རྨི་ལམ་དང་གོ་ས།

ཁང་གསར་ཚེ་དབང་རིག་འཛིན།༼མགོ་ལོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-09

                                          ༡
   རྫོང་ཞིང་ཕྱུགས་ཅུའུ་ཅུའུ་ཀྲང་བདེ་མཆོག་སྐྱབས་ཅུའུ་ཀྲང་དུ་གྱུར་མ་ཐག་ནས་ཁོ་ལ་འཁོར་རམ་ཞབས་ཞུ་བ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བ་དང་།  ལས་ཁུངས་དེའི་ལས་བཟོ་བ་བསོད་དཔལ་དང་ཁོའི་ཁ་ལོ་བ་གཙོ་བྱས་པའི་མི་མང་བོ་ཞིག་གིས་ཅུའུ་ཀྲང་
གི་མིང་རྐྱང་བའམ་དངོས་སུ་མི་འབོད་པར་“བདེ་ཅུའུ།”ཞེས་གོ་མིང་སྦྱར་ཏེ་འབོད་རྐྱང་བྱེད་ཀྱིན་ཡོད།   “བདེ་ཅུའུ་དངོས་གནས་སྐུ་བསོད་ཆེ་འདུག ‘ཕ་ས་ཐི།’ ཉ་རློན་འདྲ་བ་འདིར་ལྟོས་དང་།”བསོད་དཔལ་གྱི་གདོང་ལ་འཛུམ་མདངས་དང་ཡི་རངས་ཀྱི་རྣམ་པ་མངོན་དེ་ཅུའུ་ཀྲང་ལ་དུ་བ་ཞིག་སྦྱིན་ནས་མེ་སྒྲོན་ཞོར་དུ་དེ་ལྟར་བཤད།  “ཅུང་ཙམ་མིན་ན་འདིའི་མཚར་ཞིག་ཉོ་ཐུབ་སོང་མོད། ཉིན་དེར་རྫོང་དཔོན་གྱི་སྔོན་ནས་སྐད་ཆ་ཞིག་བཤད་ནོར་ཐེབས་པས། ཞེས་ཅུའུ་ཀྲང་བདེ་མཆོག་གིས་ཕང་སེམས་ཆེན་པོས་འགྲམ་ཤར་བསྐོར་འཐེན་བྱེད་ཞོར་དུ་དུ་བ་རྔམ་འཐེན་བྱས།   
   རྫོང་མཁར་གྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་སྒོ་འགྲམ་གྱི་རྡོ་ཐེམ་ཐོག་ཏུ་ཅུའུ་ཀྲང་བདེ་མཆོག་སྐྱབས་དང་ཁོའི་འཁོར་སྐོར་ཞིག་ཉི་མར་ལྡེ་བཞིན་ར་བའི་ནང་གི་རླངས་འཁོར་དག་ལ་བལྟས་ནས་སྐད་ཆ་མང་བོ་གླེང་གིན་འདུག   རྫོང་མཁར་འདིའི་མགོ་ཁྲིད་སྐོར་ཞིག་ནམ་ཡང་འདི་ལྟ་བུ་ཞིག་ཡིན་ཏེ།  རང་གི་འཁོར་གཡོག་དག་དང་མཉམ་དུ་རླངས་འཁོར་གྱི་བཟང་ངན་དང་།  གྱོན་པའི་མཛེས་བཙོག   ལས་ཐོབ་དང་གོ་ས་སོགས་གླེང་དེ་ཉི་མ་མང་ཙམ་ཞིག་ཟད་འགྲོ་བཞིན་ཡོད། ཅུའུ་ཀྲང་བདེ་མཆོག་སྐྱབས་དང་བསོད་དཔལ་གཉིས་ནི་གཞིས་ནང་ལོར་གསར་དུ་ངོ་ཤེས་པ་ལས་སྤྱིར་ན་ཁོ་གཉིས་ནི་སྐྱེ་སའི་ས་ཕྱོགས་མི་གཅིག་ལ།  ལག་ཆགས་པའི་བརྒྱུད་རིམ་མི་འདྲ་བའི་མི་ཁ་ཁ་སོ་སོ་གཉིས་ཡིན། འོན་ཏེ་ད་ལྟ་ཁོ་གཉིས་ནི་གཉེན་ཉེ་རིང་ཞིག་གི་འདུན་པ་ཡོད་ཅིང་།   ཆུང་རིང་འདྲེས་ཤིག་གི་བརྩེ་བ་ལས་ཟབ་པའི་གྲོགས་འདང་ཆེན་ཞིག་གི་ཚུགས་ཀ་འདུག   བདེ་མཆོག་སྐྱབས་མཐོ་སྒང་གི་རྫོང་མཁར་ཆུང་ཆུང་འདིར་དང་ཐོག་ཇི་ལྟར་འོངས་པ་ས་གནས་འདིའི་མི་མང་བོ་ཞིག་གི་གསང་བ་ལྐོག་གྱུར་ཞིག་ཡིན་ལ།   ཡང་ན་ངོས་དང་རྒྱབ་གཉིས་སུ་སྐད་ཆ་ལབ་ལོབས་གང་མང་ཞིག་ཀྱང་དྲུད་དེ་འོངས་བ་ཡིན།     ལོ་དེར་ཁུལ་དང་རྫོང་གིས་གཅིག་གྱུར་གྱིས་ལས་བཟོ་བ་མ་བསྡུས་ལ། ཞིང་ཆེན་རིམ་པས་བཀོད་སྒྲིག་ནི་དེ་བས་ཀྱང་མ་ཡིན་པར་མིས་མི་གོ་ས་དང་ཁྱིས་མི་རིག་ས་ནས་མི་ཆ་མེད་ཅིག་སྲིད་གཞུང་གི་ལས་ཁུངས་ག་གེ་མོ་ཞིག་ཏུ་ཐོན་སོང་།    ལོ་ངོ་དེ་དག་གི་རིང་ནི་ས་གནས་འདིའི་ན་གཞོན་སློབ་ཆེན་མཐར་ཕྱིན་གྱི་ལས་ཞུགས་ཀྱི་གནད་དོན་ཆེ་བ་ནས་ཛ་དྲག་ཏུ་འཕེལ་བའི་སྒང་ཞིག་ཡིན་ཙ་ན་“ས་གནས་འདིའི་ཁྱིམ་ཐོ་མིན་པའི་ཅི་འདྲའི་ལས་བཟོ་བ་སླ་མོ་ཞིག”“ཁུལ་གྱི་མགོ་ཁྲིད་ག་གེ་མོ་ཞིག་གི་ཚ་བུ་རེད་ཟེར་གྱིན་འདུག”“ལས་ཁུངས་འདི་དང་ཁོས་བསླབ་པའི་ཆེད་ལས་གཉིས་རྒྱབ་འགལ་མ་རེད་དམ།”“ཁོའི་ངོ་ལ་བལྟས་ཀྱང་ཇི་འདྲའི་མི་གཡོ་སྒྱུ་ཅན་ཞིག་གི་ཚུགས་ཀ་འདུག”“རྒྱུ་ཡི་རྫོང་བ་མཐུག་ཅིང་ཁ་ཡག་ངོ་དགའ་ལ་བྱང་ཆ་ཡོད་པའི་མི་ཞིག་ཡིན་རྒྱུ་རེད།”“ཁོ་རང་སློབ་གྲྭ་ག་གེ་མོ་ཞིག་ནས་སྒྲིག་འགལ་གྱིས་རྒྱང་ཕུད་གཏོང་མྱོང་བ་རེད་ཟེར་གྱིན་འདུག”སོགས་བདེ་མཆོག་སྐྱབས་ལ་མངོན་ལྐོག་གཉིས་སུ་མི་འདོད་པའི་རྣམ་འགྱུར་སྟོན་
མཁན་མང་བོ་ཡོད་མོད།    གནམ་ངོ་ལ་མཆིལ་མས་མི་ཐེབས་པའི་དཔེ་ལྟར་ཐབས་ཤེས་ཅི་ཡང་མ་ཡོད་པར་ས་གནས་འདིའི་སྲིད་གཞུང་གི་ལས་བཟོ་བ་ཞིག་ཏུ་གྱུར་སོང་།    གོང་དུ་བཤད་པའི་སྐད་ཆ་འགའ་རེ་ནི་བདེན་པ་བདེན་དྲང་ཡིན་འདུག་སྟེ།ལོ་གཅིག་དང་ཕྱེད་ཙམ་གྱིས་ཁོ་རང་ལས་བྱེད་པ་དཀྱུས་མ་ཞིག་ནས་གཞུང་ལས་ཁང་ག་གེ་མོ་ཞིག་གི་ཀྲུའུ་རིན་གྱི་སྟེགས་བུར་འགྱིང་འདུག་ཅིང་། དེ་ནས་བཟུང་ཁོའི་སྐད་གདངས་ཇེ་སྦོམ་དུ་སོང་བ་དང་།   སྐད་ཆའི་ནང་དོན་མང་ཕྱོགས་མགོ་ཚུགས་ཀྱིས་བཟུང་ཡོད།    ད་ལྟའི་སྤྱི་ཚོགས་ནི་མི་དང་མིའི་བར་འབྲེལ་བ་འཛིན་མཁས་ཡིན་དགོས་པ་དང་།   མི་འདི་ནུས་པ་ཅན་ཞིག་རེད་ཅེས་པའི་བཤད་སྒྲོས་གཉིས་ནི་ཕལ་ཆེར་ལས་ཁུངས་རེ་རེའི་ལས་བཟོ་བ་ཚོས་བཤད་ཀྱིན་པའི་ཟེར་སྒྲོས་ཐུན་མོང་ཞིག་ཏུ་གྱུར་ཡོད་འདུག    ཁོ་ཚོས་བཤད་ཀྱིན་པའི་“འབྲེལ་བ་འཛིན་པ།”དང་།“ནུས་པ།”གཉིས་ནི་ཧ་ཅང་དགོད་བྲོ་བ་ཞིག་དང་ཡང་ན་ཡི་མུག་པའི་ལས་ཀ་ཞིག་ཏུ་གྱུར་དང་འགྱུར་གྱིན་འདུག་སྟེ།     མི་དཀྱུས་མ་ཞིག་གམ་ལས་ལས་བཟོ་བ་དཀྱུས་མ་ཞིག་གིས་གོ་གནས་ཕྲན་ཙམ་ཞིག་ཡོད་པ་དག་གི་སྔོན་ནས་མངོན་ལྐོག་གང་རུང་དུ་ཧྭ་པ་ལྟར་གུས་གུས་ཞུམ་ཞུམ་དང་ཁ་ཡག་ཚིག་རྒྱན། ཞབས་ཞུ་སྣ་ཚོགས་སོགས་བྱེད་མཁས་པོ་ཞིག་ལ་ངོས་འཛིན་གྱིན་འདུག   དེ་ལྟར་བྱེད་པའི་དམིགས་ཡུལ་ནི་རང་དོན་ཡིད་བྱེད་འབའ་ཞིག་ལས་བྱུང་བ་སྟེ།     མགོ་ཁྲིད་ཅིག་གི་སྔོན་ནས་འཁྲབ་སྟོན་ཡག་པོ་ཞིག་ཐུབ་ན་རང་ཉིད་ལ་མ་འོངས་པར་གོ་གནས་ཤིག་ཐོབ་འདོད་ཀྱི་འདུན་པ་གཅིག་པུ་མ་ཡིན་ནམ།   ཡང་ན་མགོ་ཁྲིད་ཅིག་དང་ཉེ་བཅར་ཅི་ཐུབ་བྱས་ན་རང་ཉིད་ལ་དོན་དག་གང་དང་འཕྲད་ཀྱང་ཁ་ངོ་སྟེར་རྒྱུར་དམིགས་པ་རེད།
   དེ་ལས་ལྡོག་སྟེ་མི་གཞི་ཡག་པོ་ཅན་དང་།  རིག་གནས་ཀྱི་ཚད་ཐིག་མཐོ་ཙམ་ཡོད་པ་དག་ནི་ཁོར་ཡུག་འདི་ནས་གོ་མེད་ཚོར་དུ་གྱུར་འགྲོ་ལ།    ལྷག་པར་དུ་དཔེ་ཀློག་ལ་དགའ་མཁན་དང་རྩོམ་ཡིག་འབྲི་མཁན་འགའ་རེ་ནི་གོང་གི་འཁོར་རྒྱུག་ཆེ་བའི་ལྟ་ཕྱོགས་དེས་ཅུང་མིག་ལམ་ལ་མི་འཇོག་པའི་ཚད་དུ་བསྐྱལ་འགྲོ་བཞིན་ཡོད།      ཤུགས་རྐྱེན་དེའི་དབང་གིས་སྐྱེས་པ་གང་མང་ཞིག་གི་བཟའ་ཟླ་ཚོས་རྒྱུན་དུ་“ཁྱོད་ལ་ནུས་པ་མི་འདུག”“མགོ་ཁྲིད་ལ་བཅར་མི་ཐུབ་པའི་སྙིང་མེད།” སོགས་མི་འདོད་པའི་འཁུན་པ་གང་མང་རེ་འབྱིན་བཞིན་ཡོད་པ་མ་ཡིན་ནམ།   
                                          ༢
   བདེ་མཆོག་སྐྱབས་རྫོང་འདིར་ལས་ཞུགས་བྱས་ནས་ཟླ་གཉིས་ལྷག་ལས་འགོར་མེད་ནའང་།  རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་དང་པོ།  དེ་བཞིན་དུ་རྫོང་དཔོན་གཞོན་པ་དག་དང་། ལས་ཁུངས་གང་མང་ཞིག་གི་ཅུའུ་ཀྲང་སོགས་རྫོང་མཁར་ཆུང་ཆུང་འདིའི་མགོ་ཁྲིད་ཕལ་མོ་ཞིག་ངོ་ཤེས་སུ་གྱུར།  ཁོས་ནམ་ཡང་དཔོན་མིང་ཅན་ཞིག་དང་འཕྲད་ཚེ།   “ཧྲུའུ་ཅི་ཆེ་གེ་མོ་གང་ལ་ཕེབས་ཀྱིན་ཡོད།”“རྫོང་དཔོན་ག་གེ་མོ་སྔ་དྲོ་བདེ་ལེགས།”“ཉིད་ཀྱི་འཇོན་ཐང་ནི་དངོས་གནས་ཧ་ལས་པ་ཞིག་རེད།”“ཉིད་ཀྱི་རིག་གནས་ལ་དངོས་གནས་མི་ཚོས་ཡི་རངས་བྱེད་ཀྱིན་འདུག”“ཉིད་ཀྱི་བྱེད་ཐབས་འདི་སྐྱེ་བོ་ཕལ་བ་སུ་ཞིག་གིས་དྲན་ཐུབ།”“ཉིད་ཀྱི་དེ་རིང་གི་གཏམ་བཤད་འདི་ཇི་འདྲའི་ཡག་ཨང་།”སོགས་ནམ་ཡང་མགོ་ཁྲིད་དག་ལ་སྐད་ཆ་རྣ་བར་སྙན་པ་དང་གུས་ལུགས་ཐུན་མོང་མ་ཡིན་པ་རེ་བྱེད་ཀྱིན་ཡོད་པས་ན་འཇིག་རྟེན་གཏམ་དཔེར།    “དོད་པ་བཤད་ན་མྱི་མི་དགའ།”ཟེར་བ་ལས།  བསྟོད་པ་བྱས་པ་སྐྱེ་བོ་ཕལ་མོ་ཆེ་ཞིག་མི་དགའ་མཁན་མེད་པས་བདེ་མཆོག་སྐྱབས་ཀྱིས་མགོ་ཁྲིད་གང་མང་ཞིག་གི་སེམས་སུ་བདེ་ཚོར་མང་བོ་བྱིན་མྱོང་བས་ཁོ་རང་ལ་ཉེ་བོ་བྱེད་མཁན་ཡང་ཇེ་མང་དུ་འགྱུར་བཞིན་ཡོད།    
   ཐེངས་དེར་རྫོང་དཔོན་དང་མཉམ་དུ་བདེ་མཆོག་སྐྱབས་སོགས་ལས་བཟོ་བ་འགའ་ཡུལ་ཚོ་ཞིག་ཏུ་གཤམ་བསྐྱོད་དུ་བཀོད་སྒྲིག་བྱས་འདུག   བདེ་མཆོག་སྐྱབས་ཀྱི་ཡིད་ལ་སྤྲོ་བ་རབ་ཏུ་འཕེལ་ཏེ།    ད་ཐེངས་ཀྱི་གོ་སྐབས་འདིར་རྫོང་དཔོན་ལ་བཅར་ཡག་
ཅིག་བྱེད་དགོས་སྙམ་སྟེ་སེམས་སུ་ཇི་ལྟར་ཉེ་བཅར་གྱི་སྐྱ་ཐིག་མང་བོ་འདེབས་བཞིན་ཡོད།    
   ཉིན་དེའི་ཞོགས་པར་རྫོང་མཁར་ནས་རྫོང་དཔོན་གཙོའི་གཤམ་བསྐྱོད་མི་སྣས་མཉམ་གཅིག་ཏུ་ཞོགས་ཟས་ཟོས་ནས་འགྲོ་རྒྱུ་གཏན་འཁེལ་བྱས་ཡོད་པས།  བདེ་མཆོག་སྐྱབས་སྔ་མོ་ནས་ལངས་ཏེ་ཟ་ཁང་གི་སྒོ་ཁ་རུ་རྫོང་དཔོན་སྒུག་ནས་བསྡད་ཡོད།    ཆུ་ཚོད་ཕྱེད་ཙམ་སྒུག་མཐར་རྫོང་དཔོན་གྱི་རླངས་འཁོར་མངོན་བྱུང་།  ཁོ་རང་མདུན་དུ་བརྒྱུག་སྟེ་རྫོང་དཔོན་བསྡད་ཡོད་སའི་རླངས་འཁོར་གྱི་སྒོ་ཕྱེས་པ་དང་།   གུས་འདུད་དང་བཅས་“རྫོང་དཔོན་སྔ་མོ་བདེ་ལེགས།”  “འདི་འདྲའི་སྔ་མོར་ལངས་ནས་འཁྱག་གམ།”སོགས་སྐད་ཆ་མང་བོ་གཅིག་འཕྲོར་གཅིག་བཤད་ཞོར་དུ་རྗེས་འབྲང་ནས་ཟ་ཁང་དུ་འཛུལ། དབྱར་ཟླ་དང་པོ་ཚེས་ལ་ཉེ་ནའང་རྫོང་མཁར་འདིའི་ཞོགས་པའི་མཁའ་དབུགས་ཅུང་འཁྱག་པས།    དབྱར་ཁ་ལྟར་ཟ་ཁང་གི་སྒོ་འགྲམ་དུ་མདུན་ཅོག་དང་རྐུབ་སྟེགས་སྒྲིག་མེད་མོད་སྒོ་ཐད་ཀྱི་སྲང་ལམ་གྱི་མཐའ་གཉིས་སུ་རླངས་འཁོར་དང་འཕྲུལ་རྟ་ཅུང་མང་བོ་ཞིག་བཞག་ཡོད་པར་བལྟས་ན་ཞོགས་ཟས་ཁང་ཆུང་ངུ་འདིའི་ནང་དུ་ཁ་ཟས་ལ་རོལ་མཁན་མི་ཉུང་བ་ཞིག་ཡོད་པ་ཤེས་ཐུབ།    ཞོགས་ཟས་ཆེད་གསོལ་ཁང་གཉིས་གསུམ་ཞིག་ལས་མེད་པས་ཞིང་ཆེན་ཕྱི་ནས་འོངས་པའི་སྦྱིན་བདག་འདི་ཚང་ཡང་རྒྱུ་ཐོག་ལ་རྒྱག་བཞིན་ཡོད་པ་སྨོས་མེད་རེད།    
   བདེ་མཆོག་སྐྱབས་ཀྱིས་རང་ལ་དེ་འདྲའི་འགན་ཁུར་མེད་བཞིན་དུ་ཁ་སྔ་རྟ་མགྱོགས་བྱས་ནས་རྫོང་དཔོན་ལ་རྒྱ་སྐད་དང་བོད་སྐད་འདྲེས་མའི་སྒོ་ནས་གང་ཞིག་བཞེས་འདོད་དྲིས་ཤིང་ཕྱོགས་གཅིག་ནས་ཇ་ཕོར་དུ་ཇ་ལྡུག   ཁོ་ཚོས་ཤ་མོག་དང་བྱེ་ཐོ། སྒོ་ང།    སྲན་ཁུ།    འབྲས་ཐུག་དྭངས་མོ་སོགས་གང་ལ་གང་འདོད་ཅིག་བླངས་ཤིང་ཟས་ལ་རོལ་བ་དང་གཙང་ཤོག་ཕངས་མེད་དུ་བཏོག་སྟེ་མཆུ་ཏོ་ཕྱི་བཞིན་འདུག  བདེ་མཆོག་སྐྱབས་ཀྱིས་རྒྱུན་དུ་དོམ་སྔོན་རྟགས་ཅན་གྱི་དུ་བ་ལས་འཐེན་གྱིན་མེད་ནའང་།   ཐེངས་འདིར་ཆེད་དུ་གྲ་སྒྲིག་བྱས་པའི་ཀྲུང་ཧྭ་རྟགས་ཅན་གྱི་དུད་སྒམ་ལས་དུ་བ་བླངས་ཏེ་རྫོང་དཔོན་ལ་མེ་སྒྲོན་ཞོར་དུ་སྐད་ཆ་ཡག་པོ་གང་མང་ལབ་ཀྱིན་ཡོད།    “ཕ་བཟང་བུ་དང་འདོ་རིགས་རྟ།   ནམ་ལངས་དུས་བྱང་ལམ་མཚམས་ན་ཡོད།   ཟེར་ནི་རེད།   ཧ་ཧ་
ཧ།    དེ་རིང་ང་ཚོ་ངོ་མ་སྔ་མོ་འདུག”བདེ་མཆོག་སྐྱབས་ཀྱི་གདོང་ལ་འཛུམ་ལངས་ཞོར་དུ་དེ་ལྟར་ཀུ་རེའི་སྐད་ཆ་བཤད།   “ང་ཚོ་རྟ་ཞིག་གི་དཔེར་བཀོད་པ་ནི་དེ་འདྲའི་ཡག་པོ་ཨེ་འདུག་གམ།”“ཧ་ཧ་ཧ།    ཧ་ཧ་ཧ།”རྫོང་དཔོན་གྱིས་ཀྱང་དེ་ལྟར་ཀུ་རེ་རྩེས་པ་ན།    བདེ་མཆོག་སྐྱབས་ཀྱི་གདོང་དམར་པོར་གྱུར་ཀྱང་མྱུར་དུ་རྣམ་རིག་སྒྲིམ་སྟེ།   “ང་ཚོ་རྟ་རེ་ཡིན་པའི་དབང་དུ་བཏང་ནའང་རྫོང་དཔོན་ལགས་ནི་ལྷ་རྟ་རྐྱང་ངུ་ཡིན་ངེས་རེད་ལ།     ང་ཚོ་ནི་རྨ་རྟ་ཕོ་ལུག་རེ་ཡིན་ངེས་རེད།” “ཧ་ཧ་ཧ།    ཧ་ཧ་ཧ།”ཁོ་ཚོས་བཤད་ཞོར་དང་དགོད་ཞོར་དུ་ལམ་ལ་ཆས།      བདེ་མཆོག་སྐྱབས་ཀྱིས་དངོས་གནས་ཐེངས་འདིའི་གཤམ་བསྐྱོད་ལས་རྫོང་དཔོན་དང་འབྲེལ་འདྲིས་ཟབ་མོ་ཞིག་ཐུབ་སོང་། ཁོ་རང་རྫོང་དཔོན་དང་ཉེ་བར་བཅར་བས་རྫོང་དཔོན་གྱི་དགའ་ཕྱོགས་མི་ཉུང་བ་ཞིག་ཤེས་སོང་བ་དང་།    དེ་ལས་རང་གིས་རྗེས་ཕྱོགས་དཔོན་པོའི་ཐུགས་དགྱེས་བྱེད་མང་བོ་ཞིག་ལ་བསམ་གཞིག་གང་མང་གཏོང་བཞིན་ཉིན་ལྔའི་གཤམ་བསྐྱོད་རྫོགས་ཏེ་ཕྱིར་རྫོང་མཁར་དུ་ལོགཐེངས་འདིའི་གཤམ་བསྐྱོད་ཚོགས་ཆུང་དང་འགྲོགས་པའི་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ་དང་།     སྲིད་གཞུང་གི་དྲུང་ཡིག་སོགས་ཀྱིས་རྫོང་དཔོན་གྱིས་བྱ་བར་གཟིགས་ཞིབ་བྱས་པའི་གནས་ཚུལ་དག་བརྙན་དང་པར།  ཡི་གེ་སོགས་ཀྱི་ལམ་ནས་དྲིལ་བསྒྲགས་ཇི་ལྟར་བྱེད་པར་ཀླད་པ་འགུལ་བཞིན་ཡོད་ལ།     བདེ་མཆོག་སྐྱབས་ཀྱིས་རྗེས་ཕྱོགས་རྫོང་དཔོན་གྱི་ཐུགས་དམ་སྐོང་བར་ཇི་ལྟར་འབད་པ་དང་བྱེད་ཐབས་འཚོལ་དགོས་པར་བསམ་གཞིག་ནན་མོ་བྱེད་ཀྱིན་ཡོད་པ་སྨོས་ཅི་དགོས།     
   རྫོང་མཁར་ཆུང་ཆུང་འདིའི་སྲང་ལམ་དུ་མི་ཚོགས་ཀྱི་འདུ་འགོད་ཅེས་བརྗོད་ས་ཞིག་མེད་མོད། གློག་དམར་གྱི་ཚོད་འཛིན་མེད་པའི་བཞི་མདོ་དང་སུམ་མདོ་སོགས་སུ་རླངས་འཁོར་ཆུང་ངུའི་རིགས་མང་བོ་ཞིག(དེ་དག་ལས་ཕལ་ཆེར་བ་ཞིག་འཁོར་ནག་ཡིན་འདུག)འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་དོ་སྣང་མེད་པའི་སྒོ་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་ཡོད་ལ།    སྲང་ལམ་གྱི་དཀྱིལ་ནས་བསྡད་དེ་ཤེལ་སྒོ་ཕབ་ནས་ཁ་ལོ་བ་གཅིག་གིས་གཅིག་ལ་ཁ་བརྡ་བྱེད་པ་དང་།   ཡང་ན་མི་རེར་སྐད་ཆ་གང་ཞིག་ལབ་སྟེ་བསྡད་ཡོད་པས་སྔོན་རྗེས་ཀྱི་རླངས་འཁོར་དག་ལ་ཧ་ཅང་སྟབས་མི་བདེ་བ་བཟོ་བཞིན་ཡོད་པ་དང་།   དེ་དང་འབྲེལ་འགྲིམ་འགྲུལ་གྱི་ཉེན་ཁའང་གང་མང་འབྱུང་བཞིན་ཡོད་རྒྱུ་རེད་སྙམ་པའི་ཚོར་བ་སྟེར་འོངས།    
                                         ༣
   གཤམ་བསྐྱོད་དུ་ཕྱིན་ཏེ་གཟའ་འཁོར་གསུམ་འགོར་རྗེས་ཀྱི་དགོང་མོ་ཞིག་ཏུ་བདེ་མཆོག་སྐྱབས་ཀྱིས་རྫོང་དཔོན་གྱི་ཁྱིམ་ན་ཁང་ཁྱིམ་དེའི་བུ་རྫི་ལྟར་རྫོང་དཔོན་གྱི་གྱོན་པ་བཀྲུ་བ་དང་།   སྒོ་ཕྱི་ནང་གད་བདར་བྱེད་པ།    ཇ་སྐོལ་བ་སོགས་ལ་བྲེལ་བཞིན་ཡོད།    “རྫོང་དཔོན་ལགས་ལས་གྲོལ་བྱས་སོང་ངམ།    དཀའ་ལས་མྱངས་ཨེ་བྱུང།”རྫོང་དཔོན་ཁྱིམ་དུ་ལོག་པ་ན་བདེ་མཆོག་སྐྱབས་ཀྱིས་གུས་གུས་ཞུམ་ཞུམ་ངང་སྣེ་ལེན་བྱས།
   རྫོང་དཔོན་དེ་རིང་ལས་ཀ་ཅུང་ལྕི་མོ་ཞིག་ལ་འཕྲད་ཡོད་པ་ཡིན་ནམ། གདོང་མདོག་དེ་འདྲ་ལེགས་རྒྱུ་མི་འདུག འབོལ་ཁྲིའི་སྟེང་ངལ་བའི་རྣམ་པའི་བསྡད་དེ་རྒྱབ་བསྙེས་ནས་སྐད་ཆ་གང་ཡང་མི་ལབ།    བདེ་མཆོག་སྐྱབས་མྱུར་སྟབས་དང་གོམས་
ལོབས་ཡོད་པའི་སྒོ་ནས་ཇ་ཕོར་དུ་དྲི་ཞིམ་ལུས་གསོ་རྟགས་ཅན་གྱི་ཇ་ཞིག་སྦངས་ནས་རྫོང་དཔོན་གྱི་མདུན་དུ་བཞག་སྟེ་“ཇ་བཞེས་དང་། འདི་ནི་ངས་ཉེ་སྔོན་ཟི་ལིང་ནས་ཆེད་དུ་ཉོས་ཏེ་འོང་བ་ཡིན།   གཞན་གྱིས་བཤད་ན་ཧ་ཅང་ཞིམ་པ་དང་ལུས་ལ་འཕྲོད་པོ་འདུག་ཟེར།”ཁོ་གཉིས་ཀྱིས་ཇ་འཐུང་ཞོར་དུ་ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག་ལ་བལྟས།   གསར་འགྱུར་ལ་བལྟ་སྐབས་རྫོང་དཔོན་གྱིས་གསར་འགྱུར་གྱི་ནང་དོན་གང་ཞིག་ལ་རང་གི་ལྟ་ཚུལ་ལམ་འདོད་ཚུལ་རེ་གླེང་ཚེ་བདེ་མཆོག་སྐྱབས་ཀྱིས་ཡོད་ཚད་ཡིན་འཇོག་དང་བསྟོད་བསྔགས་ཀྱི་རྒྱན་ཆ་སྤྲས་ཏེ་བཤད་གང་ཐུབ་བྱས་པས་རྫོང་དཔོན་གྱི་གདོང་ལའང་ད་སྔོན་གྱི་ངལ་བ་དེ་རིམ་བཞིན་མེད་པར་གྱུར།   རྫོང་དཔོན་འདིར་འོང་ནས་ལོ་ངོ་གསུམ་ལྷག་འགོར་ཡོད་མོད་ཁྱིམ་ཚང་གནས་སྤོ་བྱས་མེད།    བཟའ་ཟླས་གྲོང་ཁྱེར་ན་ལས་ཞོར་དུ་བྱིས་པ་སློབ་གྲྭར་འགྲོ་བར་བལྟས་ནས་བསྡད་ཡོད་ལ། བྱིས་པ་གཉིས་ཀྱིས་བོད་སྐད་ལེགས་པོ་ཞིག་བཤད་མི་ཤེས་ཤིང་།   བོད་ཡིག་ནི་དེ་བས་ཀྱང་སྟེ། གསལ་བྱེད་སུམ་ཅུ་ལས་ཀ་སྡེའང་གྲལ་དག་ཅིག་ཀློག་ག་ལ་ཤེས།   ཕ་ཡུལ་གྱི་གཉེན་ཉེ་དང་ཡུལ་མི་ཚོའི་སེམས་ནང་དུ་ཕ་མ་གཉིས་ཀ་བོད་དག་མ་ཡིན་པའི་ཁྱིམ་ཚང་ཞིག་གི་བུ་ཕྲུག་རེད་ཟེར་ན་བདེན་དུ་མི་རློམ་པའི་ཚད་དང་མགོ་བོ་ཐད་དུ་གཡུག་པའི་ཚད་དུ་སླེབས་ཡོད། དེའི་ཕྱིར་རྫོང་དཔོན་ནི་ས་འདི་རུ་མི་རྐྱང་རྟ་རྐྱང་ཡིན།   “དོ་ནུབ་སྒྲིག་ཤོ་རྩེ།  ཁྱོད་ཀྱིས་གསེར་མོ་མཚོ་(རྫོང་བུད་མེད་མཐུན་ཚོགས་ཀྱི་ཀྲུའུ་རིན)དང་བཀྲ་ཤིས་རྒྱལ་(རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང)གཉིས་ལ་ཁ་པར་ཐོངས་དང་།”རྫོང་དཔོན་གྱིས་དོ་ནུབ་རྩེ་ཞེས་པའི་སྐད་ཆ་དེ་ངག་ལས་བུད་པ་ན་བདེ་མཆོག་
སྐྱབས་ཀྱིས་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་དགའ་སྟེ།   “འོ་ཡ་ཡ།   དཔོན་པོ་ཚོས་དངོས་གནས་ཉིན་གང་བོར་གཞུང་དོན་རླབས་པོ་ཆེ་ཏག་ཏག་བསྒྲུབ་པས་ཐང་ཆད་ཡོད་རྒྱུ་རེད།    དེ་བས་མཚན་མོར་ལུས་སེམས་ལྷོད་ལ་འབབ་བྱེད་དུ་རྩེད་མོ་རེ་བརྩེས་ན་ཤིན་ཏུ་འཚམ་པོ་འདུག་ཅེས་ངོ་འཛུམ་དང་བཅས་ཁ་ཡག་བཤད་ཞོར་དུ་ཕ་རོལ་བོ་གཉིས་ལ་མྱུར་དུ་ཁ་པར་བརྒྱབ།“ཝེ།     རྫོང་དཔོན་གྱིས་དོ་ནུབ་སྒྲིག་ཤོ་རྩེ་ཞེས་གསུང་གནང་གི་འདུག་མྱུར་མོར་ཤོག”ཅེས་སོ་སོར་གོམས་ལོབས་ལྟར་ཁ་པར་བཏང།“འོ་ཡ་མགྱོགས་པོར་ཐོན་ངེས།”ཕ་རོལ་བོ་ནས་ཀྱང་དེ་མ་ཐག་ཁས་བླངས།  བཀྲ་ཤིས་རྒྱལ་གྱིས་ནུབ་ཟས་ཟ་བཞིན་པའི་སྒང་ཡིན་ཡང་ཟ་འཕྲོ་བྱས་ནས་དུ་བ་ལེགས་པོ་ཞིག་ཡོད་པ་གློ་ཁུག་དུ་བཅུག་ནས་བྲེལ་འཚུབ་ཀྱིས་ལམ་ལ་ལངས།  ཁོ་རང་ན་ནིང་ཅུའུ་ཀྲང་གོ་སའི་འགྲན་རྩོད་ཁྲོད་ཅུའུ་ཀྲང་གི་གོ་སར་བུད་ཐུབ་པ་རྫོང་དཔོན་གྱི་དྲིན་ཡིན་པ་རང་གི་སེམས་ན་གསལ་ལྷང་ལྷང་ཡིན།   རྩེད་མོ་འདི་འདྲའི་སྐབས་སུ་བདེ་མཆོག་སྐྱབས་ནི་མེད་དུ་མི་རུང་བ་ལྟ་བུའི་མི་ཞིག་ཡིན་ཏེ།   ཁོས་ཀུ་རེ་དང་སྐད་ཆ་རུང་མཐུན་དག་གིས་ཕ་རོལ་བོའི་སེམས་སུ་བདེ་བ་འཛད་མེད་རེ་སྟེར་ཐུབ།    རྩེད་ཐེངས་དེར་བདེ་མཆོག་སྐྱབས་ཀྱིས་རྫོང་དཔོན་གྱིས་སྒོར་མོ་ལོན་པར་ངེས་ཚེ་རང་གིས་བསམ་བཞིན་དུ་ལོན་དུ་མ་བཅུག་པ་སོགས་ཀྱིས་བསྡོམས་པས་ཁོས་སྒོར་སྟོང་གཅིག་ཤོར་སོང་ཡང་འགྱོད་པ་ཕྲ་མོ་ཙམ་ཡང་མེད་དེ་རང་གིས་རྫོང་དཔོན་གྱི་ཐུགས་མཉེས་པོར་བྱེད་རྒྱུ་ནི་རང་གི་ཕུགས་བསམ་དང་འབྲེལ་བ་དམ་པོ་ཡོད་པ་མ་ཡིན་ནམ།   

                              ༢༠༡༣ལོའི་སྤྱི་ཟླ་༤བའི་ནང་ཕ་ཡུལ་དུ་བྲིས།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་དང་གོ་ས།

2013-12-09 ཁང་གསར་ཚེ་དབང་རིག་འཛིན།༼མགོ་ལོ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།