ཁ་རླངས།

  དུས་རབས་འདིར་འབྲོག་ས་རུའང་སྐྱ་མི་རིག་རྒྱུ་ཤིན་ཏུ་ཉུང་། མཚམས་མཚམས་རེར་རིག་ཐུབ་པ་དེ་དག་ནི་རྫི་བོར་འགྲོ་མཁན་ནམ་དེང་རབས་འགྲིམ་འགྲུལ་ཡོ་བྱད་ཀྱིས་གོ་མི་ཆོད་པའི་བྱ་བ་འབའ་ཞིག་སྒྲུབ་མཁན་ཡིན། དེའི་ནང་གི་དཔེ་མཚོན་ཞིག་ནི་ད་ནངས་སྔ་མོར་འབྲོག་ཁྱིམ་ག་གེ་མོ་ཞིག་ནས་རྟ་ཞོན་ཏེ་ལམ་ལ་ཆས་པའི་རུ་ཡོང་དོན་འགྲུབ་རེད། ལམ་བར་དུ་རྟ་རྒན་གྱི་སྣ་ཁུང་ནས་དབུགས་ཤེད་ཀྱིས་ཕྱིར་བཏང་ཡོང་བ་དེས་རུ་ཡོང་དོན་འགྲུབ་ལ་སྔོན་ཆད་གཏན་ནས་གོ་མ་མྱོང་བའི་བརྡ་གསར་པ་ཞིག་སྤྲད་པ་ནི་ང་ཐང་ཆད་ཀྱིན་འདུག་ཅེས་པ་དེའོ།། ཁོས་ཐོག་མར་རང་གིས་ཕྱིར་བཏང་བའི་ཁ་རླངས་དང་རྟ་རྒན་གྱི་ཁ་རླངས་གཉིས་བསྡུར་བ་བྱས་དུས་རྟ་རྒན་གྱི་ཁ་རླངས་བརྒྱ་འགྱུར་གྱིས་ཆེ་བ་ཤེས་པ་དང་། དེ་ནས་སྤྱིར་བཏང་གི་གཏན་ཚིགས་ལ་བརྟེན་ནས་དབུགས་མགྱོགས་པོར་འགྱུར་དོན་ནི་ཐང་ཆད་པའི་རྟགས་ཡིན་པ་གཏན་ཁེལ་ཐུབ། དེ་ལྟར་བསམ་མ་ཐག་ཁོ་རང་ཐེ་ཚོམ་ཅི་ཡང་མེད་པར་རྟ་ལས་བབས་ཏེ་ངལ་གསོ་རུ་བཅུག ཁོས་མུ་མཐུད་དུ་རྟ་རྒན་གྱིས་ཕྱིར་བཏང་ཡོང་བའི་དཀར་བོང་བོང་གི་ཁ་རླངས་དང་རང་གིས་གཟས་ནས་མཐའ་འཁོར་དུ་ཧ་བཏབ་པ་ལས་བྱུང་བའི་ཁ་རླངས་ལ་བལྟས་ཏེ་མི་དྲན་དགུ་དྲན་བྱས། ཁོས་མིའི་དབུགས་ཀྱི་རྒྱུ་བ་འགག་ཚེ་ཅི་བྱེད་དམ་སྙམ། ཡིན་གཅིག་མིན་གཉིས་གཏོང་ལེན་གཉིས་ཀ་བྱེད་དགོས་དོན་ཅི་ཡིན་ནམ་སྙམ། བརྔུབ་བྱའི་དབུགས་མེད་དུས་ཀྱི་སྡུག་བསྔལ་བསམ་ནས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཁ་སྒོར་འཚངས་ཡོང་བའི་དབུགས་དེར་བཀའ་དྲིན་ཞུས། འོན་ཀྱང་། ཁོས་རང་དང་རྟ་རྒན་གཉིས་ཀྱིས་ཕྱིར་བཏང་བའི་ཁ་རླངས་དེ་དཀར་བོང་བོང་གི་གཟུགས་ཅན་དུ་སྒྱུར་མཁན་གྱི་གནམ་གཤིས་འཁྱག་པ་དེར་བཀའ་དྲིན་ཞུ་མ་ཤེས། གནམ་གཤིས་ཇེ་དྲོར་གྱུར་པ་དང་གཟུགས་ཅན་གྱི་ཁ་རླངས་དེའང་མི་སྣང་བར་གྱུར། ཁོས་མྱུར་དུ་རྟ་རྒན་ཞོན་ནས་རང་གི་རླངས་འཁོར་བཅོལ་ཡོད་སའི་ཕྱོགས་སུ་བསྙེགས་སོང་། ཕྱི་ཉིན་སྔ་མོར་རུ་ཡོང་དོན་འགྲུབ་ཀྱིས་རྟ་བཅོལ་ནས་རླངས་འཁོར་བསྐོར་ཏེ་བདེ་མོའི་གཞུང་ལམ་དུ་བྱ་འཕུར་བ་ལྟར་བརྒྱུགས། ཁོ་རང་རི་ཞིག་གི་མགོར་འགོས་ཏེ་རླངས་འཁོར་ལམ་ཟུར་གྱི་ཁས་ཁར་བསྡད་རྗེས། བྲེལ་འཚུབ་ཀྱིས་མར་བབས་ཤིང་གོམ་པ་འགའི་མཚམས་ནས་གཅིན་པ་ཤག་སེ་བཏང་། ཁོས་གཅིན་པ་དང་རླངས་འཁོར་གྱི་དབུགས་གཏོང་སྦུག་སྒོ་ལས་མཆེད་པའི་དཀར་བོང་བོང་གི་རླངས་པ་མཐོང་འཕྲལ་ཁ་སང་སྔ་མོའི་དྲན་པ་མང་བོ་ཞིག་ཕྱིར་སོས་མོད། རླངས་འཁོར་ཐང་ཆད་མི་སྲིད་པ་ཤེས་པས་ངལ་གསོ་རུ་མ་བཅུག ཁོ་རང་ཕྱིར་རླངས་འཁོར་ལ་བསྡད་མ་ཐག་མདུན་ཐད་ནས་སྲོག་ཆགས་ནག་པོ་ཞིག་རྟབ་རྟབ་པོར་བརྒྱུགས་སོང་བ་དེས་ཁོ་ལ་འཇིགས་སྐྲག་མི་ཆུང་བ་ཞིག་བསླངས། སེམས་ཅུང་ལྷོད་ལ་བབས་དུས་ཕྱིར་འདང་ཞིག་བརྒྱབ་པའི་ཚེ་གཟོད་སྲོག་ཆགས་དེ་ནི་ཝ་ཞིག་ཡིན་པ་ཡིད་ལ་དྲན། རྒྱུ་མཚན་ནི་ཉག་ག་འདིའི་ཕར་ནང་“ཝ་ནག་ལུང་བ་”1ཡིན་པས་སོ།། ཁོས་དེ་ལྟར་དྲན་བཞིན་རྣམ་རྟོག་འདྲེས་མའི་ངག་ནས་སྐྱབས་འགྲོ་ཆད་མཐུད་ཅིག་ཟློ་བཞིན་ཐེ་ཚོམ་གྱིས་གཞུང་ལམ་དུ་ཞུགས།

1 ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་ཞིག་གི་ཁ་བྱང་ཡིན།
                                                                     ༢༠༡༣ལོའི་ཟླ༡༢པར།

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་རླངས།

2014-07-29 མི་སྤྱང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།