གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲེན་མོ་ཞིག་ལ་སྒྲུང་བཤད་པ།

2015-04-09 22:05:04 རྒྱུ་ནག ཀློག་གྲངས། མཆན ཡོད།

  སྐབས་འདིར།སྒྲེན་མོ་དེས་ཡང་ང་ཡི་སྒེའུ་ཁུང་དུ་སྐེ་བསྲིངས་བྱུང་བས། ང་ཡིས་རྭ་ལྟར་གྱོང་བའི་ཕོ་རྟགས་ཀྱི་ཚབ་བྱས་ཏེ་མོ་ལ་ཆགས་པ་བསླང་བའི་ཐབས་སུ། སྒྲུང་ཐུང་ཐུང་འགའ་འཆད་དོ།།

               སྒྲུང་དང་པོ།

  ར་ཙེ་ཆང་གིས་ཉིན་གསུམ་ལ་ཉོབ་དྲར་བཟུང་རྗེས།ས་སྲོད་ཞིག་ལ་སད་པའིི་ཁོ་གཅེར་བུར་ཕྱི་རོལ་ཏུ་བརྒྱུག་ནས་ཉི་མར་ལག་སྙོབ་འགའ་བྱས་ཡང་།དེ་ཉིད་མ་ཟིན་པར་ནག་ཉེས་ལྡུག་སའི་མུན་པའི་ཁ་ཆེན་པོར་ལྷུང་ཚར།ཕྱིར་འཁོར་ནས་རང་ཡུལ་གྱི་ཁ་ཕྱོགས་སུ་འདོད་པ་དེར་སྤོ་བསམ་དུས།རྐང་འོག་གི་ས་ནི་འདུམ་བག་ལྟ་བུའི་རྫབ་རྫོབ་ཞིག་སྟེ།རྐང་བ་གཉིས་པོ་ཡོངས་སུ་ཟུག་པར་མ་ཟད་རླུག་འབྲས་འང་ས་ངོས་སུ་གླན་འདུག ཞེད་སྣང་གིས་དེད་པའི་ཁོས།"ང་འདི་ཇི་འདྲའི་ཀློས་དབལ་ཚ་བ་ལ།འཚུབ་ཆ་ཞིག་གིས་འདམ་བག་ཏུའང་མཆོངས་འདུག"་ཟེར་ནས་ཕྱོགས་མང་པོར་ནུར་རྗེས།སྔར་གྱི་ཆང་ཁང་དེར་སླེབས་འདུག་ཅིང་།དགའ་ཚོར་ཞིག་གིས་ཧབ་ཆ་འཐེན་འདོད་དུས།རང་གི་མ་མགལ་ས་ངོས་སུ་གཏད་འདུག་པ་ངང་གིས་ཚོར།

              སྒྲུང་གཉིས་པ།

  ངོ་གདོང་གབ་པའི་སྒྲེན་མོ་དེས།ཆགས་པ་བསླང་ཐབས་སུ་རྒྱ་སེ་གཅིག་གིས་མཚན་མ་གཡབ་ནས།ནུ་འབུར་གཉིས་བྱིས་པ་ཚོ་ཀ་རས་འབྲིད་པའི་ཚུལ་གྱིས་འགུལ་བ་ན།ར་ཙེ་ནི་དགུན་ཁའི་དུས་སུའང་གཅེར་བུར་དབུགས་ཧལ་ཧལ་གྱིས་དེའི་ཕྱོགས་སུ་བརྒྱུགས།གོར་ཐིག་མན་དུ་ལྷུང་བའི་ནམ་ཟླས།སྣ་སྒོ་ནས་ཐོན་པའི་དབུགས་གཟུགས་དག་དར་གྱི་རི་བོ་རེ་རེར་ཆགས་སུ་བཅུག་ཅིང་ཁོ་ཉིད་དེ་རུ་ཚུད།གྲང་བས་བཅུམ་ནས་ཡན་ལག་དག་ཆེས་ཆེར་སྐྲངས་ཤིང་།གས་ཁ་དག་ནས་སྣག་ཁྲག་་འཛག་འོངས་དུས།ར་ཙེ་འཕག་ཚགས་ཤིག་གིས་རྨི་ལམ་ལས་གྲོལ།ཞེད་སྣང་ཞིག་གིས་སྟབས་སྟབས་པོར་རྐང་བར་ལག་པས་མྱོང་མྱོང་བྱས།"ཨ་ཙི།འདི་དག་ཇི་འདྲའི་ཕྲ་བ་ལ།རྐང་བ་གཉིས་པོ་ཅིའི་ཕྱིར་ཕོ་མཚན་ལས་ཕྲ་བོར་ཆགས་འདུག " "ཨ་ཙི།ལག་པ་ཅིའི་ཕྱིར་རྐང་བ་ལས་ཀྱང་ཕྲ་བོར་ཆགས་འདུག མགོ་བྱ་སྒོང་ལྟ་བུ་ཞིག་ལས་མེད་པ་འདི་ཅི།" "ཨ་ཙི།ཕོ་བ་ཇེ་ཆུང་དུ་མ་སོང་བར་ཇེ་ཆེར་སོང་བ་འདི་ཅི།"སྡུག་འཛུབ་ལྟ་བུའི་ཕོ་རྟགས་དེ་ད་དུང་ཀེར་འདུག

              སྒྲུང་གསུམ་པ།

  སྲང་མདོ་ཞིག་ནས། རང་ཉིད་ཕོ་ཞིག་ཡིན་པ་མཚོན་བྱེད་ཀྱི་རྟགས་དེ་དང་། མུ་གེ་མི་ཐེབས་སྤྱད་ཀྱི་དཔེ་ཆ་དང་དངུལ་སིལ་མ་འགའ་རྡོག་ཁྲེར་ཁུར་བའི་ང་རྒྱུས་ཡོད་ཅིག་ལ་ཕྲད་བྱུང་། ཁོས་རས་ཁུག་ཅིག་གི་རྐུབ་ལ་བུ་ག་གཉིས་བཏོད་ནས་རྐང་བ་གཉིས་པོ་དེ་ལས་བྱུང་བ་དང་།རས་ཁུག་གི་རྐེད་པ་སོ་སོར་བུ་ག་རེ་བཏོད་ནས་ལག་པ་གཉིས་པོ་དེ་ནས་བཏོན།རས་ཁུག་གི་ཁ་སྐེ་མཚམས་ནས་བསྡམ་འདུག བལྟས་ཚོད་ལ་ཡན་ལག་ཐོག་པའི་རས་ཁུག་ཅིག་སྲང་བར་དུ་འཁྱར་བར་འདོད་པས་དགོད་ཁ་འཆོར་སྤྱད་ཅིག་དང་།ཡང་འགུལ་རིས་གློག་བརྙན་གྱི་མི་སྣ་ཞིག་དངོས་ཡོད་འཚོ་བར་འཁྱམ་པ་ལྟ་བུའི་མཚར་སྣང་ཞིག་ཡང་ཡོད་ཀི དེ་ལྟར། ངས་ཡུད་ཙམ་ལ་ཁོར་བལྟས་རྗེས། "ཨ་རོགས། ངས་ཁྱོད་ངོ་ཤེས་ཡི།ཁྱོད་ཀྱི་མགོ་དང་རྐང་ལག་བཞི་བོར་སྐྱོན་མེད་དམ།ཁྱོད་ཀྱི་ཕོ་བ་ཡར་ཁྱོག་གམ།ངས་ཁྱོད་ལ་སེམས་ཁུར་དག་དག་བྱས་ནས།ད་སྐྲ་ཐམས་ཅད་བྱི་ནས་མགོ་སྐྱི་ལས་ལྷག་མེད།ཁྱོའི་་་་་་་་་།" མི་དེས།ངའི་ཚིག་མཚམས་བཅད་ནས།ཁྱོད་སྨྱོན་པ་ཞིག་རེད་ཅེས་ཐག་གིས་བཅད།སྒྲུབ་བྱེད་ནི་ངེད་གཉིས་རྩ་བ་ནས་ངོ་མི་ཤེས་ཟེར། དེ་འཕྲལ། ཁོས་ལམ་འགྲོ་བ་དག་ལ་ཕྱོགས་ནས་སྐད་ཆེན་པོས། འདི་ན་ནད་ཀྱིས་མནན་ནས་རྐང་ལག་བཞི་བོ་སྐྲངས་བའི་སྨྱོན་པ་ཞིག་འདུག་ཟེར། དེ་མ་ཐག་ཏུ། མཆེ་བ་སྐྱེས་འདྲའི་མིག་ཟུང་མང་པོས་སྐད་ཅིག་ཉིད་ལ་རུབ་ཞིང་ང་རང་རྨུག་ནས་ར་རོར་བཏང་། ངས་རང་ཉིད་ཀྱི་མཚན་མོར་འདམ་བག་ཏུ་ཨེ་ལྷུང་དོག་ནས་ཉོས་པའི་གློག་སྒྲོན་ཆུང་བ་དེ་བཀར་ནས་ཁོ་ཚོར་ལྟ་དུས། མ་གཞིར། ཁོ་ཚོའི་རྐང་ལག་ནི་ངའི་འཛུབ་མོའི་སྤོམ་ཕྲ་དང་མགོ་བོ་ནི་ངའི་རླུག་འབྲས་ལྟ་བུ་ལས་མེད་ཀི

  སྒྲུང་དག་བཤད་ནས་འདིར་ཐོན་དུས། སྒྲེན་མོ་དེས་ཁྲོ་ཉམས་དང་བཅས།སྡིག་སྒྲུབ་མཐའ་དག་ར་ཙེ་ལ་དཀྲི་བ་ནི་ཁྱི་སྐྱག་རེད། དོན་ངོ་མར་བཤད་ན། སྒྲུང་འདིའི་བྱེད་པོ་གཙོ་བོར་ར་ལོ་ལས་ར་ཙེ་ཟེར་ནི་མ་རེད། ཁྱོད་ཐོག་མ་ནས་འཆུགས་འདུག་ཅེས་འཚུབ་ཆ་བརྡར་བྱུང། ངས་མགྱོགས་པོར། མ་རེད། ར་ཙེ་ནི་ར་ལོའི་ཤ་ཉེ་ཞིག་རེད་ཅེས་གསལ་ཆ་ཕབ་མོད།མོ་སྔ་མོ་ནས་སོང་ཞིང་། ནག་ཉེས་ལྡུག་སའི་མོ་མཚན་ལྟ་བུའི་ནག་ཁུང་ཁུང་གི་སྒེའུ་ཁུང་ཁོ་ན་ང་ལ་བསྐྱུར་འདུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།