གཞི་རིམ་གྱི་ནམ་ཟླ།

  བཀྲ་ཤིས་རབ་བརྟན་གྱིས་མལ་ཁང་གི་སྒོ་ཁྲོགས་སེ་ཕྱེས་ཤིང་ལག་གི་ཡིག་ཆ་དེ་དག་ཀྱང་ཅོག་ཙེ་ཆུང་ཆུང་དེའི་སྟེང་དུ་གཡུག་བྱུང་།བ  ལྟས་ཚོད་ལ་ཁོའི་སེམས་ཁམས་དེ་འདྲ་སྐྱིད་ཀྱིན་མི་འདུག་པའི་ཉམས་ཤིག་འདུག    ཁ་སང་ཁོའི་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་གིས་ཁ་པར་ཡོང་ནས་ཁོ་བོར་ཉེ་ལམ་གྱི་གནས་ཚུལ་ག་འདྲ་ཡིན་ཚུལ་དྲིས་ཤིང་།ཞོར་དུ་ལོ་འདིའི་སྤྱི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་སློབ་གྲོགས་འདུ་འཚོགས་ཤིག་ཀྱང་ཚོགས་རྒྱུ་ཡིན་པའི་བརྡ་ཡང་བཏང་བྱུང་།
  དོན་དག་འདི་ནི་བཀྲ་ཤིས་རབ་བརྟན་གྱིས་མཚོན་པའི་སློབ་གྲོགས་དག་ལ་མཚོན་ན་ཧ་ཅང་མཇལ་འདོད་ཀྱི་སྤྲོ་བས་བརྟས་ཡོད་ལ།ལོ་ངོ་བདུན་བརྒྱད་ཙམ་ལ་མ་ཐུག་པའི་རང་གི་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཚོའི་ཉེ་ལམ་གྱི་གནས་ཚུལ་འདྲི་འདོད་དང་།ཁོ་ཚོའི་ནང་གི་མི་སུ་སུ་ཡིས་ད་ལྟ་བྱ་བ་རེག་ཡོད་མེད་དང་།ཁྱིམ་ཚང་བཅོས་ཡོད་མེད་ཤེས་འདོད་པས་ཡིན་ཡང་སྲིད་ཨང་།བཀྲ་ཤིས་རབ་བརྟན་ཁོ་རང་ཉིད་ལ་མཚོན་ན་སྔ་ནས་གཉེན་སྒྲིག་བྱས་ཡོད་ལ།ཆུང་མ་ནི་རྫོང་གཞན་ཞིག་ནས་འོང་བའི་ཁོའི་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཤིག་ཡིན་ཞིང་།ད་ལྟ་རྩེ་གཞུང་རྫོང་དུ་སྲིད་འཛིན་གྱི་བྱ་བ་གཉེར་གྱིན་ཡོད།ནམ་རྒྱུན་ཁོམ་པ་རེ་བྱུང་དུས་ཅི་ཡང་བྱེད་དགོས་མི་ཤེས་པའི་གཞི་རིམ་འདི་ནས་བཀྲ་ཤིས་རབ་བརྟན་ངོ་མ་འགྱུར་སོང་།ཁོ་སྔོན་ཆད་ལྟ་བུར་དཔེ་ཆ་བལྟ་རྒྱུར་མི་དགའ་ཞིང་སློབ་ཆེན་སྐབས་སུ་མིང་གྲགས་ཀྱང་མི་ཆུང་བའི་སློབ་གླིང་སྙན་ངག་པ་ཁོས་ད་ནི་རྩོམ་རིག་ཟེར་བ་འདི་ཡང་གང་དུ་གཡུག་ཟིན།གཞི་རིམ་དུ་བཀྲ་ཤིས་རབ་བརྟན་ལ་ཁོམ་པ་རེ་བྱུང་དུས་ནམ་རྒྱུན་ཁོ་བོ་ཡོད་སའི་ཞང་དེའི་སློབ་གྲྭ་རུ་སོང་ནས་དགེ་རྒན་རྐྱལ་སྟོང་འགའ་དང་དུ་མཉམ་དུ་མྰ་ཅང་རྒྱག་པ་དང་།ཆང་རག་སྤྱོད་པ།ཆུང་མས་མི་ཤེས་སར་ཞང་སྨན་ཁང་གི་གསར་མོ་ཞིག་ལ་དགའ་རོགས་ཀྱང་སྒྲིག་ཡོད་པའི་ཁར།བཀྲ་ཤིས་རབ་བརྟན་གྱིས་དུས་རྒྱུན་ས་མ་རུབ་གོང་ལ་ཆུང་མར་ཁ་པར་བཏང་ནས་མཚམས་འདྲི་རང་བཞིན་གྱི་ཁ་བརྡ་རེ་བྱེད་ངེས།འདི་ནི་ཁོ་བོར་མཚོན་ན་དོན་དག་འགའ་རེ་གསང་འདོད་ཀྱིས་འཐེན་པའི་བཀོད་པ་ཞིག་ཡིན་སྲིད།བཀྲ་ཤིས་རབ་བརྟན་གཞི་རིམ་འདི་རུ་ལས་བགོ་བྱས་ནས་ཕལ་ཆེར་ལོ་གཉིས་ཙམ་འགོར་ཟིན།སྤྱི་ཚོགས་སུ་ཞུགས་ཡུན་ཐུང་བའི་བོད་ཀྱི་ན་གཞོན་སློབ་ཆེན་པ་འདི་ལ་མཚོན་ན་རང་གི་དོན་དག་གང་རུང་གི་ལོགས་སུ་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱང་ཡོད་སྲིད་མོད།སྔོན་ཆད་སློབ་གླིང་ན་ཡོད་དུས་ན་གཞོན་གྱི་སྙིང་སྟོབས་གླེང་རྒྱུར་སྤྲོ་བའི་གསར་བུ་འདི་ད་ནི་དངོས་གནས་རྒས་ཤིང་ཉམ་ཆུང་ཞིག་ཏུ་གྱུར་འདུག དེ་རིང་བཀྲ་ཤིས་རབ་བརྟན་གྱིས་རྒྱུན་ལྡན་ལྟར་ལྕགས་ཐབ་ཆུང་ཆུང་དེའི་ཁོག་གི་ཐལ་བ་དག་ཕྱི་རུ་དེད་རྗེས་ཚགས་པར་འགའ་ཐབ་ཁུང་དུ་བརྫང་ནས་མེ་བུས་ཤིང་།སྟབས་བདེ་ཐུག་པ་ཞིག་འཐུང་རྒྱུའི་གྲ་སྒྲིག་བྱས། ཏག་ཏག་སྐབས་འདིར་ཁོའི་ཁ་པར་གྲགས་ཤིང་།མ་གཞི་ཁ་པར་གཏོང་མཁན་ནི་ཞང་དེའི་སྨན་ཁང་ནང་གི་བུ་མོ་ཞིག་རེད།ཁོ་མོས་སྐད་གདངས་ཅུང་མྱུར་མོས་སྒོས “རབ་བརྟན་ཡིན་ནམ།ཁོམ་གྱི་ཨེ་ཡོད།ཡོད་ན་ཞང་སྲིད་གཞུང་གི་སྒོ་ཁར་ཤོག་དང་ང་དོན་དག་ཅིག་བཤད་རྒྱུ་ཡོད་ཁུ།བཀྲ་ཤིས་རབ་བརྟན་གྱིས་ཅི་བསམ་འདི་བསམ་མེད་པར་ཞང་གི་སྒོ་ཁ་གཟས་ནས་སོང་།དགུན་གཞུང་གི་གཞི་རིམ་ནི་དངོས་གནས་སེམས་པ་འཁྱག་བྱེད་དུ་བཞག་པའི་འཁྱག་སྒམ་ཞིག་ལྟར་འདུག་ལ།གྲང་རླུང་ལྡིང་ཞིང་ས་རྡུལ་དག་སྐྱ་འཚུབ་བེར་ཁུར་ནས་གད་སྙིགས་འགའ་རེའང་དེའི་ཁྲོད་ན་ཡར་འཁུར་མར་འཁུར་བྱེད་ཀྱིན་འདུག ཞང་སྨན་ཁང་གི་བུ་མོ་དེས་མགོ་བོ་སྒུར་ནས་རང་གི་མིག་ཆུ་ཕྱི་ཞོར་དུ་བཀྲ་ཤིས་རབ་བརྟན་ལ་དོན་དག་ཅི་ཞིག་བཤད་ཀྱིན་འདུག་མོད། སྔོན་ཆད་དུ་བ་འཐེན་རྒྱུར་གོམས་གཤིས་མེད་པའི་བཀྲ་ཤིས་རབ་བརྟན་གྱིས་ད་ནི་ཁ་ནང་དུ་དུ་བ་རྐང་གཅིག་བཙུགས་ཞིང་དོན་དག་ཅི་ཞིག་ལ་འདང་རྒྱག་གིན་འདུག དུས་ཚོད་ཕྱེད་ཙམ་འགོར་རྗེས་བཀྲ་ཤིས་རབ་བརྟན་གྱི་གདོང་ལ་སྐྱོ་ཉམས་ཤིག་མངོན་བཞིན་ཕྱིར་མལ་ཁང་དུ་སོང་།ཞང་སྨན་ཁང་གི་བུ་མོ་དེས་བཀྲ་ཤིས་རབ་བརྟན་གྱི་རྗེས་སུ་ཅེར་ནས་ཡུད་ཙམ་བསྡད་རྗེས།མིག་ཟུང་ལག་པས་ཕུར་བཞིན་ཕྱིར་སྨན་ཁང་གི་ཕྱོགས་སུ་ཆས།དོན་དག་ཅི་ཞིག་བྱུང་བ་གསལ་བོར་མི་ཤེས་མོད།ན་གཞོན་ཕོ་མོ་འདི་གཉིས་ཀྱི་ཚུགས་ཀ་དང་རྣམ་འགྱུར་ལ་བལྟས་ན་དོན་དག་ཡག་པོ་ཞིག་མིན་པ་ནི་ཐག་གིས་ཆོད་ཡོང་།ཉིན་མཚན་ནི་དུས་ཚོད་ཀྱི་འཁོར་ལོའི་ཐག་སྒྲ་དང་བསྟུན་ནས་སྔོན་དུ་ནུར་གྱིན་འདུག་ལ།གཞི་རིམ་གྱི་ཉི་མ་འདི་དག་ཀྱང་བཀྲ་ཤིས་རབ་བརྟན་ལ་མཚོན་ན་ཅི་ཡལ་འདི་ཡལ་མེད་པར་ཆས་ཤིང་དོན་དག་དེ་བྱུང་ཉིན་ནས་དེ་རིང་བར་ཕལ་ཆེར་ཉི་མ་ཉི་ཤུ་ལྷག་ཙམ་འགོར།ཉི་མ་ཉི་ཤུ་ལྷག་འདིའི་རིང་ལ་བཀྲ་ཤིས་རབ་བརྟན་དང་ཞང་སྨན་ཁང་གི་བུ་མོ་དེ་གཉིས་ངོ་མ་འཕྲད་ལ།ཐ་ན་ཕན་ཚུན་ལ་ཁ་པར་རེའང་བཏང་ཡོད་ཚོད་མ་རེད།ཉིན་འདིར་བཀྲ་ཤིས་རབ་བརྟན་ལ་ལས་རྒྱུ་ཅི་ཡང་མེད་པར་མལ་ཁང་དུ་སྡོད་ཅིང་།ལག་གི་ཁ་པར་ལས་ཅི་ཞིག་སྣོག་གིན་པའི་བར་སྐབས་འདི་ལ།བཀྲ་ཤིས་རབ་བརྟན་གྱི་མལ་ཁང་གི་སྒོ་ཁྲོགས་ཁྲོགས་བརྡུང་བྱུང་།
  “ནང་དུ་ཤོག”བཀྲ་ཤིས་རབ་བརྟན་གྱིས་སྐད་མཐོན་པོས་དེ་ལྟར་བཤད་ཅིང་།ནང་དུ་སྟོད་གོས་ནག་པོ་གྱོན་ཞིང་གདོང་ལ་མིག་ཤེལ་གོན་པའི་རྒན་པོ་ལོ་ལྔ་བཅུ་ལྷག་ཙམ་ལོས་ཡིན་འདོད་བྱེད་ཀྱི་མི་ཞིག་ཐོན་བྱུང་།མི་དེས་བཀྲ་ཤིས་རབ་བརྟན་ལ་བལྟ་བཞིན།“ཁྱོད་བཀྲ་ཤིས་རབ་བརྟན་ཨེ་རེད།”ཅེས་སྨྲས་བར། བཀྲ་ཤིས་རབ་བརྟན་གྱིས་ཀྱང་མྱུར་དུ་“བཀྲ་ཤིས་རབ་བརྟན་ང་ཡིན། ཁྱོད་ལ་དོན་དག་ཅི་ཞིག་ཡོད།”སྐད་ཆ་འདི་རྒན་པོ་དེ་ལ་མཚོན་ན་ཁོག་ཏུ་སྦྲིད་སྨན་ཞིག་ཏུ་འགྱུར་ཅིང་།མྱུར་དུ་བཀྲ་ཤིས་རབ་བརྟན་གྱི་གམ་ཏུ་རྒྱུགས་ནས་“ཁྱི་རྒན་ཁྱོད། ང་ཨེ་ཤེས་ཀི མི་ཤེས་ན་བདེ་སྐྱིད་སྒྲོལ་མའི་ཨ་ཕ་ཡིན། ཁྱོའི་ངེད་ཚང་གི་ཞི་མོ་གན་ན་ཅི་ཞིག་བྱས་ཡོད་པ་ད་རུང་མ་ཤེས་ནི་མིན་ན།སྐད་ཆ་འདི་བཀྲ་ཤིས་རབ་བརྟན་ལ་མཚོན་ན་སྙིང་ཁམས་ལ་གྲིས་རྒྱབ་པ་དང་འདྲ་བར་ཡུད་ཙམ་ལ་ཀླད་པ་སྟོང་བར་གྱུར་ཞིང་ཅི་ཞིག་བཤད་དགོས་པའང་མ་ཤེས།རྒྱུ་མཚན་བདེ་སྐྱིད་སྒྲོལ་མ་ནི་ཞང་སྨན་ཁང་ནང་གི་ཁོའི་དགའ་རོགས་དེ་ཡིན་པས།ཕྱི་རོལ་དུ་སྔར་བཞིན་རླུང་བུ་ལྡིང་ཞིང་བུ་ཡུག་འཚུབ་ཀྱིན་འདུག་ལ།གཞི་རིམ་གྱི་ནམ་ཟླ་དེ་ཡང་བཀྲ་ཤིས་རབ་བརྟན་དང་བདེ་སྐྱིད་སྒྲོལ་མ།ད་དུང་བདེ་སྐྱིད་སྒྲོལ་མའི་ཨ་ཕ་སོགས་ཀྱི་སེམས་ཁམས་ལྟར་སྐྱོ་ཉམས་ཤིག་གིས་ཁེངས་ཤིང་ཧ་ཅང་ཉམ་ཐག་ཅིག་ཏུ་གྱུར།དོན་དག་འདིའི་རྗེས་ཀྱི་གོ་རིམ་དག་ང་ཚོས་འདི་རུ་མི་གླེང་ཏེ།གོ་ཐོས་སུ།ཞང་སྨན་ཁང་གི་བུ་མོ་དེ་ཁ་སང་ནས་བཟུང་སྨན་ཁང་དུ་བྱ་བ་སྒྲུབ་ཏུ་ཡོང་གིན་མེད་ལ།སྐྱ་ཆད་སྔོ་སྡུག་གི་གཞི་རིམ་འདིར་ལོ་ངོ་དྲུག་ཅུ་ལྷག་ལ་འཚོ་བ་རོལ་བའི་ཨ་ཁུ་ཚེ་བྷོ་ཡིས་བཤད་པ་ལྟར་ན།ཞང་སྨན་ཁང་གི་བུ་མོ་དེར་ཟླ་བ་འགའི་སྔོན་ལ་མངལ་ཆགས་ཤིང་ཁོ་མོ་ད་དུང་གཉེན་སྒྲིག་བྱས་མེད་པའི་མོ་རྐྱང་ཞིག་ཡིན་པའི་དུས་སུ་འདི་ལྟར་བྱིས་པ་བཙས་ན་གཞན་གྱིས་ཅི་བཤད་དང་མོར་ད་དུང་འཇིག་རྟེན་ཁྱིམ་གཞི་བཅོས་མེད་པའི་ཁར་ཕ་མ་དང་གཉེན་ཉེ་གྲོགས་པོ་དག་ནས་མོ་ལ་གཅར་རྡུང་དང་སྡུག་དམོད་བྱས་ཤིང་།གཙོ་བོ་བྱིས་པ་དེའི་ཨ་ཕས་ཁོ་མོར་མངལ་ཆགས་པ་ཤེས་བ་ནས་བཟུང་མོ་དང་འབྲེལ་ཐག་བཅད་པས།ལོ་ན་གཞོན་པའི་བུ་མོ་ཆུང་ཆུང་འདིས་སེམས་ལ་སྡུག་གི་ཁ་བ་མཐུད་མར་བབ་པ་མ་ཐེག་པར་གླེན་རྟགས་བསྟན་ནས་རང་སྲོག་བཅད་སོང་ཟེར།དོན་དག་འདི་རེ་ཞིག་གཞི་རིམ་འདི་རུ་རླུང་ལྟར་ལྡང་ཞིང་ག་ས་གང་དུ་ཡུལ་མི་ཚང་མས་ཁོ་མོ་དང་བཀྲ་ཤིས་རབ་བརྟན་གཉིས་གླེང་གིན་འདུག་ལ།སྲིད་གཞུང་དུ་ཡོད་པའི་ལས་བྱེད་པ་འགའ་རེས་ཡང་བཀྲ་ཤིས་རབ་བརྟན་དང་བུ་མོ་དེ་གཉིས་གླེང་གིན་འདུག་མོད།སུས་ཀྱང་བཀྲ་ཤིས་རབ་བརྟན་གྱི་མལ་ཁང་གི་སྒོ་ཁར་རྒྱབ་པའི་ལྕགས་ཟྭ་འདི་ནམ་ཞིག་བཀྲ་ཤིས་རབ་བརྟན་ཁོ་རང་ཉིད་ཡོང་ནས་སླར་ཡང་ཕྱེ་བར་འདང་རྒྱག་གི་མེད་ཚོད་རེད།
 
                                                                                              2011-10-16ཉིན་བྲིས།
 
                           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞི་རིམ་གྱི་ནམ་ཟླ།

2014-10-22 རྩེ་སྲས་ཨ་རྡོ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།