ཞག་གཅིག་ཉལ་རོགས།

རྒྱལ་རྩེའི་ཕོ་གཞོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-26

  རྟ་བདུན་དབང་པོ་ཉིན་གཅིག་གི་འགྲུལ་བཞུད་ལ་ཐང་ཆད་དེ་ནུབ་ཕྱོགས་ཆུ་ལྷའི་འཕང་བར་ཡིབས་ཟིན་ཞིང་མུན་པའི་ཡོལ་བ་ག་ལེར་ས་གཞི་ཡོངས་ལ་ཁྱབ་ཟིན་པས་འགྲེང་དུད་ཡོད་རྒུ་ཉིན་གཅིག་གི་ངལ་དུབ་ཡོད་ཚད་གྱོན་གོས་དང་ལྷན་དུ་ཕུད་དེ་རྨི་ལམ་སྐྱིད་པོ་ཞིག་གི་སྟ་གོན་ལ་རོལ།དེ་རིང་ནི་རེས་གཟའ་སྤེན་པ་ཡིན་པས་བདེ་སྐྱིད་ཀྱིས་ཆུ་ཚོད་ལ་བལྟ་ཙམ་བྱས་ནས་ངོ་སྐྱིགས་མར་བཤུས་ཏེ་ངོ་གདོང་གཙང་མར་འཁྲུས་རྗེས་འཁྲུས་ཆས་ཀྱི་ཁུག་མ་ཆེན་པོ་ཞིག་ནས་མཛེས་བཟོའི་ཡོ་བྱད་དང་བྱུག་རྫས་དག་རེ་རེ་བཞིན་བཏོན་ཏེ་ཉལ་ཁང་གི་གྱང་ལོགས་སུ་སྦྱར་བའི་ཤེལ་སྒོ་ཆེན་པོ་ཞིག་གི་མདུན་དུ་ངོ་གདོང་ལ་མཛེས་བཟོ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བྱས་ཤིང་གྱོན་གོས་མཛེས་ཤོས་དག་བརྗེས།དེ་ནི་རང་གི་ལུས་པོ་དེ་ཉིད་སུ་ཞིག་ལ་འོས་སྦྱོར་བྱེད་པའི་སྟ་གོན་ལ་བྲེལ་བ་དང་གཉིས་སུ་མ་མཆིས།
  ཆུ་ཚོད་བཅུ་གཅིག་ཟིན་པ་དང་བདེ་སྐྱིད་ཀྱིས་ས་ཆ་གཞན་ན་ཡོད་པའི་རང་གི་ཟླ་བོ་དོན་གྲུབ་ལ་རང་ཉིད་གཟུགས་པོ་བདེ་པོ་མེད་པས་སྔ་ཙམ་ཉལ་གྱི་ཡིན་ཞེས་པའི་ཁ་པར་སྟབས་བདེ་ཞིག་བརྒྱབ་ཏེ་ཁ་པར་སླེབས་རྒྱུ་མེད་པ་བཟོས་ནས་དེ་རིང་སྔ་དྲོ་གཞུང་ལས་ཁང་དུ་ཁ་ཆད་བྱས་ཟིན་པ་ལྟར་རང་གི་ལས་རོགས་ཡིན་ལ་ཆང་འཐུང་གྲོགས་མོ་ཡང་ཡིན་པའི་སྲི་ཆོས་དང་གཡུ་སྒྲོན།སྒྲོལ་མ་བཅས་དང་མཉམ་དུ་སྤེན་སྐྱིད་གཏོང་བར་སོང་།ལམ་སྒྲོན་གྱི་གློག་འོད་རྣམ་པར་བཀྲ་བའི་རྫོང་གྲོང་གི་མཚན་ལྗོངས་ནི་དེ་འདྲའི་མཛེས་ཤིང་སྡུག་པ་ཞིག་ཡིན་མོད་གོམ་པ་འཁྱར་འཁྱོར་དུ་སྤོ་ཞིང་ཁ་ནས་བཙོག་གཏམ་འཛེམས་མེད་དུ་སྨྲ་བའི་ར་བཟི་བ་དག་གིས་བར་མེད་དུ་སྐྱུགས་པའི་སྐྱུག་པ་དང་གང་སར་བཏང་བའི་བཙོག་གཅིན།ད་དུང་ནང་མ་ཁང་དང་ཨར་ཁང་གི་སྒེའུ་ཁུང་ལས་གྲགས་འོང་བའི་འུར་ཐིང་ཐིང་གི་རྡིང་སྒྲས་རྫོང་གྲོང་འདིའི་ལྷིང་འཇགས་ཀུན་ནས་དཀྲོགས་ཤིང་དྲི་ངན་གང་ས་ནས་འཐུལ།བདེ་སྐྱིད་དང་མོའི་གྲོགས་མོ་ཚོས་བསྲེགས་ཟས་ཟ་ཁང་ཞིག་ནས་བསྲེགས་ཟས་གང་འདོད་ཅིག་བཟས་རྗེས་མི་རིགས་སྒྱུ་སྩལ་གླིང་ཞེས་པའི་མིང་དོན་མི་མཚུངས་པའི་ནང་མ་ཁང་ཞིག་གི་ནང་དུ་མ་གྲོས་གཅིག་མཐུན་གྱིས་གོམ་པའི་གདེང་འཇོག་བསྒྱུར།
  ཁོང་ཚོ་འཁྲབ་སྟོན་བྱེད་སའི་སྡིངས་ཆ་དང་མི་རིང་བའི་སའི་སྒྲོག་ཙེ་ཞིག་གི་མཐའ་འཁོར་དུ་བསྡད་མ་ཐག་ཞབས་ཞུ་མ་ཞིག་གིས་འཛུམ་དམུལ་དམུལ་གྱིས་ག་རེ་བཏུང་མིན་སྐད་ཆ་དྲིས།བདེ་སྐྱིད་ཀྱིས་ཁོང་ཚོས་སྔ་ས་ནས་བསྡུས་ཟིན་པའི་སྤྱི་དངུལ་ནས་ཤོག་སྒོར་བརྒྱ་དང་ལྔ་བཅུ་སྤྲདདེ་སྦའེ་ཝུའེ་ཁ་རས་བརྒྱབ་པ་དེ་ལྕགས་སྤྲིང་བཅུ་འཁྱེར་ཡོང་རོགས་ཞེས་བཤད།ནང་མ་ཁང་དེ་ཆེན་པོ་དེ་ཙམ་མེད་ཀྱང་སྒྲོག་ཙེ་སྟོང་པ་གཅིག་ཀྱང་ལུས་མེད་པས་ཧ་ཅང་འཁྲུགས་ཆ་དོད་ལ་དུ་བ་དང་སྐྱུར་དྲི།རྐང་དྲི་བཅས་ཀྱིས་ཁང་པའི་ནང་གི་བར་སྟོང་ཡོད་ཚད་བྱུར་བུར་ཁེངས།ནང་མའི་འཁྲབ་སྟོན་པ་མི་གྲངས་བཅུ་ལས་མེད་མོད་འཁྲབ་སྟོན་གྱི་རྣམ་གྲངས་མི་ཉུང་བས་མི་རྣམས་ཤེལ་ཕོར་གཏུགས་པའི་ཐྲག་སྒྲའི་ཁྲོད་སྦི་རག་བར་མེད་དུ་བཏུང་བཞིན་མཆིས།འཁྲབ་སྟོན་མཇུག་སྒྲིལ་རྗེས་མུ་སྦྲེལ་སྒོར་གཞས་ཞིག་བཏང་བས་མི་རྣམས་འཚང་ཁ་ཤིག་ཤིག་གིས་རྒྱ་ཁྱོན་དེ་ཙམ་མི་ཆེ་བའི་སྡིངས་ཆའི་སྟེང་སྒོར་གཞས་རྒྱག་པར་སོང་།གཞོན་པ་རྣམས་ཞབས་བྲོ་རྒྱག་ཞོར་ཞི་མིས་ཙི་ཙི་མཐོང་བ་ལྟར་བུ་མོ་རྣམས་ལ་མིག་ཧྲིག་ཧྲིག་ཏུ་བལྟ་བཞིན་ཁོང་ཚོའི་ལུས་འགྲམ་དུ་བཅར་གང་ཐུབ་བྱེད་བཞིན་འདུགསྒོར་གཞས་འཁྲབ་ཟིན་རྗེས་མི་རྣམས་རང་གནས་སུ་ལོག།ཡུད་ཙམ་སོང་རྗེས་སྟོད་ལ་འཇར་ཀི་ནག་པོ་ཞིག་གྱོན་ཞིང་སྨད་ན་གླང་རྫིའི་དོར་མ་དཀར་པོ་ཞིག་གྱོན་ལ་གསེར་གྱི་མཛུབ་དཀྲིས་སྐོར་བ་དྲུག་བྱས་པ་ཞིག་བཏགས་པ་མ་ཟད་ལག་ངར་ལ་ཕྲེང་བ་དཀྲིས་པའི་གཞོན་པ་ཉམས་དོད་པོ་ཞིག་བདེ་སྐྱིད་དང་མོའི་གྲོགས་མོ་ཚོར་སྦི་རག་བཀྱག་ཏུ་ཡོང་།ཁོང་ཚོས་ཀྱང་གཞོན་པ་དེས་བཀྱག་པའི་སྦི་རག་གཙང་མར་བཏུང་ཞིང་གཞོན་པ་དེའི་རོགས་པ་ཚོ་ཡང་གཅིག་མཇུག་གཉིས་མཐུད་དུ་སླེབས་པས་ཁོང་ཚོ་སྒྲོག་ཙེ་གཅིག་ཏུ་བསྒྲིལ།བདེ་སྐྱིད་དང་མོའི་གྲོགས་མོ་ཚོ་གཅིན་པ་གཏོང་བར་འགྲོ་ཤུལ་དུ་གཞོན་པ་དེ་དག་ཁ་ཆད་བྱས་པ་ལྟར་ཁ་འཐོར་དུ་བསྡད་ཡོད་ཅིང་ཁོང་ཚོ་མི་རེས་བུ་མོ་རེའི་འགྲམ་དུ་བསྡད།ནང་མ་ཁང་གིས་དེང་དུས་དར་གསོ་ཆེ་བའི་གླུ་གཞས་ཁ་ཤས་ཤིག་བློད་ཟིན་རྗེས་འཁྲུགས་ཆ་དོད་པའི་རྡི་སི་ཁོའོ་ཡི་རྡིང་སྒྲ་འུར་འུར་དུ་གྲགས་པས་མི་རྣམས་སླར་ཡང་སྨྱོ་བ་ལྟར་ཞབས་བྲོ་འཁྲབ་བཞིན་འདུག།བདེ་སྐྱིད་ཞབས་བྲོ་འཁྲབ་པར་འགྲོ་དགོས་བསམ་མོད་གཞོན་པ་དེས་མོའི་སྟོད་ཐུང་ནས་ཟིན་ཏེ་མ་བཏང་བས་ཁོའི་ལུས་འགྲམ་དུ་དལ་བུར་བསྡད།མ་གཞི་འུར་ཟིང་ཆེ་བས་ཅི་ཡང་ཐོས་རྒྱུ་མེད་མོད་ཁོང་གཉིས་ནི་མགོ་བོ་གཉིས་རུབ་རུབ་ཏུ་བསྡུས་ཏེ་ཕན་ཚུན་དབར་རྫོགས་རྒྱུ་མེད་པའི་སྙིང་གཏམ་ཤོད་བཞིན་འདུག།དེ་ལྟར་མཚན་མོའི་ཆུ་ཚོད་བཞི་པ་ཙམ་ལ་ཁོང་ཚོ་གཞི་ནས་ནང་མ་ཁང་ནས་ཁ་བྲལ་རྒྱུར་ཁ་འཆམ་པས་བུ་དང་བུ་མོ་ཆ་རེ་རེ་བྱས་ཏེ་ནང་མ་ཁང་གི་སྒོ་ནས་བུད་དེ་སོང་།བདེ་སྐྱིད་དང་གཞོན་པ་རྒྱུས་མེད་དེ་ལམ་ཟུར་དུ་མུ་མཐུད་སྙིང་གཏམ་ཆུ་ཚོད་ཕྱེད་ཀ་ཙམ་བཤད་རྗེས་ཁོང་གཉིས་དོ་ནུབ་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་སྡོད་རྒྱུར་གྲོས་ཁ་འཆམ།
  ཉིན་བྱེད་དབང་པོ་ཤར་ཕྱོགས་ལྷུན་པོའི་སྤོ་ནས་དལ་བུར་འཕགས་པས་འགྲེང་དུད་ཡོད་རྒུ་རྨི་ལམ་གྱི་ཞིང་ཁམས་ལས་བྲལ་ཏེ་རང་རང་གི་ལས་ལ་བྲེལ་བཞིན་འདུགཕྱི་ལོགས་ནས་གྲགས་པའི་རླངས་འཁོར་གྱི་དུང་སྒྲ་ཆེན་པོ་ཞིག་གིས་བདེ་སྐྱིད་གཉིད་ལས་སད་ཅིང་རང་གི་ལུས་འགྲམ་ན་ཉལ་བའི་གཞོན་པ་དེ་ལ་ཞིབ་བལྟ་ཞིག་བྱས་རྗེས་ཁོ་ནི་རང་ཉིད་དང་མཉམ་དུ་ཉལ་མྱོང་བའི་སྐྱེས་པ་ཨང་ག་ཚོད་ཡིན་མིན་ལ་མནོ་བསམ་གཏོང་བཞིན་གཙང་མར་ཕུད་པའི་གྱོན་གོས་མྱུར་མོར་གྱོན་ཏེ་རང་གི་ཉལ་ཁང་དུ་ལོག།མོ་ཉལ་ཁང་དུ་ལོག་རྗེས་རང་གི་བཟའ་ཟླར་ཁ་པར་གཅིག་ཀྱང་བརྒྱབ་རྒྱུ་མ་བྱུང་བར་སླར་ཡང་གཉིད་ལྕི་མོ་ཞིག་ཏུ་ཡུར།
                                                                2015.01.15

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞག་གཅིག་ཉལ་རོགས།

2015-04-26 རྒྱལ་རྩེའི་ཕོ་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།