གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཏོག་ཤོར་བའི་མཚན་མོ།

2015-07-14 12:56:39 དམག ཀློག་གྲངས། མཆན ཡོད།

  ཉིན་གཅིག་གི་ཉི་འོད་ཧ་ཅང་སྒྱིད་ལུག་ངང་ནུབ་རིའི་ཕག་ཏུ་ནུར་བ་ན། ཚེ་རིང་གཡང་སྒྲོན་གྱིས་ནམ་རྒྱུན་ལྟར་ལུག་ཁྱུ་ལྷས་ལ་བཅུག་རྗེས། ཁྱིམ་དུ་འཛུལ་ནས་ལྕགས་ཐབ་ནང་དུ་མེ་བཅས་ཤིང་། དེ་ནས་མེ་སྦར་ཏེ་ཡུད་ཙམ་གྱི་འཕྲོར་རང་ཉིད་གཅིག་པུར་འདང་བའི་ཕྱེ་ཐུག་ཅིག་བསྐོལ་ནས་འཐུང་རྗེས་སུ། ཟླ་བ་སྔོན་མར་ཨ་ཕས་རྫོང་ཐོག་ནས་ཉོས་ཡོང་བའི་རྡུང་ལེན་གྱི་སྒྲ་ཐག་ཅིག་ལ་ཉན་ཏེ་བློ་སེམས་ལྕགས་སྐུད་ལྟར་བསྒྲིམས་འདུག
  སྡེ་བའི་རྩྭ་ས་གཞུང་ལ་བགོས་པ་ནས་བཟུང་། བསྟན་འཛིན་རྡོ་རྗེ་ཚང་དང་ཚེ་རིང་གཡང་སྒྲོན་ཚང་གཉིས་ཁྱིམ་མཚེས་སུ་གྱུར་ཞིང་། ཉིན་འགའི་སྔོན་དུ།ཁྱིམ་ཚང་གཉིས་ཀའི་ཕ་མ་བཞི་བོ་མཉམ་དུ་བླ་བྲང་ལ་དགུ་འཆམ་ལ་མཇལ་དུ་བུད་སོང་བས། དེ་རིང་།བསྟན་འཛིན་རྡོ་རྗེ་ཡང་ཁྱིམ་དུ་གཅིག་པུ་ཡིན།སྤྱིར་ཡིན་ན། ཁོས་དེ་རིང་ལུག་ཆུ་ཁར་ཆུ་ལྡུད་དུ་འདེད་དགོས་མོད། ད་ནངས་སྔ་མོར་ཚེ་རིང་གཡང་སྒྲོན་གྱིས་ལུག་རྒྱབ་རིའི་ཕྱོགས་སུ་དེད་པ་ཤེས་རྗེས། ཁོས་ཀྱང་ལུག་རྒྱབ་རིའི་ཕྱོགས་སུ་དེད་ཅིང་། ཉིན་གང་བོར་ཚེ་རིང་གཡང་སྒྲོན་མིག་གིས་འཚོས་ཏེ་རི་གླུ་ཐན་ཐུན་རེ་ལེན་ཞོར་ཉི་མ་ཕུད་ཐབས་བྱས།
  ས་རུབ་སྟེ་དགོང་ཇ་འཐུང་ཚར་བ་ན། ཁོའི་སེམས་སུ་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་སྐྱེས་ཤིང་། སེམས་སུ་དོ་དགོང་ཅིས་ཀྱང་ཚེ་རིང་གཡང་སྒྲོན་གྱི་སར་བཏུད་དགོས་འདོད་དེ། འཚབ་བེ་འཚུབ་བེར་ཁོའི་སློག་རྙིང་གྱོན་རྗེས། ལམ་དུ་སྒྲོན་མེ་བཀར་ནས་ཚེ་རིང་གཡང་སྒྲོན་ཚང་གི་སྒོ་ཁར་ཐོན། མོས་སྒོ་ཁར་མི་ཞིག་ཐོན་པ་ཤེས་པས། "སུ་ཡིན"ཞེས་སྐད་མགོ་མཐོན་པོས་བོས་པར། བསྟན་འཛིན་རྡོ་རྗེ་ཡིས་སྐད་ཆ་ཅུང་ད་མ་དིག་ངང "ང་།ང་ཡིན། ང་བསྟན་འཛིན་ཡིན"ཞེས་བཤད་པ་ན། ཚེ་རིང་གཡང་སྒྲོན་གྱིས་ཁང་བའི་ནང་དུ་གློག་གི་བཀར་མེ་བཀར། དེ་ནས། ཁོ་ཁང་བའི་ནང་དུ་འཛུལ་བ་ན་ཚེ་རིང་གཡང་སྒྲོན་ཉལ་འདུག་པ་མཐོང་ཞིང་། ཁོ་ཡུན་གྱིས་མོའི་སྔས་མགོར་སོང་སྟེ་གམ་དུ་ཙོག་པུར་བསྡད།
  "ཁྱོད་རང་གི་ཁྱིམ་ནས་མི་ཉལ་བར་འདི་འདྲའི་དགོང་མོ་ཞིག་ཏུ་ངའི་རྩིབས་ལ་ཅི་ཞིག་ལ་ཡོང་བ་ཡིན"ཞེས་ཚེ་རིང་གཡང་སྒྲོན་གྱིས་དྲིས་པར།ཁོས་ཚམ་ཚོམ་མེད་པར" ང་ཁྱོད་ཀྱི་རུམ་དུ་ཉལ་བར་ཡོང་བ་ཡིན"ཞེས་ཅི་ཡིན་མེད་པར་ཁ་ནས་དེ་ལྟར་ཤོར། དེ་གོ་རྗེས་དང་ཐོག་ཚེ་རིང་གཡང་སྒྲོན་ཅུང་ཙམ་བློང་བློང་བོར་གྱུར་ཞིང་། དེ་ནས་མགོ་བོ་རུམ་ལ་བཅུག་ཏེ་ཁ་མ་གྲག དུས་ཚོད་སྐར་མ་བཅུ་ཙམ་འགོར་བ་ན། བསྟན་འཛིན་གྱིས་ཨུ་ཚུགས་སྒོས་མོའི་མིང་ནས་ཡང་ཡང་བོས་ཏེ་ཉལ་ཐུལ་གྱི་གོང་བ་འཐེན་ཙམ་འཐེན་ཙམ་བྱས་པས། རིང་བོ་མ་འགོར་བར་མོས་མགོ་བོ་རུམ་ནས་ཕྱི་ལ་དགྱེ་ཞིང་། སྐད་གདངས་ཅུང་ཟད་དྲག་པོའི་ངང་"ཅི་རེད། བཤད་རྒྱུ་ཡོད་ན་རེམ་མ་ཤོད། ང་སྔ་མོ་ནས་ཉལ་དགོས། སང་ཉིན་ད་དུང་ལུག་རྫིར་འགྲོ་དགོས། སྨྱོན་པ་ཁྱོད་་་་་་་ "ཞེས་བཤད། དེ་ལ་ལན་དུ་ཁོའི་སེམས་སུ་ང་ཁྱོད་ལ་དགའ་ཞེས་བཤད་འདོད་ཡོད་མོད། ཚེ་རིང་གཡང་སྒྲོན་གྱིས་བཤད་པའི་གོང་གི་སྐད་ཆ་དག་གིས་ཁོ་ལ་འཚུབ་ཆ་བསླངས་པས། " ཨ་ཙི། ཨ་ཙི། ཁྱོད་བཙན་ག "ཞེས་བཤད་ཞོར་མོའི་རུམ་ལ་འཛུལ་རྩིས་བྱས། དེ་མ་ཐག ཚེ་རིང་གཡང་སྒྲོན་གྱིས་ཁོ་ལ་གཤེ་གཤེ་གཏོང་གིན་མར་སོང་ཞེས་ཡང་ཡང་བཤད་མོད། ཆགས་པ་ནོན་གྱིན་མེད་པའི་བསྟན་འཛིན་རྡོ་རྗེ་ལ་མཚོན་ན། སྐད་ཆ་དེ་དག་ནི་རྣ་རྒྱབ་ཀྱི་རླུང་བུ་འདྲ་སྟེ། ཁོ་རང་བཙན་གྱིས་ཚེ་རིང་གཡང་སྒྲོན་གྱི་རུམ་དུ་འཛུལ་ཏེ་མོ་ལ་འཐམས་ཤིང་། མོ་ཇི་ལྟར་འཕག་ཀྱང་དོན་མེད་དུ་གྱུར། དེ་ལྟར། ཚེ་རིང་གཡང་སྒྲོན་ནི་བསྟན་འཛིན་རྡོ་རྗེ་ཡི་ལུས་འོག་ཏུ་ལྷུང་ཞིང་། རིམ་གྱིས་རིམ་གྱིས་མོའི་ཐོག་མའི་སྐད་སྒྲ་དེ་ཡང་མེད་པར་གྱུར་ཞིང་། དེ་ནས་ཡུན་ཞིག་འགོར་བའི་འཕྲོར། སྐབས་ཤིག་ཏུ་ཁོ་གཉིས་ཀ་དགོད་པའི་ཚུལ་གྱི་སྒྲ་ཟུར་ཙམ་ཐོས་འོངས་ཤིང་། སྐབས་ཤིག་ལ་ཕན་ཚུན་ཤབ་ཤུབ་ཏུ་ཅི་ཞིག་བཤད་ཀྱིན་འདུག་པའང་གོ་ཐུབ།
  ཕྱི་ཉིན་ཞོགས་པར། ཉི་རྩེ་སྒེའུ་ཁུང་བརྒྱུད་དེ་ཁོ་གཉིས་ཀྱི་འཕོངས་མགོ་རུ་འཆར་འདུག་ཅིང་། ལུག་ཀྱང་ཕན་ཚུན་བསྲེས་ཏེ་རི་རྒྱབ་ཏུ་འབའ་ལྡིར་བྱས་ཏེ་རྩྭ་ལ་གཡེང་འདུག་མོད། ད་དུང་གཉིད་དུ་ཡུར་བའི་བསྟན་འཛིན་རྡོ་རྗེ་དང་ཚེ་རིང་གཡང་སྒྲོན་གཉིས་གཉིད་ཀྱི་བདེ་བས་གཏན་དུ་བཟི་འདུག་ཨང་།
                                          ༢༠༡༥/༢/༡༠མཚན་ཕྱེད་ལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།