མཚན་མོས་ཁོ་བོ་སླར་ཡང་སྨྱོན་པར་བཏང་།

   གློ་བུར་དུ་ཁོ་མོ་དྲན་བྱུང་། མི་སེམས་འགུག་བྱེད་ཀྱི་བརྩེ་གཞས་དེ་བླངས་པ་ནས་བཟུང་ཁོ་མོ་ནི་འཇིག་རྟེན་འདིའི་སྟེང་གི་ལོ་ན་ཆེས་རྒས་པའི་རྒན་མོ་ཞིག་ཡིན་པ་ཟླ་བ་མ་གཏོགས་སུ་གསལ། ད་ལོའི་ཆར་བ་འབབ་ཐེངས་དང་པོས་བཀྲུས་པའི་སྡོང་ལོའི་ཡལ་ག་དག་ནི་གཉིད་ལས་སད་པ་དང་མཉམ་དུ་སྐྱེ་སྟོབས་ཀྱི་དཔལ་ཡོན་མི་ཡུལ་འདིར་སླར་ཡང་འབུལ་དགོས་པ་དྲན་གྱིན་འདུག་ལ་དུས་ཚོད་ཀྱིས་བཟོས་པའི་ནག་ཉེས་ཡོད་ཚད་ཚེ་སྲོག་གིས་མཇལ་དགོས་པ་གནའ་བོའི་མེས་པོ་དག་གིས་བཟོས་པའི་ཁྲིམས་ལུགས་དོན་ཚན་བརྒྱ་དང་བརྒྱད་ཀྱི་ནང་དུ་གསལ་བོ་བཀོད་ཡོད་པ་ད་ལྟའི་འཕྲུལ་ཆས་ཀྱི་ཆོམ་སྒྲའི་བར་ནས་བོར་སོང་བ་འདྲ། བྱམས་སྐྱིད་ལྷ་སྒྲོན། སང་ཉིན་གྱི་དུས་ཚོད་རྒྱ་མཚོར་ལྷུང་སོང་བ་བདེན་ནམ། ཡང་ན་ནད་པ་ཐམས་ཅད་ཀྱི་སེམས་པ་གཤགས་བཅོས་བྱེད་དགོས་འདུག ཁོ་བོས་སྐད་ཆ་དེ་དག་བཤད་ཚར་བ་དང་མཉམ་དུ་བར་སྣང་ན་ཉི་འོད་དང་སྤྲིན་པས་བྲིས་པའི་སྙན་ངག་ཚན་པ་གཅིག་ཁོའི་སྙིང་ཁར་སྦྱར་ནས་ཚམ་ཚོམ་མེད་པར་ཁང་སྟོང་ཅིག་ནས་སྟོང་ལབ་ཐེངས་འགའ་བྱས་ཀྱང་ཨ་ལན་སྟེར་མཁན་གཅིག་ཀྱང་མི་འདུག འདི་ནི་སྲོང་བཙན་སྐབས་སུ་བཞེངས་པའི་འཚོགས་ཆེན་འདུ་ཁང་ཅིག་གམ་ཡང་ན་ད་ལྟའི་རྐྱལ་སྟོང་དག་འདུ་སའི་ཇ་ཁང་གང་ཡིན་མ་ཤེས་ཀྱང་ཆང་གིས་བཟི་པའི་ཁོ་བོས་བརྩེ་དུང་གི་ཆེད་དུ་རང་སྲོག་གཅོད་པའི་ཆོད་སེམས་བརྟན་པོ་བཞག་ཀྱང་ཁོ་ད་དུང་འཆི་ཚད་ལ་མ་ཐོན་པས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་།
   སྐྱ་རེངས་ཤར་བ་དང་མཉམ་དུ་སྐུ་ཞབས་ཚེ་བསོད་རང་ཁྱིམ་ནས་ལས་ཁུངས་ཀྱི་ཕྱོགས་སུ་འགྲོ་བ་ནི་འཆི་ལ་ཉེ་བའི་ནད་པ་དེའི་མིག་ལམ་གྱི་འཕྲུལ་སྣང་ཟ་ཟི་དང་འདྲ་བར་གང་གིས་ཀྱང་མཚོན་ཐབས་བྲལ་བས་ཁོ་རང་ཁེར་རྐྱང་དུ་གྱུར། སྐབས་དེར་སྲང་ལམ་གྱི་བར་གསེང་རེ་རེ་ན་གད་སྙིགས་འཐུ་བའི་གཞོན་ནུ་མ་དེ་ནི་འོ་མ་འཇོ་བའི་འབྲོག་མོ་དེ་དང་མི་འདྲ་བར་ལག་ཏུ་ཡོད་པའི་ལྕགས་ཁེམ་གྱིས་དྲི་ངད་འཐུལ་བའི་སྐྱུག་རོ་དག་ཚོན་རྩི་དག་པའི་ལྕགས་སྒམ་གྱི་ནང་དུ་འདེད་ཀྱིན་འདུག ཁོས་རང་ཉིད་ཀྱི་སྐྱུག་པར་ལྟ་བཞིན་མདང་དགོང་སྐད་འཕྲིན་ལས་ཁོ་མོར་ཁ་བརྡ་བྱས་པའི་སྐད་ཆ་དག་ཝ་ལེར་དྲན་བྱུང་། ང་ཁྱོད་ལ་དགའ་ནས་ལོ་ངོ་དྲུག་བརྒྱ་འགོར་ཡོད་ཀྱང་དེ་རིང་མ་གཏོགས་དངོས་སུ་ཁྱོད་ལ་བཤད་མ་ཐུབ་པ་དེ་ནི་སུ་ཞིག་གི་བཀོད་སྒྲིག་ཡིན་ནམ། གང་ལྟར་བརྩེ་དུངས་ཀྱིས་ངའི་གཤོག་པ་ཡ་གཅིག་མེད་པར་བཟོས་སོང་བས་དེའི་འཚབ་བྱེད་ཐུབ་མཁན་ནི་འཆི་བའམ་ཡང་ན་ནར་མ་སོན་པའི་དུས་སྐབས་ཀྱི་ལོ་ཟླ་ཡིན། བར་སྣང་ན་རླུང་བུས་ཕྱོགས་སོ་སོར་ཁུར་གྱིན་པའི་སྤྲིན་ནག་གིས་མིག་ཆུ་ལྷུང་ལ་ཁད་མིའི་ལུས་ཀྱི་བ་སྤུ་ལ་ག་ལེར་རེག་སྐབས་ཁོ་བོ་དངངས་འདར་རེ་བརྒྱབ་ནས་འདས་དོན་མཐའ་དག་ལ་སྙིང་བོ་ཅི་ཡང་མེད་པའི་ཚོར་སྣང་བྱུང་། དེ་ནས་དུས་ཚོད་གསུམ་ལྷག་འགོར་བ་ན་སྒོ་རྡུང་བའི་སྒྲ་ཡིས་ཇ་ཕོར་ཁ་རུ་འཐུལ་བའི་རླངས་པ་དེ་དག་གླིང་ཕྲན་གཞན་ཞིག་ཏུ་དེད་ཀྱང་གཞུང་ལས་ཁང་དུ་ཡོད་པའི་མི་ལ་གྲགས་འགུལ་ཅི་ཡང་མི་འདུག ཚེ་བསོད། དེ་རིང་ནས་ཁྱོད་ཀྱིས་ལས་ཀ་འདི་མཚམས་བཞག་དང་ན་ཆོག རྒྱུ་མཚན་མདང་དགོང་ཀ་སྡེ་ས་ཁུལ་ལ་བྱུང་བའི་དོན་དག་ཆེ་མ་ཆུང་གསུམ་ཁྱོད་དང་འབྲེལ་བ་དམ་ཟབ་ཡོད་པས་ང་ཚོར་ཡང་ཐབས་ཤེས་མི་འདུག དཔེར་ན་རྐུན་མའི་བརྐུས་པའི་མོ་ཊ་དེ་དག་དང་ད་ནངས་སྲང་ལམ་ན་འཁྱིལ་བའི་ཁྲག་གི་མཚོ་མོ། ད་དུང་ཆང་ཁང་ནང་གི་རྨས་མ་གཡང་འཚོ་སྐྱིད། ཁོས་ཀློག་གིན་པའི《ཚངས་མགུར》དང་ཤོག་དངུལ་ནང་གི་བུ་མོ་དེ་ལྐུགས་པར་གྱུར་དོན་ལ་བསམ་གྱིན་དངན་པ་ཞིག་ཤོར་བ་ན་གམ་གྱི་ལས་གྲོགས་བུ་མོ་དེས་སེམས་གསོ་ཡི་ཚུལ་དུ་ད་ལྟའི་གཞུང་ཞབས་པ་ཞིག་བྱེད་པ་ལས་མང་ཚོགས་དཀྱུས་མ་ཞིག་བྱས་ན་སྐྱིད་ཀི་ཟེར། ཁོ་ཐད་ཀར་སྒོར་བུད་ནས་ཡང་བསྐྱར་བརྩེ་གཞས་ལེན་མཁན་གྱི་རྒད་མོ་དེ་དྲན་བཞིན་དངན་པ་ཤོར། ཉི་ཟེར་གྱིས་རྡོ་བའི་ཚོགས་ལ་འཇམ་ལ་རྩུབ་པའི་དྲོ་ཚད་རེ་གླན་ནས་ཉིན་གུང་སླེབས་པར་སྟ་གོན་བྱེད་སྒང་ཡིན་པས་ཕྱི་རོལ་གྱི་ཁོར་ཡུག་དེ་ནི་ཁོ་ལ་མཚོན་ན་ཧ་ཅང་ལྷིང་འཇགས་སུ་སྣང་། དུས་དེ་ནས་བཟུང་ཁོ་བོ་གར་བསྡད་ཡུལ་གྱི་འཚོ་བ་ལ་གཏན་དུ་གོམས་པར་བྱས་ཀྱང་ཁོའི་ལས་དབང་གིས་ང་ཡི་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོར་བསྒྱུར།
   ཁོ་མ་སྐྱེས་གོང་ནས་ཕ་མ་གཉིས་བཟའ་འཐོར་བྱས་པ་མ་ཟད་ལོ་བཞི་ལ་སོན་སྐབས་ཨ་མས་སླར་ཡང་གནས་ཡུལ་འགྲིམས་པས་ཁོ་ནི་ཨ་ཞང་དང་རྨོ་མོ་སོགས་ཀྱི་གཅེས་ཕྲུག་ཏུ་གྱུར། ཁོ་ལ་སློབ་གྲྭ་འགྲིམས་པའི་སྐལ་བ་བྱུང་ལ་སྐབས་དེར་སློབ་གསོའི་རོགས་སྐྱོར་ཚོགས་པ་ཞིག་གི་རོགས་དངུལ་ཡང་རེག་བྱུང་། འོན་ཀྱང་ཁོ་ལ་ད་ལྟའི་བར་ཨ་ཕའི་བརྩེ་བ་ཐོབ་མ་མྱོང་བས་ཁོས་བརྩེ་དུངས་ལ་ཧ་ཅང་བརྩི་མཐོང་བྱེད་པས་ལོ་ན་རྒས་པའི་རྒད་མོ་དེ་ཁོའི་རྨི་ལམ་དུ་ཡང་ཡང་འཁོར་གྱིན་ཡོད། ཁོ་ལས་ཁུངས་དང་ཁ་བྲལ་ནས་ཟླ་བ་གཉིས་ལོན་པའི་ཉིན་དེར་ཕ་གཅིག་ནུ་བོས་ཁ་པར་ཡོང་ནས་བཤད་པ་ནི་ད་ལྟ་ཕ་ཡུལ་གྱི་རྩྭ་ས་ཡོངས་སུ་ཟད་ནས་མུག་སྐྱོབས་རོགས་དངུལ་ལ་རེ་བའི་གྲོང་བརྡལ་ཅིག་ཏུ་གྱུར་ཡོད་པས་ངས་ཀྱང་ཁྱོད་ལ་འཚོ་བའི་ཐད་ནས་རོགས་རམ་འདྲ་བྱེད་མ་ཐུབ་པ་ལ་དགོངས་འགལ་མེད་པར་ཞུ། ཨ་ཕ་སླེབས་བྱུང་། དེ་རིང་ཡང་ཨ་ཕ་ཁྲོས་འདུག ཕ་རོལ་གྱི་ཁ་པར་སྒོ་བརྒྱབ་ཀྱང་ཁོས་ཡུན་རིང་ཞིག་ལ་རང་གི་རྣ་སྒོར་གླན་པའི་ཁ་པར་ལ་ཉན་ནས་བསྡད། ཅུང་ཙམ་འགོར་བ་ན་ཁོས་རང་ཉིད་ཀྱི་མཁྲིག་མར་ཡོད་པའི་དུས་ཚོད་འཁོར་ལོ་དེར་ལྟ་བཞིན་ཝི་ཆང་རྔམས་འཐུང་ཐེངས་འགའ་བྱས་རྗེས་ཆང་ཁང་དུ་ཡོད་པའི་མི་རེ་རེའི་གདོང་ལ་མཆི་ཞགས་ཀྱིས་བརྒྱབ་པ་ན་ཁམས་པའི་གསར་བུ་དེས་ཁོ་རྒྱག་ཐེངས་གཅིག་གིས་ཆང་ཁང་གི་སྒོའི་ཕྱི་རོལ་དུ་དེད། གློ་འོད་ཟ་ཟི་ཡིས་ཁོའི་རྐང་སྣམ་དང་སྟོད་གོས་སུ་འཐིམས་པའི་ཁྲག་གི་རི་མོ་གསལ་བོ་མངོན་པ་ན་ཁོ་ཞེ་སྡང་དང་ཁོང་ཁྲོ་མཉམ་དུ་ལངས་ཀྱང་ཆང་དང་ཁུ་ཚུར་དེས་ཁོའི་དབང་རྩ་ཡོད་ཚད་ལྷོད་སོང་བས་ད་ནི་ནམ་རྒྱུན་བཞིན་སྐྱུག་རོའི་ནང་དུ་མགོ་བོ་མི་འཇོག་ག་མེད་རེད། འོན་ཀྱང་ཁོའི་ཡིད་དུ་སྒོམ་པའི་གཞས་ཆུང་དེ་ནི་འདི་ལྟར་སུ་ཞིག་གིས་བླངས་བྱུང་།
“མཚན་མོ་དུས་ལྟར་སླེབས་བྱུང ཤིང་རྟ་ནག་པོ་འདིས
ད་ལྟའི་བར་སྔ་འབྱོར་འཕྱི་འོང་ཐེངས་གཅིག་ཀྱང་བྱས་མ་མྱོང
འདིའི་ནང་ན་ཡང མཚོན་ཆ་རྣོན་པོ་རེ མགོ་བོ་མཁྲེགས་པོ་རེ
ད་དུང་ཁྲག་རློན་འཛར་གྱིན་པའི་ཁ་མང་པོ་རེ་ཡོད་ཚོད་ཡིན
ངས ནག་པོ་རང་ལས་ཚོས་གཞི་གཞན་ཅི་ཡང་མཐོང་མ་སོང
གཞན་གྱིས་བལྟས་ན ང་རང་ཡང་མུན་ནག་ཁྲོད་ནས
རས་ཡོལ་དམར་པོ་ཞིག་གི་ངོས་སུ་གང་དགར་འཛེར་བའི
ནག་ཐིག་ཅིག་ཡིན་ནམ ནག་ཐིག་ཆུང་ཆུང་ཆུང་ཆུང་ཞིག”
  གཞས་དེ་ལེན་མཁན་གྱི་རྒད་མོ་དེ་དང་བྱམས་སྐྱིད་ལྷ་སྒྲོན་གཉིས་ཁོའི་གམ་ལ་ཐོན་པ་དང་མཉམ་དུ་མི་གཅིག་ཏུ་གྱུར་སོང་། འདི་ནི་ཆང་གིས་བཟི་སོང་བས་འཕྲུལ་སྣང་ཡིན་ནམ། ཡང་ན་བར་དོའི་འཕྲང་ལམ་ནས་བལྟས་པའི་ཕྱིར་མིག་ཡིན། གང་ལྟར་ཁོ་བོའི་གམ་དུ་ཐོན་པའི་བུད་མེད་དེ་ནི་ཁོ་ལ་འཐམ་བྱུང་། ད་དུང་གཞས་ཚིག་འདི་འབྲི་མཁན་གྱི་སྐུ་ཞབས་ལྗང་བུ་ཡང་ཧྥ་རན་སིའི་ཆང་ཁང་ཅིག་ན་བཟི་ཡོད་དམ། ཁོས་རང་གི་གམ་གྱི་བུད་མེད་དེ་ལ་བལྟས་ནས་རང་དབང་མེད་པར་མིག་མཐའ་མཆི་མས་བསྐོར། ནམ་ལངས་པ་ན་ཁོ་སྔར་བཞིན་རང་གི་མལ་ཁྲིའི་སྟེང་ཉལ་ཡོད་པ་མ་ཟད་རྐང་སྣམ་དང་སྟོད་གོས་ཀྱང་ཕུད་ཡོད་པས་ད་གཟོད་གཞི་ནས་བྱམས་སྐྱིད་ལྷ་སྒྲོན་ཡིད་ལ་དྲན་པ་མཉམ་དུ་ཁོ་མོ་ཁྱིམ་དུ་ཐོན་བྱུང་།
“ཁྱོད་ཀྱིས་རྒྱུན་དུ་འདི་ལྟར་འཐུང་ན་ཁྱོད་འཆི་རྒྱུ་རེད།”
“དེ་ལས་ཀྱང་སྡུག་བསྔལ་ཅིག་ཡོད་པ་ནི་ཆང་ནད་རེད།”
“སྡུག་གྱོང་རེད། ང་མིན་ན་ཁྱོད་མཚན་གང་བོར་རྒྱ་སྲང་ནས་ལས་རྒྱུ་རེད།”
“ང་ལ་བཏུང་ཆུ་ཞིག་སྦྱིན་རོགས།”
  སྟོན་རླུང་གིས་འཁུར་གྱིན་པའི་ལོ་མ་དག་སྲང་ལམ་གྱི་བཞི་མདོ་རེ་རེ་ན་འཚང་ཁ་རྒྱག་གིན་པ་ནི་ལོ་སར་སྐབས་སུ་ཕྱོགས་སོ་སོར་འཐོར་འགྲོ་བའི་གཞུང་ཞབས་པ་དག་དང་འདྲ་བར་ལ་ལ་སྤྲོ་སྣང་གིས་ཁེངས་ལ། ཡང་ལ་ལ་སྐྱོ་བ་ཡིས་མནར། གང་ལྟར་ཁོ་མོའི་ལག་ཏུ་བཟུང་བའི་དཀར་ཡོལ་ཁོའི་ཕྱོགས་སུ་གཏད་ནས་ཤ་ཁུ་འདི་འཐུང་དང་ཅུང་ཇེ་དགའ་ལ་འགྲོ་ངེས་ཟེར་སྐབས་ཁོས་ཐད་ཀར་མལ་ཁྲི་དེའི་སྟེང་ནས་མྱངས་པའི་ན་ཟུག་དང་སྡུག་བསྔལ་ལ་ཟད་མཐའ་མེད་ཟེར།
   ཁོ་སློབ་མཐར་ཕྱིན་མ་ཐག་གཞུང་ཞབས་པར་རྒྱུགས་འཕྲོད་པ་མ་ཟད་རྫོང་ཐོག་གི་ལས་ཁུངས་ག་གེ་མོར་ལས་བགོས་བྱས་པས་ཁོ་དང་ཁོའི་གཉེན་ཉེ་དག་གི་ཡིད་སེམས་མགུ་ནས་ཡོད། ཁོས་ཏག་ཏག་ལོ་འཁོར་ལྔ་ལ་ལས་ཁུངས་དེའི་བྱ་བ་མཐའ་དག་རང་གི་ནུས་ཚོད་ཀྱིས་བསྒྲུབས་པ་དང་རང་ཉིད་ཀྱི་བདེ་ཐང་ལས་ཀྱང་བྱ་བ་གཙིགས་སུ་བཟུང་ནས་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུ་ཟོས་སུ་གཏོང་མ་མྱོང་། འོན་ཀྱང་ལོ་བདུན་འགོར་པའི་ཉིན་ཞིག་ལ་ཚེ་བསོད་ཟེར་བའི་མི་གཞུང་དྲང་དེར་ཏག་ཏག་བློ་འགྱོད་དང་རང་གི་ལས་ཀྱིན་པའི་བྱ་བ་ལ་སྙིང་བོ་ཅི་ཡང་མེད་པའི་ངེས་འབྱུང་སྐྱེས་ནས་ཁོས་རྒྱུན་པར་ཆང་འཐུང་བ་དང་ལས་ཁུངས་ཀྱི་མགོ་བའི་སྒྲིག་ལམ་མ་སྲུང་བས་ད་ལྟའི་ཚད་འདི་ལ་བསྐྱལ་བ་རེད། གང་ལྟར་མཚན་མོ་ནི་དུས་ལྟར་སླེབས་བྱུང་བ་མ་ཟད་ཁོས་དེའི་ཁྲོད་ནས་མྱངས་པ་མཐའ་དག་བདེ་སྐྱིད་དུ་འདོད་ཡོད།
   ས་རུབ་ལ་ཉེ། སྲང་ལམ་གྱི་མི་ཚོགས་ཀྱང་རང་རང་གི་གནས་མལ་སྙེག་ནས་འགྲོ་བཞིན་པའི་ཁྲོད་དུ་ཚེ་བསོད་ཁེར་རྐྱང་ངང་དམིགས་ཡུལ་ཅི་ཡང་མེད་པར་རྫོང་དེའི་ཡིད་རྟོན་དངུལ་ཁང་གི་ཁ་གཏད་དུ་འགྲོ་སྐབས་དེ་རུ་་ བརྩེ་དུངས་གླེང་གིན་པའི་ཕོ་མོ་ཟུང་ལས་གཅིག་ནི་ཁོའི་སྔོན་ཆད་ཀྱི་དགའ་རོགས་བདེ་སྒྲོན་ཡིན་ལ་མོས་སྐྱེས་པ་དེར་བཤད་ཀྱིན་པ་ནི་སྔོན་ཆད་ཁོ་བོར་བཤད་པ་བཞིན་གཉེན་སྒྲིག་བྱེད་དགོས་ཚུལ་དང་དེ་ནས་ཁང་བ་ཉོ་བ། ཁོ་མོར་དབང་བའི་བརྒྱན་ཆ་དང་ཡར་སྐྱེལ་མར་ལེན་བྱེད་སྤྱད་ཀྱི་མོ་ཊ་དགོས་པའི་ཆ་རྐྱེན་བགྲང་གིན་འདུག ཁོས་དེ་ལ་མཉམ་འཇོག་གང་ཡང་མི་བྱེད་པར་དེ་རིང་གསར་དུ་སྒོས་ཕྱེས་པའི་ཆང་མཆོད་རོགས་ཟེར་བའི་ཆང་ཁང་དེའི་ཕྱོགས་སུ་རང་ཤུགས་ཀྱིས་བུད་སོང་། དེའི་ནང་དུ་སློབ་ཆེན་སློབ་མ་སྐོར་ཞིག་དང་ལུས་པོ་རྒྱགས་ཐག་ཆོད་པའི་དཔོན་ཕྲུག་འགའ་ཤས། ཁོ་ཚོའི་རྗེས་དེད་ནས་ཉི་མ་གཏོང་གིན་པའི་བུ་མོ་གཅིག་གཉིས་རེ་ལས་ཅང་མེད་ཀྱང་ཚེ་བསོད་ཐ་ཀར་ཨང་བཅུ་བའི་འདུག་སྟེགས་སུ་བསྡད་ནས་ཆང་དམར་ཤེལ་དམ་གཉིས་བླངས། དེ་དུས་ཏག་ཏག་ཆང་ཁང་དེའི་སྒྲ་སྒམ་ལས་མཚན་མོ་ཟེར་བའི་གླུ་དབྱངས་དེ་གྲགས་བྱུང་། ཚེ་བསོད་གྱིས་རང་དབང་མེད་པ་མིག་ཆུའི་ཐིགས་པ་ས་རུ་ལྷུང་བ་མཉམ་དུ་རྫོང་མཁར་ཡོངས་ལ་གློག་ཆད་སོང་། སྐབས་དེར་ཚེ་བསོད་གྱིས་རང་གི་ཆང་ཕོར་ནང་གི་དམར་པོ་ཁྲག་དང་འདྲ་བའི་ཆང་ལ་བལྟས་ནས་འདི་ནི་དམྱལ་ཁམས་ཡིན། འདི་ནི་ཚེ་ཕྱི་མ་ཡིན། སྐབས་དེར་སྦྱིན་བདག་མས་ཞག་སྒྲོན་ཞིག་སྒྲོན་པས་ཁོས་གཞི་ནས་རང་ཉིད་ད་དུང་ཤི་མེད་པ་ཚོར་བྱུང་།

                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོས་ཁོ་བོ་སླར་ཡང་སྨྱོན་པར་བཏང་།

2014-10-18 དུག་ཞགས། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།