གསར་དུ་འཆར་བའི་ཉི་མ།

བདེ་ཁང་བྱམས་པ།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-19

  སྔོ་ཞིང་ལྗང་ལ་མུ་མཐའ་མེད་པ་ཞི་བདེ་རྒྱ་མཚོ་ལྟ་བུའི་རྩྭ་ཐང་དུ། དཀར་དམར་སྔོ་སེར་གྱི་མེ་ཏོག་གྲངས་ལས་འདས་པས་ཕན་ཚུན་འགྲན་རྩོད་བྱེད་པ་བཞིན་རང་རང་གི་མཚར་སྡུག་ངོམ་ལ། བྱ་བྱེའུ་སྣ་ཚོགས་ཀྱིས་སྙན་པའི་གསུང་དབྱངས་གྱེར་ཞིང་།དྭངས་གཙང་གི་ཆུ་མོས་དགའ་བའི་འབོད་སྒྲ་སྒྲོག་པ།ནོར་ལུག་གིས་ཀྱང་སྐྱིད་པའི་བྲོ་གར་འཁྲབ་པའི་གནས་སུམ་རྩེན་མ་ཡིན་ཡང་སུམ་རྩེན་གྱི་སྐྱེད་མོས་ཚལ་ལ་སྐྱེངས་པ་སྟེར་ཞིང་།པིར་རྩལ་མཁས་པའི་ཕྱག་སོར་ལས་མ་ཐོན་ཡང་ཐོན་པ་ལས་ལྡབ་འགྱུར་གྱི་ཉམས་དགའ་ལ་ཡིད་དུ་འོང་བ་ཞིག་ན་བཀྲ་ནོར་ནི་འདྲ་པར་ནང་གི་གཟུགས་རིས་ཤིག་དང་འདྲ་བར་འགུལ་མེད་ངང་ཁ་གདངས་མིག་ཅེར་ནས་བསྡད་འདུག།ཡིན་ནའང་དེ་ནི་མཛེས་ལྗོངས་འདིས་ཁོའི་ཡིད་སེམས་ཡོངས་སུ་འཕྲོག་པ་ཞིག་མ་ཡིན་པ་འདྲ་སྟེ་ཁོའི་མིག་ཟུང་གཉིས་པོ་རྒྱང་རིང་ལ་ལྡིར་ནས་བལྟས་པ་ལ་གཞིགས་ན་ཁོ་ཅི་ཞིག་རེ་སྒུག་བྱེད་པ་ཨ་ཅང་བརྗོད་མེད་རེད་འདུག། ཏག་ཏག དུས་ཡུན་རིང་པོ་མ་སོང་བར་རྒྱང་རིང་ནས་ལྷ་མོ་དབྱངས་ཅན་མས་ཏམ་བུ་ར་དཀྲོལ་བ་ལྟ་བུའི་བུ་མོའི་དགོད་སྒྲ་ཞིག་གྲགས་མ་ཐག་ཁོ་ནི་རྣམ་ཤེས་འདྲེས་ཟིན་པ་ལྟར་གོམ་པ་རང་དབང་མེད་པར་དེའི་ཕྱོགས་སུ་སྤོས་སོང་།
  དགོངས་པ་མ་ཚོམས། ང་ཕྱི་འབྱོར་བྱས་སོང་། ཁོ་མོས་ངག་འཇམ་པོས་ཁོ་ལ་དགོངས་དག་ཞུ་བཞིན་ཤོག་བུ་ལྟ་བུའི་དཀར་གསལ་གྱི་བཞིན་རས་སུ་ངོ་ཚའི་མཚམས་སྤྲིན་ཞིག་ཀྱང་དེ་མུར་འཕྱུར་འོངས། དེ་ནི་འཇིག་རྟེན་གྱི་ཕུན་ཚོགས་སྤངས་ཟིན་པའི་རབ་བྱུང་བ་ཞིག་ལ་མཚོན་ནའང་བཟོད་པར་དཀའ་བའི་བསླུ་བྲིད་ཅིག་རེད།ཁོས་ཁ་ནང་གི་མཆིལ་མ་ཤུགས་ཀྱིས་མིད་བཞིན་སྐྱོན་མེད།ང་མཛེས་པའི་རྩྭ་ཐང་གི་ཁྱེད་ཀྱི་དྲི་ཞིམ་ལ་བལྟས་ཡོད་ཅེས་ར་བཟི་བ་ལྟ་བུའི་སྐད་ཆ་ཞིག་བཤད་པས་མོས་གད་མོ་ཧ་ཧ་ཞེས་དགོད་བཞིན་ཁྱེད་རང་ཀུ་རེ་ཚ་བ་ལ་ཨང་། རྩྭ་ཐང་གི་མཛེས་སྡུག་ལ་དྲི་ཞིམ་བལྟ་རྒྱུ་ཞིག་ཀྱང་ཡོད་དམ། བྱས་ན་ང་ལ་དྲི་ཞིམ་ག་རེ་འདུག་ལྟོས་དང་ཟེར་བས་ཁོའི་ངོ་གདོང་ཚ་ལམ་ལམ་དུ་གྱུར་བཞིན་ཁྱེད་རང་གི་མཛེས་སྡུག་གིས་ངའི་སེམས་པ་བརྐུས་སོང་བས་ངས་སྐད་ཆའང་ཡག་པོ་ཞིག་བཤད་མི་ཤེས་ཟེར། འོ་ན་ཚེ་གཡང་གིས་ཁྱེད་ཀྱི་སེམས་པ་བརྐུས་མ་མྱོང་ངམ། མོའི་ཆུ་མིག་ལྟ་བུའི་དྭངས་ཤིང་གཙང་བའི་མིག་གཉིས་གློ་བུར་དུ་རལ་གྲི་ལྟ་བུར་གྱུར་ནས་ཁོའི་ངོ་གདོང་ལ་བཙུགས་ཡོང་བས་ཁོས་ལམ་སེང་མགོ་བོ་སར་དུད་ནས་ཁྱེད་གཉིས་བསྡུར་ཐབས་ག་ལ་ཡོད་ཅེས་རང་ཉིད་ཀྱིས་ཀྱང་གོ་མི་ཐུབ་པའི་སྐད་ཆ་ཞིག་བཤད། དེ་ནི་ཉེན་རྟོག་པས་ཉེས་ཅན་པར་འདྲི་ཞིབ་བྱེད་སྐབས་ཉེས་ཅན་པ་ངོ་གནོང་དང་འཇིགས་སྣང་དབང་གིས་ཤོད་མི་ཕོད་པ་དང་ཅི་འདྲའི་མཚུངས་ཨང་། དེ་ཡང་རེད་དེ་མ་གཞི་ནས་ཚེ་གཡང་ཁོང་གཉིས་ལ་དེ་ལྟ་བུའི་བར་ཁྱད་ཅིག་ག་ལ་ཡོད།
  ཁོས་སློབ་ཆེན་ནང་ཚེ་གཡང་ཐོག་མར་མཐོང་སྐབས་ཚེ་གཡང་ནི་ཕོ་བརྒྱ་སེམས་པ་ཤོར་ས་དང་མོ་བརྒྱ་སྙིང་རླུང་ལངས་སའི་བུ་མོ་མཛེས་མ་ཞིག་ཡིན་ཞིང་།ཁོས་ཚེ་གཡང་གི་མཐའ་ལ་ལྡིང་ཞིང་འཁོར་བའི་རང་གི་སློབ་གྲོགས་དང་ལས་ཁུངས་ཀྱི་ལས་བྱེད་དེ་དག་ལས་རྣམ་པར་རྒྱལ་ཆེད་ཐབས་བརྒྱ་ཇུས་སྟོང་བཏོན་ནས་མོའི་སེམས་པ་བཀུག་ཅིང་། ཚེ་གཡང་ཡང་བུ་མོ་ཚུལ་ལྡན་ཞིག་ཡིན་ཏེ་ཁོ་དང་མཉམ་དུ་འགྲོགས་པ་ནས་ཁོ་མིན་པའི་བུ་སུ་ལའང་འབྲེལ་བ་བྱས་མ་མྱོང་བས་བར་སྐབས་ཤིག་གི་རིང་ཁོང་གཉིས་ཀྱིས་བྱིས་སྒྲུང་ལྟ་བུའི་འཆར་ཡན་གྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཀྱང་མི་ཚེའི་དེབ་ཐེར་སྟེང་བྲིས་མྱོང་མོད། ཡིན་ནའང་མོ་ལ་ཕྲུ་གུ་འཁོར་ནས་ཙ་རིའི་སྨྱུག་མ་ལྟ་བུ་ལྡེམ་ལྡེམ་འཁྱུག་འཁྱུག་གི་སྐེད་པ་དེ་ལྒང་བུ་ལ་ཕུ་འབུད་པ་ལྟར་རྒྱགས་ནས་རྒྱགས་སུ་སོང་ཞིང་། མར་གསར་ལྟ་བུའི་ངོ་གདོང་དེའང་སོལ་ནག་བྱུགས་པ་ལྟ་བུར་གྱུར་བས་ཁོས་མོ་ལ་བཅངས་པའི་བརྩེ་དུང་དེའང་རྟ་རྒྱུགས་པའི་རྡུལ་བཞིན་མཁའ་དབྱིངས་སུ་ཡལ་བས་མ་ཚད་ཁོང་ཁྲོ་དང་སུན་སྣང་ཞིག་ངམ་ངམ་ཤུགས་སུ་སྐྱེས་ཡོང་བས་ཟླ་ཤས་རིང་ཁོས་མོ་ལ་ཚིག་འཇམ་པ་ཞིག་དང་ངོ་འཛུམ་པ་ཞིག་བསྟན་རྒྱུ་ལྟ་ཅི་ར་བཟི་ཁུལ་གྱིས་ཉེས་རྡུང་གཏོང་བའང་ལན་གཅིག་གཉིས་མིན། ཁོ་དེ་ལྟར་བསམ་གཞིགས་ཀྱི་དབྱིངས་སུ་ཚུད་སྐབས་བཀྲ་ནོར།བཀྲ་ནོར་ཞེས་པའི་སྒྲ་ཞིག་གིས་ཁོའི་བསམ་བློ་དོན་དངོས་སུ་དྲངས། ཁོས་མིག་མདུན་ཕྱོགས་སུ་ལྟ་སྐབས་བུ་མོ་དེས་འཛུམ་མདངས་ཤིག་ཤིག་ཀྱིས་ཁོར་ལྟ་བཞིན་ཁྱེད་ངོ་མ་ང་ལ་དགའ་འམ་ཟེར། ཁོས་ལམ་སེང་མགོ་བོ་འཇོག་འཇོག་བྱེད་བཞིན་དགའ། ཧ་ཅང་དགའ་ཟེར་བས་མོས་སླར་ཡང་གད་མོ་གོད་བཞིན་ཁྱེད་ཚོ་བུའི་སྐད་ཆར་ང་ཡིད་མི་ཆེས། སྐད་ཆ་དེ་ཁྱེད་ཀྱིས་ཚེ་གཡང་ལའང་ཤོད་མྱོང་ལོས་ཡོད། བྱས་ན་ཁྱེད་ཀྱིས་ངའི་དོན་དུ་འདམ་གསེས་གཉིས་ནང་ནས་ཁས་ལེན་གཅིག་བྱ་དགོས། ཡང་ན་ད་ལྟའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་ནམ་འཚོའི་བར་གནས་ཐུབ་པ་བྱ་དགོས། ཡང་ན་ངས་ཁྱེད་ཀྱི་ཁྱིམ་རྒྱུད་དོན་དུ་རང་ཉིད་ཀྱི་ལང་ཚོ་བློས་བཏང་ནས་ཕྲུ་གུ་མི་སྐྱེས་ཟེར།ཁོས་བསམ་གཞིགས་ཅུང་ཙམ་བྱས་ནས་འདམ་གསེས་དང་པོ་དེ་བསྒྲུབ་ཐབས་མེད་དེ་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པས་ཁ་ལོ་བསྒྱུར་བའི་བྱ་ཐབས་སུ་ལའང་མེད།ཡིན་ནའང་གཉིས་པ་དེ་ཁས་ལེན་བྱས་ན་ང་གཉིས་རྒས་ན་སུ་ལ་བསྟེན།ཕ་མ་གཉིས་ཀྱིས་ཀྱང་ཁས་ལེན་ག་ལ་བྱ། ཟེར་བས་མོའི་གདོང་གཤིས་དེ་མུར་འགྱུར་ནས་བྱས་ན་ཁྱོད་ང་དང་བསྒྲིག་རྒྱུ་བསམ་བློ་མ་གཏོང་། ང་ཚོ་བུ་མོས་ཁྱེད་ཚོ་བུའི་དོན་དུ་རང་ཉིད་ཀྱི་ལང་ཚོ་དང་མཛེས་སྡུག་ཐ་དག་བསྐྱུར་ནའང་ཁྱེད་ཚོས་ང་ཚོར་བྱམས་སྐྱོང་དང་བདེ་སྐྱིད་སྤྲོད་རྒྱུ་ལྟ་ཅི་ད་དུང་མཐོང་ཆུང་དང་རྡུང་རྡེག་བྱེད། ངོ་ཚ་རྒྱུ་མེད་པ། ཁྲམ་པ་ཟེར་བས་དངངས་འཚུབ་ཀྱི་ཁྲོད་དུ་ཁོ་གཉིད་ལས་སད་བྱུང་བས་ཁོས་ད་ལྟའི་རྨི་ལམ་ལ་ཞིབ་གདང་ཞིག་བྱ་སྐབས། ཨ་ཙི་ཙི། དངོས་གནས་དེ་ག་རང་མ་ཡིན་ནམ། ཚེ་གཡང་ལ་ཕྲུ་གུ་སྦྲུམ་ནས་ཟླ་དགུ་ཞག་བཅུའི་ན་ཟུག་མྱོང་བ་དེའང་ཁོ་མོ་ཁོ་ནའི་དོན་དུ་མ་ཡིན་པར་ང་གཉིས་ཕན་ཚུན་དགའ་པོ་བྱས་པའི་བརྩེ་དུང་གི་ཉིང་ཁུའི་ཆེད་དུ་མ་ཡིན་ནམ། དབྱར་ཟླ་དྲུག་པ་ག་ཚོད་མཛེས་ཀྱང་སྟོན་ཀ་སླེབས་པའི་དུས་ཤིག་ཡོད་པ་བཞིན་དུ་མི་དང་དངོས་པོ་གང་འདྲ་ཞིག་ཡིན་ཡང་དུས་ཚོད་ཀྱི་ལག་འོག་ལས་མི་ཐར། དེ་བས་ཚེ་གཡང་གིས་ངའི་དོན་དུ་ཐ་དག་བློས་བཏང་ཡང་ངས་ད་དུང་ཁོས་དེ་དག་བསམ་མུར་རང་ཉིད་ཀྱི་འཁྲིས་ལ་ལག་མྱུལ་བྱེད་སྐབས་ཚེ་གཡང་འཁྲིས་ལ་མེད་པས་ཁོས་ཙོག་ཙོག་བྱས་ནས་ལྟ་དུས་ཉི་མ་ད་དུང་ཤར་མི་འདུག་ཀྱང་ཚེ་གཡང་སྔ་ས་ནས་ལངས་ཟིན་ཏེ་ལག་པ་གཅིག་གིས་གྲོད་ཁོག་བསྐྱོར་ཅིང་ལག་པ་གཅིག་གིས་དཀའ་ཚེགས་ཆེན་པོས་ཞོགས་ཇ་སྐོལ་གྱིན་འདུག་པས་ཁོའི་མིག་གཉིས་དེ་མུར་རབ་རིབ་ཏུ་གྱུར་སོང་། ཁོས་ངག་འདར་བཞིན་ཤ་ཞེན་ཆེན་པོས་ཚེ་གཡང་།རང་ཕྲུ་གུ་སྐྱེས་རན་ཡོད་པས་སྔ་པོ་འདི་འདྲ་ནས་ལངས་ནས་ཅི་བྱེད། གཟུགས་པོ་ལ་བརྡབ་ཆག་འདྲ་བྱུང་ན་གང་འདྲ་བྱེད་དམ། ངལ་གསོས་དང་། ངལ་གསོས་དང་ཟེར་བར་མོས་ཡིད་མི་ཆེས་པའི་མིག་གིས་ཁོར་བལྟས་པས་ཁོས་དགོངས་པ་མ་ཚོམས། ཚེ་གཡང་། ངའི་བྱས་ཉེས་སེམས་ལ་མ་འཛིན་རོགས་ཞེས་མིག་ཆུ་ལྷུང་ལྷུང་དུ་ཤོར་བཞིན་བཤད་པས་ཚེ་གཡང་ད་གཟོད་ཡིད་ཆེས་ནས་ཁ་ཕར་བསྐོར་ཏེ་ཚོད་མེད་དུ་བཞུར་བའི་མིག་ཆུ་འབྱིད་བཞིན་ཇ་འཁོལ་སོང་། སྒུག་ཨང་ཞེས་བཤད་ནས་ངུ་སྐད་དང་ངག་གླུ་འདྲེས་མར་ལེན་བཞིན་ཐབ་ཚང་དུ་བུད་པ་དང་ཆབས་ཅིག་ཤར་རིའི་རྩེ་ནས་རྟ་བདུན་དབང་པོ་སྒྱུ་འཕྲུལ་བསྟན་པ་བཞིན་ཤར་བྱུང་།
   རྟ་བདུན་དབང་པོ་ནི་ཁ་སང་གི་རྟ་བདུན་དབང་པོ་དེ་ཁོ་ན་ཉིད་དེ་སའི་གོ་ལའི་འཁོར་བསྐྱོད་དང་བསྟུན་ནས་འཆར་ནུབ་ཀྱི་དབྱེ་བ་ཡོད་པ་ཙམ་ཡིན་མོད་ཡིན་ནའང་ཁོང་གཉིས་ཀྱི་སེམས་ནང་གསར་དུ་འཆར་བའི་རྟ་བདུན་དབང་པོ་དེས་ཁོང་གཉིས་ཀྱི་མི་ཚེའི་ལམ་བུའི་སྟེང་འོད་ཟེར་དང་དྲོ་སྐྱིད་ཚད་མེད་སྦྱིན་ནས་བདེ་སྐྱིད་ཀྱི་འཚོ་བ་ཡོང་ཐུབ་རྒྱུ་ཡིན་པ་ནི་བརྗོད་མེད་རང་ལགས།

                  (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་དུ་འཆར་བའི་ཉི་མ།

2014-01-19 བདེ་ཁང་བྱམས་པ།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།