གཞི་རིམ་གྱི་ཉིན་ཐོ།

རྒྱལ་རྩེའི་ཕོ་གཞོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-09

  ང་ལ་ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་ཞིག་ཡོད་ལ་མགོ་བོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇུག་པའི་ཆེད་དུ་འབད་བརྩོན་ཆེར་བསྐྱེད་བྱས་མོད་ངའི་ཕ་མ་ནི་དབང་དང་རྒྱུ་ཡིསདབུལ་ཞིང་ངོ་དགའ་སྤྲེལ་ལད་ལ་མི་དགའ་བའི་ཞིང་པ་ཕལ་པ་ཟུང་ཡིན་པས་ངས་གཞན་ལས་ལྷག་པའི་བརྩོན་པ་ག་ཚོད་བྱས་ཀྱང་སློབ་གྲྭ་ཐོན་རྗེས་ས་བབས་མཐོ་ཤོས་དང་ས་ཐག་རིང་ཤོས་སུ་འགྲོ་རྒྱུ་ནི་གཞན་གྱི་སྔ་ས་ནས་བཀོད་ཟིན་པའི་འཆར་གཞི་ལས་བདའ་མི་ཐུབ།
  དེ་རིང་ནི་རེས་གཟའ་ཉི་མ་ཡིན་པས་ངས་དྲོ་ཞིང་འཇམ་པའི་མལ་སའི་ནང་དུ་སྐད་འཕྲིན་གྱི་གྲོགས་པོའི་སྡེ་ནས་གྲོགས་པོ་ཚོས་གསར་འཕྲིན་ཅི་ཞིག་སྤེལ་མིན་ལ་བལྟས་རྗེས་རང་གི་བློ་ལ་འཐད་པ་རྣམས་ལ་མོས་རྟགས་རེ་བསྣན་ཞིང་དེ་རིང་གི་ངལ་གསོའི་དུས་ཚོད་དེ་ཇི་ལྟར་བསྐྱལ་རྒྱུར་མནོ་བསམ་ཞིབ་མོ་ཞིག་བཏང་།གློ་བུར་དུ་སྒོ་ཐག་ཐག་ཏུ་བརྡུང་བའི་རྣ་བར་གཟན་པའི་སྒྲ་དྲག་པོ་ཞིག་གིས་ངའི་འཆར་གཞི་ཡོངས་སུ་དཀྲུགས་ཤིང་ལས་རོགས་ཤིག་གིས་དབུགས་ཧལ་ཧལ་ངང་རིམ་པ་གོང་མའི་ལས་དོན་ཚོགས་ཆུང་དེ་རིང་ང་ཚོའི་ལས་ཁུངས་སུ་ལས་དོན་ཞིབ་བཤེར་བྱེད་པར་ཡོང་གི་ཡོད་པས་མི་ཚང་མ་ལམ་སེང་གཞུང་ལས་ཁང་དུ་འཛོམས་དགོས་ཞེས་པའི་སྐད་ཆ་རྟབ་རྟོབ་པོ་ཞིག་གིས་ངའི་རེས་གཟའ་ཉི་མའི་ངལ་གསོའི་འཚོ་བ་ལ་བར་ཆད་ཧ་ལས་པ་བཏང་བྱུང་།དྲང་པོར་ཞུས་ན་ང་རང་ལས་ཀར་ཞུགས་པ་ནས་ལས་དོན་ཚོགས་ཆུང་ཞེས་པའི་ཤན་པ་ཡ་ང་མེད་པ་དེས་ངའི་ངལ་གསོའི་འཚོ་བ་འཛེམས་མེད་དུ་བཅོམ་པ་བགྲང་གིས་མི་ལང་།
  ང་རང་ཁ་ནས་ཐོན་གསུམ་བཅོ་བརྒྱད་ཤོད་པའི་མི་རྣམས་དང་མཉམ་དུ་གཞུང་ལས་ཁང་གི་ཕྱོགས་སུ་གོམ་པའི་གདེང་འཇོག་བསྒྱུར་ཞིང་ནམ་རྒྱུན་བཙོག་གཏམ་སྨྲ་རྒྱུར་མི་དགའ་བའི་ཁ་ནས་རང་དབང་མེད་པར་ཤི་རྒྱུ་མེད་པ་དེ་ཚོས་རེས་གཟའ་ཉི་མར་ཡང་ལྷོད་ལྷོད་བྱས་ནས་སྡོད་དུ་བཅུག་གི་མིན་འདུག་ཞེས་ཤོདཔར་ཐལ་སོང་།མི་རྣམས་མ་འདོད་པའི་རྣམ་འགྱུར་སྣ་ཚོགས་བཏོན་ཏེ་གཞུང་ལས་ཁང་གི་ནང་དུ་ལས་ཁུངས་ཀྱི་འགོ་འཁྲིད་ཡོང་རྒྱུར་སྒུག་ནས་བསྡད།ཧ་ལམ་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ལས་ཁུངས་ཀྱི་འགོ་འཁྲིད་རྒན་གཞོན་དང་བཅས་པ་གཞུང་ལས་ཁང་དུ་སླེབས་ཤིང་ད་གིན་སྐད་ཅོར་གྱིས་ཁེངས་པའི་གཞུང་ལས་ཁང་འདི་ཉིད་ད་ལྟ་ཁང་སྟོང་ཞིག་ལྟར་འཇམ་ཐིང་ངེར་གྱུར།འགོ་འཁྲིད་གཙོ་བོ་དེས་གློ་གསེང་ཞིག་བརྒྱབ་སྟེ་དེ་རིང་རིམ་པ་གོང་མའི་དབུ་འཁྲིད་ང་ཚོའི་ལས་ཁུངས་སུ་ལས་དོན་ལ་ཞིབ་བཤེར་བྱེད་པར་ཕེབས་རྒྱུ་ཡིན་ཚུལ་བརྗོད་ཅིང་ཁང་པའི་ཕྱི་ནང་གི་ཁོར་ཡུག་གཙང་སྦྲ་ལེགས་པོ་བྱེད་དགོས་པ་དང་་དང་ལས་ཀའི་འཆར་གཞི་དང་ཕྱོགས་སྡོམ།བསྡུས་འཕྲིན།་སོགས་མི་སོ་སོར་ཁྲལ་ཏེ་ལེགས་པོ་བཟོ་དགོས་པའི་རེ་བ་ནན་པོ་བཏོན་ཞིང་གཞན་ཡང་སྤྱི་སྒེར་གྱི་ཟིན་བྲིས་ཡོད་ཚད་ཁ་གསབ་བྱེད་དགོས་ལུགས་གསལ་པོར་བཤད་པས་མི་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་རང་གི་མགོ་ཐོག་ཏུ་བབས་པའི་ལས་ཀ་རྣམས་བྱེད་དུ་སོང་།ངས་ཀྱང་ད་གིན་འགོ་འཁྲིད་ཀྱིས་བཀོད་སྒྲིག་བྱས་པ་ལྟར་སྔོན་ལ་རྒྱུན་རིང་པོར་འཕྱགས་མ་མྱོང་བའི་རང་གི་གཙང་སྦྲའི་ཁོར་ཡུག་དེ་ལེགས་པར་འཕྱགས་ཤིང་དེ་ནས་བྱེད་མྱོང་མེད་ལ་རྣམ་གྲངས་མང་བའི་ལས་ཀ་མང་དག་ཅིག་གི་འཆར་གཞི་དང་ཕྱོགས་བསྡོམས།བསྡུས་འཕྲིན།ཟིན་བྲིས་སོགས་གཅིག་མཇུག་གཉིས་མཐུད་དུ་འབྲི་གིན་བསྡད་པས་ཉིན་གུང་གི་ཁ་ལག་ཀྱང་བཟའ་ལོང་ཡེ་ནས་མ་བྱུང་།
  དེ་ལྟར་ཚ་ཚ་འུར་འུར་ངང་ནས་གོང་རིམ་དབུ་འཁྲིད་ལ་བསུ་བ་བྱེད་པའི་གྲ་སྒྲིག་ཁྲོད་དྲོ་ཞིང་འཇམ་པའི་རེས་གཟའ་ཉི་མའི་ཉིན་བྱེད་དབང་པོ་དེ་ཡང་ནུབ་རིའི་རྩེ་ན་འཛུམ་དམུལ་ལེར་བསྡད་འདུག།མི་རྣམས་མགོ་བོ་གཡུགས་གཡུགས་བྱེད་བཞིན་གོང་རིམ་ལས་དོན་ཚོགས་ཆུང་སྒུག་ནས་བསྡད་འདུག་མོད་ས་མ་རུབ་ཙམ་ལ་གཞི་ནས་གོང་རིམ་ལས་དོན་ཚོགས་ཆུང་དེ་རིང་ཡོང་ཐུབ་མེད་པའི་བརྡ་ཐོ་ཞིག་འབྱོར་སོང་བས་ང་ཡང་མི་རྣམས་དང་འདྲ་བར་རེ་ཆད་དང་ཁོང་ཁྲོ་རུམ་གང་ཁོག་ཏུ་ཉར་ནས་ཉལ་ཁང་དུ་ལོག་སོང་བ་ཡིན།
  ཉལ་ཁང་དུ་སླེབས་རྗེས་ཐག་རིང་ན་ཡོད་པའི་ནང་མི་དང་བཟའ་ཟླ།ད་དུང་སྙིང་ནས་སྡུག་པའི་བུ་ཆུང་བཅས་ལ་ཁ་པར་རེ་གཏོང་རྩིས་ཡོད་མོད་ལས་རོགས་ཚོས་ཞབས་ཏག་སྐྱོན་ལ་ཕེབབས་ཤོག་ཅེས་པའི་ཁ་པར་གཅིག་མཇུག་གཉིས་མཐུད་དུ་སླེབས་ཤིང་ཁ་པར་ནང་ནས་གྲགས་ཡོང་བའི་ཕོ་མོ་མཉམ་འཛོམས་ཀྱི་འུར་སྒྲ་དང་དགོད་སྒྲས་ང་ལ་སུན་སྣང་ཚད་མེད་སྟེར་བས་ཚིག་ཐག་ཆོད་པོས་ང་མི་ཡོང་ཐག་གཅོད་ཡིན་ཞེས་པའི་ལན་རེ་རེ་བཞིན་སློག་ཅིང་ལོ་གཉིས་གོང་ནས་བལྟ་འཕྲོར་ལུས་པའི་དཔེ་དེབ་དེར་བལྟ་ཙམ་བྱས་རྗེས་ནམ་རྒྱུན་བཞིན་རྨི་ལམ་ལྟ་བུའི་ནང་མི་མཉམ་འཛོམས་ཀྱི་འཚོ་བར་སྟོང་བསམ་གཏོང་གིན་ད་ནངས་བསྡུ་རྒྱུར་ལུས་པའི་མལ་སའི་ནང་འཛུལ་བ་ཡིན།
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞི་རིམ་གྱི་ཉིན་ཐོ།

2015-05-09 རྒྱལ་རྩེའི་ཕོ་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།