཞིག་ག་ལ་ཡིན་པས་ཁོང་གཉིས་ཀ་ཡང་དེ་འདྲའི་དཀར་བོ་ཞིག་ཡིན་མི་སྲིད་སྙམ།
  དགོང་མོ་དེར་དོན་གྲུབ་ཀྱིས་གཞི་ནས་ཁྱིམ་ནང་ལ་ཁ་པར་འབྱོར་བྱུང་། ཁ་པར་ལས་ཁོ་རང་སང་ཉིན་ཕྱིར་ཡོང་གིན་ཡོད་ཟེར། ཚེ་སྐྱིད་ཀྱིས་ལན་ཅི་ཡང་མ་བཏབ་པར་ཁ་པར་གྱི་གློག་སྒོ་ཁྲོག་གེར་བརྒྱབ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༦

2012-03-29 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།