སློབ་ཆེན་པ་ཁབ་ཁཱ།

              ༡
  ཁོ་ནི་སློབ་ཆེན་པ་ཞིག་ཡིན། དངོས་མིང་ལ་དོན་གྲུབ་ཟེར་མོད། སློབ་གྲོགས་ཕལ་ཆེ་བས་ཁབ་ཁཱ་ཞེས་འབོད།

             ༢
  ཁོ་ཉི་མ་ལ་ཤིན་ཏུ་དགའ། ནམ་རྒྱུན་ཁོམ་ལོང་རེ་མཆིས་དུས་འོས་འཚམས་ཀྱི་ས་ཞིག་བཙལ་ནས་ཉི་མར་ལྡེ་ཞོར་ཉི་འོད་དང་མུན་ནག བརྩེ་དུང་། ས་འོག རྨི་ལམ། སུན་སྣང་སོགས་ཐ་སྙད་རེ་རེར་མནོ་བསམ་གཏོང་བ་དང་། དེ་དག་གི་བར་ནས་འབྲེལ་བ་ཞིག་འཚོལ་བ་ནི་ཁོ་རང་གི་གོམས་གཤིས་ཤིག་ཏུ་ཆགས་ཡོད་དེ། ཉི་འོད་ནི་ཆེས་ཟབ་པའི་བརྩེ་དུང་ཡིན་ཞེས་པའི་སྐད་ཆ་དེ་ནི་གོམས་གཤིས་དེ་ལས་རྙེད་པའི་སྡོམ་ཚིག་ཅིག་གམ་བློ་བསྐྱེད་ཅིག་ཡིན། ཡང་མཚམས་རེར་གླུ་དབྱངས་ཐན་ཐུན་ལ་ཉན་ཞོར་སྙན་ངག་ཅིག་འབྲི་བའི་ཕྱོགས་སུ་སེམས་ཁྲལ་བྱེད། དེ་གཞན་ལ་མཚོན་ན་སྤུ་གསེང་གི་རྡུལ་ཙམ་ལས་ཀྱང་མི་རི་མོད། ཁོ་ལ་མཚོན་ན་དོན་དག་གལ་ཆེན་ཞིག་སྟེ་ལན་རེར་དེས་རྐྱེན་པས་ཁོའི་ཀླད་པའི་ནང་སུན་སྣང་ཞེས་པའི་ཐ་སྙད་འབའ་ཞིག་མ་གཏོགས་ཡོང་གི་མེད་ལ། དེར་བསྟུན་སྨྲ་བསམ་བརྗོད་འདས་ཀྱི་སྡུག་བསྔལ་ཚད་མེད་པ་ཞིག་མྱོང་གི་ཡོད། ཡིན་ཡང་དེ་ལ་བསམ་ཤེས་ཡོད་མཁན་གྱི་མི་གཅིག་ཀྱང་འཕྲད་མ་མྱོང་བས། ཁོང་གིས་སེམས་ཁོང་གི་སྡུག་བསྔལ་དང་ན་ཟུག་ཡོད་ཚད་ཉི་ཧོང་གི་མུ་ར་ཁ་མི་ཧ་རུ་ཁིའི་སྒྲུང་གཏམ་ལ་བཅོལ། སྒྲུང་གཏམ་ལས་མངོན་པའི་ཁེར་རྐྱང་དང་འུ་ཐུག སུན་སྣང་། ཆག་སྒོ་སོགས་ཀྱི་ཐ་སྙད་དེ་དག་དང་དེ་དག་གིས་བསྐྲུན་པའི་ཁེར་ཧྲེང་གི་དཔའ་བོ་དེ་ཁོ་ན་ཁོ་རང་གི་གྲོགས་པོར་བརྩི། ཉིན་ཞིག ཁོས་ས་འོག་གི་མི་ཞེས་པའི་སྙན་ངག་ཅིག་བྲིས་པར་ཕྱི་དྲོ་ཧྲིལ་བོ་ཞིག་ལ་བསམ་གཞིགས་བཏང་། འོན་ཀྱང་དེ་བྲིས་ཚར་མ་ཐག་ས་འོག་དང་འབྲེལ་བའི་ས་འོག་གི་རྨི་ལམ་དང་ས་འོག་གི་དུས་ཚོད། ས་འོག་གི་བརྩེ་དུང་། ས་འོག་གི་གཏམ་རྒྱུད་སོགས་ཡིད་བརྙན་མང་པོ་ཞིག་གཅིག་གི་རོགས་ལ་གཅིག་འཁྲིད་ནས་བྱུང་བས། ཁོ་ཡི་ཆད་དེ་མི་བསུབ་ཐབས་མེད་བྱུང་། དེའི་རྗེས་སུ་ས་འོག་ཅེས་པའི་ཡིད་བརྙན་དེས་ཁོ་ལ་དུས་ཀུན་དུ་གཙེས་ཤིང་ནམ་ཡང་མ་བཏང་ལ། ཁོང་གིས་ཀྱང་སྟ་གོན་དང་ཐོལ་བྱུང་གང་རུང་གིས་ཐན་ཐུན་གང་མང་བྲིས་མོད། རང་ཉིད་བློར་བབས་པ་ཞིག་གཏན་ནས་འཁྱོངས་མ་སོང་བས། རེ་རེ་བྲིས་མ་ཐག་རེ་རེ་བཞིན་བསུབ་པ་ལས་འོས་མེད་སོང་།

               ༣
  ཁོའི་བསམ་པར་རང་ཉིད་ལ་ངེས་པར་བསམ་བློ་ཟུར་གསུམ་མ་ཞིག་དང་ཧམ་སེམས་གཏོས་ཆེ་བ་ཞིག་ཡོད་དགོས་པར་སྙམ། དེ་མེད་ན་རང་ཉིད་མི་གཞན་དང་གཅིག་མཚུངས་སུ་འགྱུར་བར་འདོད། ཡང་ཁོས་སྙན་ངག་ནི་འཇིག་རྟེན་ལྟེ་བ་རུ་བཟུང་ནས་འབྲི་དགོས་པ་སྟེ། རང་ཉིད་ནི་འཇིག་རྟེན་དེ་ལ་བརྟེན་ནས་འཇིག་རྟེན་གཞན་ཞིག་གི་དབང་བསྒྱུར་མཁན་ཡིན་པས་རང་ཉིད་ཆེས་རླབས་ཆེན་དུ་འདོད། སྒྲུང་གཏམ་ཡང་དེ་ལྟར་ཏེ་དཔའ་གདེང་ཆེན་པོས་རང་ཉིད་གཅེར་བུར་འབུད་རྒྱུ་ནི་སྒྲུང་གཏམ་དང་སྒྲུང་གཏམ་མིན་པའི་མཚམས་ཡིན་པར་སྙམ། ད་དུང་མི་ནི་མ་གཞི་ནས་ཉེས་ཅན་ཡིན་པས་ང་ཚོས་ཁྲིམས་དང་སྲོལ་དང་ལུགས་ལ་གཏན་ནས་བསྟུན་དགོས་དོན་མེད་ལ། དེ་དག་ལ་བསྟུན་ཀྱང་སྔར་བཞིན་ཉེས་པ་དང་དང་ཉོན་མོངས་ཀྱིས་ཁེངས་པ་ཞིག་ཡིན་པས། ངེས་པར་སྲིད་འགྱུར་དང་གསར་བརྗེ། གཏོར་བཅོམ་སོགས་ཀྱི་ཐ་སྙད་དང་མཚོན་ཆ་འཁྱེར་ནས་མི་ཚོགས་ཀྱི་ཁྲོད་དུ་རྒྱུགས་དགོས་པར་འདོད། དེ་ལྟར་ད་གཟོད་རང་ཉིད་ལ་གསོན་ནས་ཡོད་ཅེས་པའི་དཔང་རྟགས་དེ་སྒྲོག་པའི་དབང་ཆ་ཞེས་པ་དེ་ཡོད་པར་སྙམ་པ་མ་ཟད། འཚོ་བ་ཟེར་བ་འདིས་ང་ཚོ་ཐོག་མ་ནས་བྲན་གཡོག་ལྟ་བུར་བརྩིས་པས་ང་ཚོས་འཐམ་མོ་ཤུགས་ཀྱིས་སྦྲན་ནས་ཀུན་སྤྱོད་ཀྱི་མཁར་རྫོང་དང་དང་གནས་ལུགས་ཀྱི་ལྕགས་རི་ཐལ་བར་བཏང་དགོས་པ་སྟེ། ང་ཚོ་དེ་དག་གི་བྲན་གཡོག་ཏུ་གྱུར་ན་རིན་ཐང་སྤུ་ཙམ་མེད་ལ། རང་དབང་ཞེས་པའི་ཐ་སྙད་འོད་ཆེན་པོ་དེ་ཡང་མེ་སྟག་ཙམ་ཡིན་པར་བསམ། དེ་བཞིན་འཇིག་རྟེན་འདིས་ང་ཚོར་ཕངས་སེམས་དང་ཡི་ཆད་ལས་གང་ཡང་མི་སྦྱིན་མོད། འགྲོ་ལམ་ཀུན་ཚེར་མ་དང་འདབ་རྫབ་ཀྱིས་ཁེངས་རུང་། ལག་པ་ཕར་ལ་སྲིང་མ་ཐག་ལག་མགོར་འགོས་འོང་པ་ནི་ནད་དུག་ལས་གཞན་ཅི་ཡང་མེད་ནའང་། སྙིང་སྟོབས་ཆེན་པོས་ཕ་རོལ་སྒྲོལ་རྒྱུའི་ཆོད་སེམས་དེ་མེ་དཔུང་བཞིན་སྤར་དགོས་པར་འདོད། དེ་ཡང་སེམས་ཀྱི་སྟོབས་ཤུགས་ནི་མེ་སྒྱོགས་སྟོང་གིས་བཅོམ་ཐབས་བྲལ་ལ། ས་འོག་ཏུའང་འཇུག་ཐབས་ཡོད་པ་ཞིག་ག་ལ་ཡིན་སྲིད།

              ༤
  ཁོང་གིས་དོན་དག་གང་ཞིག་ཡིན་རུང་ཡོད་ཚད་ཡ་མཚན་དུ་འཛིན། ཁོ་རང་ཉིད་ཀྱང་རང་གིས་དོན་དག་ཡོད་ཚད་ཡ་མཚན་དུ་འཛིན་པར་ཡ་མཚན་སྐྱེས། དེ་བློ་ཡུལ་ལས་འདས་པ་ཞིག་རེད། རྒྱུ་མཚན། དེ་ནི་མཚན་ཉིད་རིག་པ་བ་ཞིག་གི་སྤྱོད་པ་ཡིན་པས་སོ།། ཡིན་ཡང་དེ་ལ་གཞི་བཞག་སྟེ་ཁོ་མཚན་ཉིད་རིག་པ་བ་ཞིག་རེད་ན་ཧ་ཅང་མཐའ་རུ་ལྷུང་འགྲོ་བ་སྟེ། གང་ཡིན་ཞེ་ན་ཁོང་གིས་ད་དབར་མཚན་ཉིད་རིག་པའི་དཔེ་ཆ་གཅིག་ཀྱང་བཀླགས་མེད་པའི་རྒྱུ་མཚན་གྱིས་སོ།། ཡིན་ཡང་། ཁོང་གིས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་དང་གནས་ཚུལ་ཡོད་ཚད་ལ་དོགས་སློང་བྱེད་དེ། མཚམས་རེར་མཚན་ཉིད་རིག་པ་ཆེན་པོ་ཞིག་གི་ཚུལ་གྱིས་འཇིག་རྟེན་ཅི་ཞིག་རེད་ཅེས་འདྲི་བར་བྱེད། ཡང་ལན་རེར་ཅུང་དགོད་བྲོ་བའི་དྲི་བ་ཀྱང་འཕེན་པར་བྱེད་པ་སྟེ། དཔེར་ན། སློབ་གྲོགས་ལྷ་མོ་སྟོབས་ལྡན་ལ་དགའ་བ་ལས་ང་ལ་མི་དགའ་དོན་ཅི་ཡིན་ནམ་ཞེས་ཡང་འདྲི་བར་བྱེད། དེའི་ནང་ཁོ་བོས་ང་ལ་དྲིས་པའི་དྲི་བ་དེ་ཧ་ཅང་ཡག་པོ་ཞིག་འདུག་སྟེ། སློབ་ཁྲིད་ཅིག་གི་སྐབས་ཤིག་ལ་ཁོ་ངའི་མདུན་ན་ཡོད་པ་ལ་ཕྱིར་འཁོར་ནས་ཨ་རོག འཚོ་བ་ཟེར་བ་ཅི་ཞིག་ཡིན་ནམ། གཞན་པས་གྱོན་གོས་འཁྱག་པ་ཞིག་རེད་ཟེར། ང་འདི་ལ་མི་འཐད་དེ་ངའི་ལྟ་ཚུལ་ཡིན་ན་འཚོ་བ་ནི་དཀར་ཡོལ་ཆག་པོ་ཞིག་རེད་དེ། རྒྱུ་མཚན་རྨི་ལམ་ཁྲོད་ཀྱི་འཚོ་བ་ནི་དཀར་ཡོལ་མ་ཆག་པ་ཡིན་ན། དངོས་ཡོད་ཀྱི་འཚོ་བ་ནི་དཀར་ཡོལ་ཆག་པོ་ཞིག་མ་རེད་དམ། ཞེས་དྲིས་པར། སྐད་ཆ་དེར་ཁོ་བོ་ཡིད་ཀྱི་གཏིང་ཞིག་ནས་སྨྲེང་བ་ཞིག་བྱུང་ཞིང་། ལན་དུ་སྟབས་བདེ་སྒོས་བདེན་གི་བདེན་གི་འཚོ་བ་ནི་དཀར་ཡོལ་ཆག་པོ་ཞིག་རེད་ཅེས་བཤད་པ་ཡིན། དེ་བཞིན་ཁོའི་སྙན་ངག་ཏུའང་དེ་འབྲེལ་གྱི་སྐད་ཆ་མང་པོ་ཡོད་དེ། དུས་ཚོད་ཅེས་པའི་སྙན་ངག་ནང་དུ་དུས་ཚོད་ནི་རྡུལ་གྱི་ཐག་པ་ཞིག་སྟེ། བར་ཐག་ནི་དུས་ཚོད་དོ།། ཞེས་པ་ལྟ་བུའོ།།

             ༥
  ཁོ་རང་དུས་རྒྱུན་གཟའ་ཉི་མར་གཅིག་པུར་སློབ་གྲྭའི་རྒྱབ་རིར་འགོ་རྒྱུ་ལོབས་ཡོད། རྒྱུ་མཚན་ཁོའི་བསམ་པར་སེམས་དང་ལུས་པོ་ཇི་ལྟར་ཁོད་ཡངས་པའི་གནས་དང་ཉེ་ན་བསམ་གཞིགས་དང་ཀུན་རྟོག་ཀྱང་དེ་ལྟར་འགྱུ་བག་ཇེ་ཆེར་འགྲོ་བར་འདོད། དེ་བཞིན་ཕྱིར་དྲན་དང་ཆིག་ལབ་ཀྱང་གང་འདོད་དུ་ཕྱུང་ཆོག་པས། རི་མགོར་འགོ་རྒྱུ་ནི་ལོངས་སྤྱོད་ཅིག་ཏུ་བརྩི།
  དེ་སྔོན་ཁོ་རང་གྲོང་ཁྱེར་ཆེན་པོ་ཞིག་ནས་ཟླ་འགར་བསྡད་པས་ཡིན་ནམ་གང་ཡིན་མི་ཤེས་མོད། གྲོང་ཁྱེར་ནས་ཕ་ཡུལ་དུ་ལོག་པ་ནས་བཟུང་ཁོ་རང་ཉི་འོད་དང་རི་བོ། ནམ་མཁའ་དང་གཙང་བོ་ལ་ལྷག་ཏུ་ཉེ་ཉེ་ཞིག་བྱུང་སོང་། གནམ་སྔོན་པོ་ལག་པ་ཡར་སྒྲེང་ནས་མཆོངས་ཙམ་བྱས་རྗེས་རེག་བཏུབ་བམ་སྙམ་པ་དེའི་འོག་ནས་མིག་བཙུམ་ཞིང་ལག་པ་གཉིས་རྒོད་པོས་གཤོག་པ་བརྐྱངས་པ་བཞིན་གཡས་གཡོན་དུ་བསྲིངས། གདོང་ཤར་ལྷོ་ལ་བཏད་དེ་ཅུང་བསིལ་བའི་རླུང་བུ་དེ་རང་གི་ལུས་པོར་ཕོག་པར་བྱེད་པའི་ཙ་ན། མདུན་ནས་བཟུང་ན་རྒྱབ་ནས་ཤོར་འགྲོ་ལ་རྒྱབ་ནས་བཟུང་ན་མདུན་ནས་བྲོས་འགྲོ་བའི་སྨྲེང་བ་ཞིག་འཁྱུག་ཙམ་འཁྱུག་ཙམ་གྱིས་སྐད་ཅིག་ནས་སྐད་ཅིག་དང་། ཐག་ཉེ་ནས་ཐག་རིང་། ཡང་ཐག་རིང་ནས་ཐག་ཉེ། དེ་ནས་འཇམ་པོ་ནས་གློ་རྡེག་གིས་སེམས་པའམ་དབང་རྩའི་གང་ཞིག་ལ་འབྱམས་རྗེས་ཁོང་གིས་གཞི་ནས་མིག་ཟུང་དལ་གྱིས་ཕྱེ་སྟེ། ཤུགས་རིང་ཞིག་ཕྱུང་ནས་ཨ་མ། ང་འཁྱག་གི་ཞེས་བརྗོད་པར་བྱེད།
  དེ་ནི་ལོ་གཅིག་གི་སྔོན་རེད། དེ་དུས་ཁོ་རང་སེམས་གཏིང་ནས་བུ་མོ་ཞིག་ལ་དགའ་མྱོང་། ཡིན་ཡང་ཕངས་པ་ཞིག་ལ་བུ་མོ་དེ་སྔོན་ཞིག་ནས་བདག་པོ་ཡོད་མཁན་ཞིག་ཡིན་པས། ཁོས་དེ་ཤེས་རྗེས་ཅི་ནུས་ཀྱིས་བརྗེད་ཐབས་བྱེད། ཡིན་ཡང་ད་ལྟའི་བར་ཁོས་བུ་མོ་གཞན་ཞིག་ལ་ཅི་ཐུབ་ཀྱིས་དགའ་ཐབས་བྱེད་ཀྱང་ཕན་པ་ཅི་ཡང་མ་བྱུང་བར་ལྷག་ཏུ་བུ་མོ་དེར་ཇེ་དགར་སོང་། ཡིན་རུང་བུ་མོ་དེའི་བདག་པོར་འགྱུར་བ་ཅི་ཡང་མ་བྱུང་བས། ཁོས་ལས་དབང་གི་མདུན་ནས་རང་ཉིད་ལ་ཁག་འགེལ་བྱས། དེ་བས་ཡིད་ལ་དེང་ཐོག་རང་གི་རྒྱ་ཡིག་གི་རུས་མིང་དེ་བོད་ཡིག་གིས་ཇི་ལྟར་འབྲི་དགོས་པ་དང་ཇི་ལྟར་ཀློག་དགོས་པ། དེ་ནས་རྒྱ་སྐད་ཀྱི་你好བོད་སྐད་དུ་ཅི་ཡིན་པ་དང་དེ་ནས་再见བོད་སྐད་དུ་ཅི་ཟེར་བ། ཡང་我爱你ཡི་བོད་ཡིག་གི་འབྲི་ཚུལ་ཅི་ཡིན་པ་སོགས་ཡར་འདྲི་མར་འདྲི་བྱེད་མཁན་གྱི་གཞོན་ནུ་མ་དེ་དྲན་འོང་། འོན་ཀྱང་། བར་སྐབས་དེར་ཁོའི་ཀླད་པ་ཧྲིལ་བོར་དཔེ་ཀློག་ལས་ཅི་ཡང་མེད་པས་གཞོན་ནུ་མ་དེས་རྗེས་སུ་ཁོ་ལ་རང་འགུལ་གྱིས་ཁ་པར་མང་པོ་ཞིག་བརྒྱབ་ནའང་། དྲ་ཐོག་ནས་གཏམ་གྱི་མགོ་གང་མང་བཙུགས་རུང་། གཞན་དཔེ་མཛོད་ཁང་ནས་ལན་ཤས་འཕྲད་མྱོང་མོད། ཁོས་སྣང་མེད་དུ་བཞག་པས་མཐའ་མར་གྲག་མེད་དུ་གྱུར། ད་ལྟ་ཁོས་ཕྱིར་འདང་ཞིག་བརྒྱབ་ན་དེ་རང་ཉིད་འཕྱུག་འདུག་པར་བསམ་སྲིད་པ་ཁོ་ཐག་རེད། གཞོན་ནུ་མ་དེར་གཟུགས་རིང་པོ་ཞིག་མེད་རུང་འབྲིང་ཙམ་ཡོད་ལ་ཚི་ལེན་སྨུག་པོ་སྲབ་མཐུག་རན་པ་འཚེམ་བཟོ་བས་ཆེད་དུ་མོའི་ལུས་སྟོད་ཚད་གཞིར་བྱས་ནས་བཟོས་པ་འདྲ་བ་ཞིག་གྱོན་པའི་འོག་གླང་རྫིའི་དོར་མ་ཤ་དང་འབྱར་འདུག་པ་འདྲ་བ་ཞིག་རྒྱུན་དུ་གྱོན་བཞིན་ཡོད། དེའི་ཐོག་གནག་ཅིང་ཤིན་ཏུ་དྲང་ལ་རིང་ཐུང་འོས་འཚམས་ཀྱི་སྐྲ་ལོ་ཡག་པོ་ཞིག་ཡོད་པ་མ་ཟད། བྱད་བཞིན་ཡང་ཆུང་ཞིང་སྒོར་ལ་ཡོད་ཚད་རྟོགས་སྲིད་པ་འདྲ་བའི་དྭངས་གསལ་གྱི་མིག་ཟུང་ཞིག་ལྡན། ཡིན་ཡང་། ཡོད་ཚད་འདས་སོང་བས་ཁོ་ལ་ད་ནི་ཅིས་ཀྱང་ཡོང་ཐབས་མེད་པ་ཤིན་ཏུ་གསལ། དེ་བས་འགྱོད་གདུང་ཟེར་ན་ཆོག་ཡང་ན་ཕངས་སེམས་ཟེར་ནའང་ཆོག གང་ལྟར་སྐྱོ་སྣང་ཞིག་གིས་ཁོའི་ཡིད་སེམས་ཀུན་དམ་དུ་བཏགས་འདུག ཡིན་ན་ཡང་། སྐྱོ་བ་འདི་ཁོ་རང་ཆེས་ཐོག་མར་དགའ་སའི་བུ་མོ་དེས་བསྐྱེད་པ་ཡིན་ནམ། ཡང་ན་བུ་མོ་གཞན་དེས་བསྐྱེད་པ་ཡིན་པ་གང་ཡིན་མི་ཤེས།

རི་རྩེ་ནས་རྒྱང་རིང་ལ་བལྟས་ཚེ།
ཕུགས་བསམ་དང་ཆོད་སེམས་ཡོད་ཚད་ངལ་ཞིང་དུབ།
ཅི་ཕྱིར། ང་ཚོ་རྒྱང་རིང་གི་བྲན་གཡོག་ཏུ་གྱུར་དགོས་པ་ཡིན་ནམ།

  དུམ་ཚན་འདི་ནི་ཁོང་གིས་རི་མགོ་ནས་བྲིས་པའི་སྙན་ངག་གཅིག་གི་དུམ་ཚན་ཞིག་ཡིན།

  སྙན་ངག་དེ་དྲ་སྒང་དུ་སྤེལ་པའི་ཞབས་ཏུ་གྲོགས་པོ་ཞིག་གིས་འདི་འདྲ་ཞིག་སྤེལ་ཡོད་དེ། སྙན་ངག་འདི་ལས་འཇིག་རྟེན་འཚོ་བ་ལ་ཡི་མུག་པ་དང་རེ་དོགས་ཀྱིས་ཁེངས་པ། ཡང་རེ་བ་དང་རྨི་ལམ་ཡང་ཡོད་པའི་གཞོན་ནུ་ཞིག་མངོན་འདུག་ཅེས་བརྗོད་འདུག

             ༦
  སློབ་ཆེན་གྱི་ལོ་ངོ་གཉིས་རྫོགས་སོང་། ཡིན་ཡང་། ཁོ་ལ་མཚོན་ན་ཕྱིར་འདང་ཞིག་བརྒྱབ་ཚེ། དོན་སྙིང་ཡོད་པའི་གྲུབ་འབྲས་གཅིག་ཀྱང་འཐོབ་མ་སོང་བར་སྣང་། དེ་ཡང་ལོ་གཉིས་རིང་གི་རང་ཉིད་ལ་ཕྱོགས་བསྡོམས་ཤིག་བརྒྱབ་ན། རབ་རིབ་མག་མོག་གམ་ཡང་ན་རེས་གསལ་རེས་མོག་ལས་གཞན་འོས་འཚམས་ཀྱི་ཚིག་ཅིག་རྙེད་པ་མི་འདུག

  སྒྱིད་ལུག་གི་དབང་གིས་ཡིན་ནམ། འཚོ་བ་ལ་ཡི་ཆད་པས་ཡིན་ནམ། མཚམས་རེར་ཁོ་རང་ཉིན་འགའ་རེར་མལ་ལས་མི་ལངས་ལ། མཚམས་རེར་ཁ་ལག་མི་བཀྲུ་བ་མ་ཟད་སྐྲ་ལོ་ཡང་ཟླ་རེར་ཐེངས་རེ་གཉིས་ལས་མི་བཀྲུ། ཕུང་བོ་ཅི་བཤད། ཡིན་ཡང་ཁོས་དེ་ལ་དོན་ཅི་ཡང་མི་བྱེད་དེ། ང་ནི་སྙན་ངག་པ་ཡིན། ང་བླ་ན་མེད། ཁྱད་དུ་འཕགས། ངའི་འཇིག་རྟེན་གྱི་དབང་བསྒྱུར་བ་ང་རང་ཉིད་ཡིན་པས་ཁྱོད་ཚོར་ཐེ་གཏོགས་བྱེད་དབང་མེད་ཅེས་བརྗོད་པར་བྱེད། འོན་ཀྱང་། མཚམས་མཚམས་ལ་ཁོ་རང་མི་ཤིན་ཏུ་གཙང་མ་ཞིག་གྱུར་འགྲོ། དེའི་རྒྱུ་རྐྱེན་གསལ་བོ་མི་ཤེས་ཀྱང་ཕལ་ཆེར་བུ་མོ་ཞིག་གི་ཆེད་དུ་ཨེ་ཡིན་ན་བསམ། ཡིན་ཡང་ཁོ་ལ་ཀུ་རེའི་ངང་དེ་འདྲི་སྐབས། ཁོས་ཡིན་ནའང་ཐང་མིན་ནའང་ཐང་། གང་ལྟར་ངས་རང་གིས་ཀྱང་གསལ་བོ་ཞིག་མི་ཤེས་ཏེ། གལ་ཏེ་འདི་དག་ཡོད་ཚད་གཞན་གྱི་ཆེད་དུ་ཡིན་ཚེ། ང་རང་ཤིན་ཏུ་སྔངས་དགོས་པར་འདུག་ཅེས་བརྗོད།

  ཁུ་པེ་ནི་ཁོ་རང་ཆེས་དགའ་སའི་ལྒང་ལུ་རྩེད་མཁན་དེ་ཡིན། རང་ཉིད་ལྒང་ལུ་སོགས་ལུས་རྩལ་ལ་མཁས་པོ་མེད་ཀྱང་ལུས་རྩལ་གསར་འགྱུར་དང་ལུས་རྩལ་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དང་མི་སྣ་ལ་རྒྱུས་ལོན་བྱེད་པར་དགའ་པོ་ཡོད་ལ། དེ་རིགས་ཀྱི་བརྙན་གཟུགས་ལ་དེ་ལས་དགའ་པོ་ཡོད། གཞན་དམག་དོན་ནི་ཁོ་རང་གི་དགའ་ཕྱོགས་ཆེ་ཤོས་ཤིག་ཡིན། ཆུང་དུས་སྐད་ཆ་བཤད་ཤེས་པའི་དུས་ནས་བཟུང་ཟེར་ན་ཆོག་སྟེ་ཁོ་རང་འདོམས་བར་དབྱུ་གུའམ་ཅི་ཞིག་བརྒྱུས་ཤིང་ལག་ཏུ་དབྱུག་ཏོ་གཞན་ཞིག་བཟུང་ནས་སྐྱ་དམག་གི་ཚུལ་བྱེད་པར་ཤིན་ཏུ་དགའ། ཡང་ལག་ཏུ་ཤིང་དུམ་ཁོ་ན་བཟུང་ནས་རལ་གྲི་དང་མེ་མདའ་རུ་བརྫུས་ཏེ་ཕར་ཕྱོགས་ལ་དགྲ་ཡ་ཞེས་བོས་པའམ། རང་ཕྱོགས་ལ་ཀྲུང་གོ་ཞེས་བོས་ནས་དམག་འཁྲུག་རྒྱག་ཁུལ་བྱེད་པར་དེ་བས་སྤྲོ། དེ་ནི་ལྷན་སྐྱེས་རེད་ཟེར་ན་ཐལ་འགྲོ་ལ་གཞན་ལ་ལད་མོ་བྱེད་པ་རེད་ཟེར་ན་ཁོའི་ཕྱིར་དྲན་ཁྲོད་བདེན་དཔང་བཙན་པོ་ཞིག་རྙེད་མི་སྲིད། ཕལ་ཆེར་ཆུང་ངུ་དུས་ནས་རྒྱ་ནག་གི་དྲག་རྩལ་རིགས་ཀྱི་གློག་བརྙན་དང་ཟློས་གར་ལ་ཞེན་ཆགས་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་ཚོའི་སྒར་ནང་དུ་རྒྱུགས་ནས་ཟ་ཁང་དང་ཇ་ཁང་ནང་མགོ་བརྒྱུས་ཏེ་གློག་བརྙན་ལ་བལྟ་ཨེ་ཐུབ་བལྟས་པའམ། མེ་མདའ་དང་ཐན་ཁེ་རིགས་ཀྱི་རྩེད་ཆས་མང་པོ་ཉོས་ཡོང་པས་ཨེ་ཡིན་ན་བསམ། གང་ལྟར། དགའ་ཕྱོགས་དེ་རྩོམ་རིག་ཅེས་པ་དེར་ཉེ་བར་མ་བཅར་པའི་བར་རྒྱུན་བསྐྱངས་ཡོད་དེ། དམའ་འབྲིང་སྐབས་རྒྱ་ཡིག་གི་ཆུ་ཚད་ཤིན་ཏུ་དམའ་ཡང་དམག་དོན་རིག་པའི་ཤེས་བྱ་དང་ལོ་རྒྱུས། དམག་ཆས་སོགས་ངོ་སྤྲད་པའི་དཔེ་ཆར་ཤིན་ཏུ་དགའ། དུས་དེར་བོད་ཡིག་གིས་ངོ་སྤྲད་པའི་དཔེ་ཆ་རེ་རྙེད་ན་གཏན་ནས་གཏོང་མི་སྲིད། དེའི་ཁྲོད་ཁོ་ལ་ཤུགས་རྐྱེན་ཅུང་ཆེ་བ་ནི་རྒྱ་གྲམ་དམར་པོའི་དམག་གི་ལོ་རྒྱུས་རེད། དེའི་རྐྱེན་པས་ད་ལྟ་ཁོ་ནུབ་ཕྱོགས་ཀྱི་རྒྱ་གྲམ་དམར་པོའི་དམག་གིས་ཤར་འདུལ་བྱེད་པ་བརྗོད་བྱ་བྱེད་པའི་གློག་བརྙན་ལ་ལྟ་བར་ཤིན་ཏུ་སྤྲོ་བོ་ཞིག་ཏུ་ཆགས་ཡོད། དེ་རྗེས་ལོ་རྒྱུས་བསླབ་དེབ་ནས་ཧྥ་རན་སིའི་གསར་བརྗེ་དང་འཕྲད་པ་ནས་ཁོ་རང་ན་ཕོ་ལོན་ལ་ཧ་ལས་པའི་དད་པ་སྐྱེས་སོང་སྟེ། ཁོང་གི་རང་རྣམ་གྱི་དཔེ་ཆ་ཞིག་རྙེད་པར་ད་ལྟའི་བར་ཐེངས་བཞི་ལྷག་བཀླགས། གལ་ཏེ་བོད་ཡིག་ཐོག་ནས་ཡོད་ན་ཁོས་དེ་ལས་མང་པ་བཀླགས་ཡོད་པ་གདོན་མི་ཟ། ཡིན་ནའང་རྒྱུ་རྐྱེན་གང་ཞིག་གིས་ཁོ་རང་དགའ་ཕྱོགས་དེ་ལས་མར་དྲུད་ཅིང་རིམ་བཞིན་རྩོམ་རིག་གི་ལུང་བ་ཞིག་ཏུ་འཁྲིད། ཡིན་ནའང་ཁོ་རང་ན་ཕོ་ལོན་ལ་སྔར་བཞིན་དགའ།

  ཁོ་ལ་མཚོན་ན་རྩོམ་རིག་གི་ལུང་བ་དེ་ཕལ་ཆེར་གཏན་དུ་འདོར་ཐབས་ཡོད་མི་སྲིད། རྒྱུ་མཚན། ད་ལྟའི་ཁོ་ནི་རྩོམ་རིག་གིས་ན་ཟུག་གཏོང་བཞིན་པའི་རི་དྭགས་རྨས་མ་ཞིག་སྟེ། ཤིན་ཏུ་ཉམ་ཆུང་བའི་རི་དྭགས་ཤིག་རེད། བྷོར་ཏི་ལེ་ཨེར་དང་ཁབ་ཁཱ། མུ་ར་ཁ་མི་ཧ་རུ་ཁི། སྐྱབས་ཆེན་བདེ་གྲོལ་སོགས་ནི་ཁོ་རང་ཞེ་ནས་དགའ་སའི་རྩོམ་མཁན་དག་སྟེ། ཁོ་རང་ཡང་རྩོམ་མཁན་དེ་འདྲ་ཞིག་ཏུ་འགྱུར་བར་བསམ་པ་ནི་ཐུན་མོང་བ་ཞིག་རེད། འོན་ཀྱང་། ད་ལྟ་ཡང་ཁོ་ལ་ཁ་ཕྱོགས་གསལ་བོ་ཞིག་མེད་དེ། སྙན་ངག་འབྲིའམ་སྒྲུང་གཏམ་འབྲི། དངོས་ཡོད་ལ་ཕྱོགས་སམ་འཆར་ཡན་ལ་ཕྱོགས། མི་རིགས་གཙིགས་ཏུ་འཛིན་ནམ། སྒྱུ་རྩལ་གཙིགས་ཏུ་འཛིན་སོགས་ངེས་མེད་ཀྱི་དྲི་བ་སྣ་ཚོགས་མདུན་དུ་ལྷག་ཡང་ཁོས་ད་རུང་ཐག་མ་ཆོད་པར་ལུས། འོན་ཀྱང་ཁོ་རང་ལ་ཤིན་ཏུ་གསལ་བ་ནི་རྩོམ་རིག་ནི་རང་གི་ཡོད་ཚད་དུ་གྱུར་ཚར་བ་དེ་རེད། དེ་ཁོའི་སྙན་ཐུང་ཞིག་གིས་མཚོན་ཐུབ་སྟེ། མདོར་ན་རྒྱང་རིང་གི་མཁར་རྫོང་དེའོ།།

བསླུ་བྲིད་དེའི་དབང་གིས།
གནམ་འོག་གི་བརྩེ་དུང་ཡོད་ཚད།
འགྱུར་རྡོའི་གཟུགས་སུ་གྱུར་ཟེར།

ཡང་ནས་ཡང་དུ།
ང་ལ་བསླུ་བྲིད་གཏོང་མཁན་ནི།
འཇབ་རྒོལ་ཐེབས་པའི་རྒྱང་རིང་གི་མཁར་རྫོང་རེད།

               2015/4/18ཉིན་བྲིས་ཚར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་པ་ཁབ་ཁཱ།

2015-08-17 འབུམ་ཕྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།