ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། 2020ལོའི་རེ་སྨོན།

ཨ་སྐྱབས་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-02-27

  ཉིན་དེར། མཆོད་གནས་འབྲོང་རི་སྨུག་པོ་ནི་སྔར་བཞིན་གསེར་རྫོང་ཞེས་པའི་ས་ཆ་འདིའི་སྟོད་ཕྱོགས་སུ་རྔམ་བརྗིད་ཀྱིས་འགྱིང་འདུག་ལ།  གསེར་ཆུ་དལ་འབབ་རིང་མོ་ཡང་ཁུ་སིམ་མེར་གསེར་རྫོང་གི་གཡས་ཕྱོགས་སུ་སུན་པ་མེད་པར་བཞུར་གྱིན་འདུག
  གསེར་རྫོང་གི་འདུ་འཛི་ཆེ་བའི་གནས་ཤིག་སྟེ་ཀྲུང་གོའི་ཞིང་ལས་དངུལ་ཁང་གི་སྒོ་འགྲམ་དུ། མི་ཞིག་བྲེལ་བྲེལ་ངང་སླེབས་བྱུང་། ཁོའི་མིང་ལ་ཀུན་བཟང་ཟེར། ཞིང་ལས་དངུལ་ཁང་གི་སྒོ་འགྲམ་དུ་མི་མང་པོ་འཚང་ཀ་ཤིག་ཤིག་གྲལ་བསྒྲིགས་འདུག
  ཀུན་བཟང་དངུལ་ཁང་དུ་ཡོང་བར་དམིགས་ཡུལ་གལ་ཆེན་ཞིག་ཡོད། དེ་ནི་ཁ་སང་ཕྱི་དྲོའི་རྫོང་གི་འགོ་བ་སྟོབས་ལྡན་གྱི་ཚོགས་འདུ་དང་འབྲེལ་བ་ངེས་ཅན་ཞིག་ཡོད། ཀུན་བཟང་གིས་ནག་ཀྲིག་ཀྲིག་བྱེད་པའི་ཀོ་ལྷམ་གྱི་འདེགས་འཇོག་དངུལ་ཁང་གི་སྒོ་ཐེམ་ལས་བརྒལ་དུས། ཁོའི་རྣ་ལམ་དུ་ཚོགས་འདུའི་གཏམ་བཤད་དེ་གསལ་ལྷང་ལྷང་ཐོས་ཡོང་། བློ་མཐུན་རྣམ་པ།  ང་ཚོའི་ཏང་གི་ཡང་དག་པའི་དབུ་ཁྲིད་དང་ལམ་ཕྱོགས་ལ་ཡིད་ཆེས་བྱོས་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་སྟོན་དེ།  2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བཙུགས་ཐུབ་པར་ཡིད་ཆེས་ཡོད།  དེའི་ནང་དོན་གོ་སླ་མོ་བྱས་ནས་བཤད་ན།ངའི་ད་ལྟའི་ཟླ་ཕོགས་ལྡབ་གཅིག་གིས་ཇེ་མང་དུ་འགྲོ་བ་རེད། ལོ་ལྔ་འགོར་རྗེས་ང་ནི་ཟླ་བ་རེ་ལ་སྒོར་ཁྲི་རེའི་ཟླ་ཕོགས་ལེན་པའི་ལས་བྱེད་པ་ཞིག་རེད། དེ་བཞིན་དུ་དམངས་ཕལ་བའི་ཡོང་སྒོ་ཡང་གཅིག་མཚུངས་ཀྱི་ཇེ་བཟང་ལ་འགྲོ་བ་རེད་ཅེས་བཤད་པ་ན།  ཚོགས་འདུ་ལ་ཡོང་བའི་ཀུན་བཟང་ལྟ་བུའི་ལས་བྱེད་པ་ཚོས་རྫོང་གི་དབུ་ཁྲིད་ལགས་ཀྱི་གསུང་བཤད་ལ་ཐལ་ མོའི་རྡེབ་སྒྲ་ཡུན་རིང་ཞིག་ལ་མཚམས་མ་བཞག
  ཆར་བ་ཟིམ་ཟིམ་དུ་འབབ་པའི་དབྱར་འགོ་མའི་ཉིན་འདི་དག་ནི་ཏག་ཏག་གསེར་གཞུང་སྡེ་བའི་མང་ཚོགས་ལ་ཡོང་སྒོ་ཆེས་བཟང་བའི་དུས་ཚིགས་ཤིག་ལ་ཁེལ་ཡོད། ཁོ་ཚོས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དབྱར་རྩྭ་དགུན་འབུ་རྐོ་བར་ཤ་ཐང་གིས་འབད་བཞིན་མཆིས། རྫོང་གི་དབུ་ཁྲིད་སྟོབས་ལྡན་གྱིས་ཚོགས་འདུ་གྲོལ་རྗེས་ས་གནས་འདིའི་ལས་བྱེད་པ་ཀུན་བཟང་བཙལ་ཏེ་དབྱར་རྩྭ་ཞིག་ཉོ་རོགས་བྱེད་པར་གདམས།
  དེ་རིང་ཀུན་བཟང་ཆར་བའི་ཁྲོད་ཞིང་ལས་དངུལ་ཁང་དུ་སྒོར་ལེན་པར་ཡོང་ལ་དེ་ནི་འགོ་བ་ལ་དབྱར་རྩྭ་བཟང་པོ་ཞིག་ཉོ་བའི་ཆེད་རེད།  ཀྲུང་གོའི་ཞིང་ལས་དངུལ་ཁང་གི་དངུལ་ལེན་འཕྲུལ་ཆས་ཀྱི་འགྲམ་དུ་སྒོར་མོ་ལེན་མཁན་གྱི་མི་མང་པོ་ཞིག་གྲལ་བསྒྲིགས་ནས་འདུག   ཀུན་བཟང་བསྒྲིགས་པའི་གྲལ་དང་པོའི་ནང་གི་སྒོར་ལེན་མཁན་ཐོག་མ་ནི། ལྟོ་བ་འབུར་དུ་ཐོན་ལ་ཆས་གོས་དམར་སེར་གསོལ་བའི་སེར་མོ་བ་ཞིག་རེད།  དེང་གི་རྒྱུགས་ཆེ་བའི་དམངས་ཀྱི་འབོད་སྲོལ་ལྟར་ན་ཁོང་ནི་རྒྱ་བླ་ཞིག་ཡིན་ཁོ་ཐག་རེད།  ཁོང་གིས་དངུལ་བྱང་ནག་པོ་ཞིག་དངུལ་ལེན་འཕྲུལ་ཆས་ཀྱི་ནང་དུ་བཅུག་ནས་བསྟུན་མར་སྒོར་ཁྲི་གཉིས་བླངས་ནས་དལ་ལྷོད་ལྷོད་ཀྱིས་བྱོན་སོང་། དེའི་གཞུགས་ནས་བྲང་གི་ནུ་ཕྱེད་ཕྱིར་མངོན་ལ་སྐྲ་ལོ་དམར་སེར་བྱས་པའི་རྒྱ་མོ་ཞིག་འདུགདེ་ནི་ཕལ་ཆེར་གསེར་རྫོང་གི་སྨད་འཚོང་མ་ཞིག་ཡིན་པ་འདྲ། ཁོ་མོས་ཀྱང་དངུལ་ལེན་འཕྲུལ་ཆས་ལས་སྒོར་སྟོང་ལྔ་བླངས་ནས་ཤར་རེར་ཆས་སོང་།  དེའི་རྗེས་ན་ཀོ་བའི་ཁུག་མ་ནག་པོ་མཆན་དུ་བཅུག་ལ་གསེར་ཐག་ལེབ་རྡུང་བྱས་པ་མགུལ་དུ་གྱོན་པའི་མི་རྒྱགས་པ་ཞིག་འདུག འདི་ནི་ཕལ་ཆེར་གསེར་རྫོང་གི་དབྱར་རྩྭ་ཉོ་བའི་ཚོང་པ་ཞིག་ཡིན་པ་འདྲ། ཁོས་ཀྱང་བསྟུན་མར་དངུལ་ལེན་འཕྲུལ་ཆས་ལས་ཤོག་སྒོར་གང་མང་ཞིག་བླངས་ནས་རླུང་ལྟར་བུད་སོང་།
  ད་ནི་ཀུན་བཟང་གི་སྔོན་དུ་ཡོད་པའི་སྒོར་ལེན་མཁན་གྱི་མི་ཆེས་མཐའ་མ་སྟེ། ལག་པར་སེར་ག་གས་ཤིང་ལུས་ལ་ཟི་ཚར་གྱོན་པའི་འབྲོག་པ་རྒད་པོ་དེ་རེད། ཁོས་ཆུ་ཤོག་ཁུག་མ་ཞིག་གི་ནང་དུ་ཕྱི་གཅུད་ནང་གཅུད་བྱས་པའི་སྒོར་བྱང་སེར་པོ་ཞིག་བླངས་བྱུང་། འདི་ནི་ཕྱུག་པོ་ཚོའི་ལག་གི་གསེར་བྱང་ཞེས་པ་དེ་མིན་པར་གསེར་གཞུང་སྡེ་བའི་དམའ་སྐྱོང་དུད་ཁྱིམ་ལ་ རྒྱལ་ཁབ་ཀྱིས་གནངས་བའི་དམའ་སྐྱོང་དངུལ་བྱང་རེད།
  འབྲོག་པ་རྒད་པོས་དངུལ་ལེན་འཕྲུལ་ཆས་ཀྱི་གམ་ནས་རེ་ཞིག་ལ་ཅི་ཞིག་བྱེད་དགོས་པ་མི་ཤེས་པར་གྱུར་ནས་ཁ་ཕྱིར་འཁོར་ཏེ། ཀུན་བཟང་གི་གདོང་ལ་ཞིབ་ལྟ་ལན་ཞིག་བྱས་རྗེས་དེ་ནི་བོད་སྐད་གོ་བའི་མི་ཞིག་རེད་འདོད་ནས་ངས་ཡི་གེ་མི་ཤེས་པས་དངུལ་བྱང་འདིའི་ནང་དུ་སྒོར་མོ་ཞིག་ཨེ་ཡོད་ལྟ་རོགས་ཨེ་བྱེད། ཁ་དྲོ་ལོ་བརྒྱ་ཟེར་ནས་མཐེབ་མོ་བསྒྲེངས།
  ཀུན་བཟང་གིས་རྒད་པོའི་ལག་གི་དངུལ་བྱང་བླངས་ནས་གསང་གྲངས་ཅི་རེད་ཅེས་དྲིས་པ་ན། རྒད་པོས་སླར་ཡང་ཆུ་ཤོག་ཁུག་མའི་ལྟེབ་ཆགས་དཀྱིལ་ནས་ཤོག་ལྷེ་ཞིག་བླངས་ཏེ་གསང་གྲངས་འདིའི་སྟེང་དུ་བྲིས་ཡོད་པ་འདི་རེད་ཟེར།
  ཀུན་བཟང་གིས་རྒད་པོའི་དངུལ་བྱང་གི་གསང་གྲངས་མནན་ནས་སྒོར་གྱི་གྲངས་ཀ་ཞིབ་བཤེར་ལན་ཞིག་བྱས་པ་ན། དངུལ་བྱང་དུ་སྒོར67ལས་མི་འདུག་ཅེས་དངུལ་ལེན་འཕྲུལ་ཆས་ཀྱི་འཆར་ངོས་སུ་ཤར་འདུག
  ཀུན་བཟང་འུ་ཐུག་པའི་ཉམས་ཀྱི་ཁ་ཕྱིར་འཁོར་ནས་རྒད་པོ་ལ་ཁྱོད་ཀྱི་དངུལ་བྱང་དུ་སྒོར67ལས་མི་འདུག ཅི་ཞིག་བྱེད་དགོས་ཞེས་དྲིས།
  རྒད་པོ་ཡང་ཐབས་ཟད་པའི་ཉམས་ཀྱིས་མགོ་གཡུག་གཡུག་བྱེད་བཞིན་དམའ་སྐྱོང་གི་སྒོར་མོ་ད་རུང་ཐོན་མེད་པ་འདྲ། ཨ་ཤུ། ཡི་གེ་མི་ཤེས་པའི་རྒད་པོ་འདིའི་དངུལ་ལེན་འཕྲུལ་ཆས་ཀྱི་འཆར་ངོས་སུ་ཡང་བསྐྱར་ཞིབ་ལྟ་བྱེད་པར་བལྟས་ན་ཁོས་སྒོར་མོ་འདི་སླེབས་པར་ཡུན་རིང་ཞིག་ལ་རེ་སྒུག་བྱེད་མྱོང་བ་འདྲ། རྒད་པོས་སླར་ཡང་མགོ་བོ་ནང་དུ་བཀུགས་ནས་བསམ་གཞིག་ཡུད་ཙམ་བྱས་རྗེས་སླར་ཡང་ཀུན་བཟང་ལ། འོ་ན་སྒོར67དེ་ལེན་ཐུབ་ཀྱིན་ཨེ་འདུག་ཅེས་དྲིས།
  ཀུན་བཟང་ཡང་རེ་ཞིག་ལ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ངས་ཚོད་ལྟ་ཞིག་བྱ་ཟེར་ནས་དངུལ་བྱང་སེར་པོ་དེ་ཡང་བསྐྱར་དངུལ་ལེན་འཕྲུལ་ཆས་སུ་བཅུག་ནས་བལྟས་པ་ན། དངུལ་ལེན་འཕྲུལ་ཆས་ཀྱི་འཆར་ངོས་སུ། སྒོར་མོ་འདི་མཁོ་སྤྲོད་བྱ་ཐབས་མི་འདུག་ཅེས་ཡིག་འབྲུ་ཆེན་པོ་འགའ་ཤར་འདུག
  ཀུན་བཟང་གིས་རྒད་པོར་སྒོར་བྱང་སྤྲད་ཞོར་རྒྱུ་མཚན་གསལ་བཤད་བྱས།
  ངོ་མི་ཤེས་པའི་རྒད་པོ་དེ་འཛུམ་ཙམ་བྱེད་ཞོར་དངུལ་ཁང་གི་སྒོ་ལ་བུད་སོང་། དེ་དུས་རྒད་པོས་རས་ལྷམ་ལྷན་པོ་ཅན་ཞིག་གྱོན་འདུག་ལ། ལྷན་པོའི་མཐའ་ཁ་རས་སྐུད་ནག་པོ་ཞིག་གིས་བཟོས་འདུག་པ་ཀུན་བཟང་གིས་གསལ་པོ་མཐོང་།
  ཀུན་བཟང་གིས་བསམ་པར་རྒད་པོས་གྱོན་པའི་རས་ལྷམ་དེ་ལོ་བཅུ་ལྷག་གི་ཡར་སྔོན་དུ་ཁོ་རང་སློབ་ཆུང་འགྲིམ་དུས་ཀྱི་རས་ལྷམ་དེ་དང་འདྲ་པོ་འདུག་བསམ་ལ། དེ་དང་མཉམ་དུ་དཀའ་སྡུག་གི་ལོ་ཟླ་ཞིག་ཁོའི་མིག་ལམ་དུ་ཤར་ལ་སེམས་སུ་བཤད་མི་ཤེས་པའི་སྐྱོ་སྣང་ཞིག་གིས་ཁེངས་དེ་ཁོ་རང་མགྱོགས་མྱུར་རྒད་པོ་དེ་འཚོལ་དུ་སོང་།
  གསེར་གཞུང་གི་སྲང་ལམ་གྱི་བཞི་མདོ་ན་ཕྱོགས་ཡར་མར་ལ་འགྲོ་བའི་རླངས་འཁོར་གྱི་ཁ་ལོ་བ་ཚོས་རང་ཉིད་ས་ཆ་གང་ཞིག་ལ་འགྲོ་སའི་མིང་ནས་ཤུགས་ཀྱིས་འབོད་བཞིན་འདུག  ཀུན་བཟང་གིས་ཡར་འགྲོ་མར་འོང་བྱེད་པའི་མགྲོན་པོའི་ཚོའི་གྲལ་དུ་ངོ་མི་ཤེས་པའི་རྒད་པོ་དེ་བཙལ།
  མཚམས་ཤིག་ལ།  ཁ་ལོ་བ་ཞིག་གིས་སྐད་མཐོན་པོའི་ཅི་ཞིག་ལབ་བཞིན་པ་ཐོས། ཀུན་བཟང་གམ་དུ་སོང་ནས་ཞིབ་ཀྱིས་བལྟས་པ་ན། ཁ་ལོ་བ་དེས་ཁོས་འཚོལ་བཞིན་པའི་རྒད་པོའི་གདོང་ལ་མཛུབ་མོ་བཙུགས་ནས་ཐོག་མར་ཁྱོད་ཀྱིས་ང་ལ་རླངས་འཁོར་གྱི་གླ་ཆ་སྤྲོད་དང་། དེ་ནས་ངས་ཁྱོད་རླངས་འཁོར་དུ་འཇོག་ཆོག་ཅེས་ལབ་བཞིན་འདུག
  འབྲོག་པ་རྒད་པོ་འུ་ཐུག་པའི་ཉམས་ཀྱིས་དེ་རིང་ངས་ལག་ན་སྒོར་མོ་བཟུང་མི་འདུག ཡུལ་ལ་ཐོན་དུས་ངས་སྦྱིན་ཁོ་ཐག་ཡིན། ང་ལ་རྫོང་ཐོག་ན་ངོ་ཤེས་མཁན་གཅིག་ཀྱང་མེད་ཅེས་ཞུ་བ་བྱས།
  དེ་དུས་ཀུན་བཟང་གིས་རྒད་པོ་འདིའི་ལམ་གླ་ངས་སྦྱིན་ཟེར་ནས་ཁ་ལོ་བའི་ལག་ཏུ་སྒོར་མོ་སྦྱིན་པ་མ་ཟད། སླར་ཡང་སྒོར་བརྒྱ་བླངས་ནས་རྒད་པོའི་ལག་ཏུ་འཇོག་ཞོར་འདི་ཁྱོད་ཀྱི་ཟ་མ་ཟ་སྤྱད་ཡིན་ཞེས་བཤད།
  འབྲོག་པ་རྒད་པོ་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་དྲིན་ཅན་པོ། ངའི་མིང་ལ་དོན་ཁོ་ཟེར། གཞུག་ཕྱོགས་གསེར་གཞུང་སྡེ་བར་ཐོན་ན་ངེད་ཚང་ལ་ཤོག་ཟེར།
  ཀུན་བཟང་གསེར་རྫོང་གི་གེ་སར་ཐང་ཆེན་དུ་སོང་ནས་དབྱར་རྩྭ་ཉོ་བའི་ཚོང་པ་ཚོ་དང་ཁ་བརྡ་བྱས། ཚོང་བ་བཀྲ་ཤིས་ཀྱིས་བཤད་རྒྱུར་ད་ལོ་དབྱར་རྩྭ་ཅུང་མང་བའི་ལོ་ཞིག་རེད།
  འོན་ཀྱང་དབྱར་རྩྭ་ལ་རིན་གོང་དམའ་བའི་དུས་ཤིག་རེད། ཁྱོད་ཀྱིས་འདོད་བློ་དང་མཚམས་པའི་དབྱར་རྩྭ་མཁོ་སྤྲོད་བྱེད་ཆོག་ཅེས་ལས་བྱེད་པ་ཀུན་བཟང་དགའ་བའི་གཏམ་ཆུ་བརྡོལ་བ་བཞིན་ལབ་བྱུང་།
  ཀུན་བཟང་གིས་འགོ་བའི་རེ་བ་ལྟར་གྱི་དབྱར་རྩྭ་ཞིག་ཉོས་ནས་ཁྱིམ་དུ་སོང་། ཁོའི་སེམས་སུ་འགལ་འདུ་སྣ་ཚོགས་ཆུ་ཁོལ་བཞིན་གདུས་ནས་ལྷོད་ལ་འབབ་ཐབས་བྲལ།
   ཁོ་ནི་ད་ལྟ་ཟླ་ཕོགས་མཛོ་མོ་བཞོ་བཞོ་བྱེད་པའི་ལས་བྱེད་པ་ཞིག་རེད། རྫོང་གི་འགོ་བ་སྟོབས་ལྡན་གྱི་གསུང་ལྟར་ན་ད་ནི2015ལོའི་ལོ་ཕྱེད་བརྒལ་ཟིན།  ད་ལོ་བཞི་དང་ཕྱེད་ཀ་སོང་ན་ཁོ་ནི་ཟླ་བ་རེ་ལ་ཟླ་ཕོགས་སྒོར་ཁྲི་ལྷག་ལེན་པའི་མི་དམངས་ཀྱི་ཞབས་ཕྱི་བ་ཞིག་རེད།
  གསལ་པོར་བཤད་ན། ཀུན་བཟང་གིས་བསམ་གཞིག་བྱེད་ས་གཙོ་བོ་ནི་ཁོའི་ཡོང་སྒོ་ག་ལ་ཡིན།  2020ལོར་ཁོ་ལ་སྙིང་དུ་སྡུག་པའི་ཆུང་མ་ཞིག་ཡོད་དགོས། ཁོ་ནི་ད་བར་དུ་ཁེར་རྐྱང་དུ་ལུས་ལ་དམངས་ཀྱིས་བསྟོད་བསྔགས་ཐོབ་སའི་གསེར་གཞུང་སྡེ་བའི་ལས་བྱེད་པ་བཟང་པོ་ཞིག་རེད།
  ལོ་གསུམ་ལྷག་འགོར་སོང་།
  ཀུན་བཟང་ལ་གསེར་གཞུང་ཡུལ་ཚོའི་ཡུལ་དཔོན་གཞོན་པའི་གོ་གནས་ཐོབ། ལོ་དེར། ཁོ་ཨ་མྱེ་རྨ་ཆེན་ལ་གངས་སྐོར་བྱེད་དུ་སོང་།
  ཁོ་ཕྱི་དྲོ་ཞིག་ལ་རྨ་ཆུའི་རྫོང་ཐོག་ཏུ་ཐོན། སྲང་ལམ་གྱི་གཡས་ཕྱོགས་སུ་ཉི་ཟླ་ལྷན་འཛོམས་ཟེར་བའི་མགྲོན་ཁང་ཞིག་ཡོད་པ་མཐོང་། ཀུན་བཟང་མགྲོན་ཁང་གི་ཞབས་ཕྱིའི་སྟེགས་བུའི་གམ་དུ་སོང་ནས་ཐོ་འགོད་བྱེད་དུས། ཁོའི་སྒོར་ཁུག་ནི་སྔ་མོ་ཞིག་ནས་རྐུན་མས་བརྐུས་སོང་བ་འདྲ། ཀུན་བཟང་གློ་བུར་དུ་བྲེལ་འཚུབ་ལངས་བྱུང་། ལྷག་པར་དུ་ཐོ་འགོད་བྱེད་ས་རུ་ཀུན་བཟང་གིས་ཚེ་གང་བོར་མཐོང་མ་མྱོང་བའི་གཞོན་ནུ་མ་ལང་ཚོ་དར་ལ་བབ་པ། ལྟ་བའི་ཆོག་མི་ཤེས་པ་ཞིག་གིས་སྒེག་ཉམས་དང་བཅས་ཁོ་ལ་བལྟས་འདུག་པས་ཀུན་བཟང་ལྟ་བུའི་གསར་ཡག་ཅིག་གིས་སྒོར་མོ་གཅིག་ལག་ཏུ་མི་འཛིན་པར་མགྲོན་ཁང་ཡག་ཤོས་ཤིག་ལ་ཐོ་འགོད་བྱེད་མདོག་བྱས་ན་དེ་ནི་ཅི་འདྲའི་ངོ་ཚ་དགོས་པ་ཞིག་རེད་ཨང་བསམ།
  གཞོན་ནུ་མ་དེས་ཀུན་བཟང་ངོ་ཚ་ནས་ཁ་རོག་གེར་འདུག་པ་མཐོང་རྗེས་སྐད་དམའ་མོས་ཁྱེད་རང་མ་འཚབ་དང་། ད་དུང་ཡག་པོ་ཞིག་ཚོལ་དང་། གཅིག་བྱས་ནས་སྒོར་ཁུག་བོར་མེད་ནའང་ཐང་ཞེས་སེམས་གསོ་བྱས། ཀུན་བཟང་གི་རང་གི་ཁུར་ཁུག་དང་གློ་ཁུག་སོགས་སུ་ཞིབ་ལྟ་བྱས་ཀྱང་སྒོར་ཁུག་གཏན་ནས་མ་རྙེད། ད་རུང་རང་གི་སྟོད་ལོའི་གློ་ཁུག་སྟེང་དུ་གྲིས་གཏེད་པའི་རྗེས་ཤུལ་ཞིག་གསལ་པོ་མཐོང་བ་ན། ད་ནི་སྒོར་མོ་དང་སྒོར་བྱང་། ཐོབ་ཐང་སོགས་ཡོད་ཚད་རྐུན་མས་ཁྱེར་སོང་བ་ཐག་གིས་ཆོད། ད་ནི་ས་ཡང་རུབ་ལ་ཉེ་བས་ས་ཆ་མེད་དང་། མི་ཆ་མེད་ཀྱི་ཡུལ་འདི་ནས་རང་གི་ནུབ་ཚལ་ཞིག་ཀྱང་རེག་དཀའ་བ་རེད་འདོད་དེ་ཁོར་སྔར་བའི་བྲེལ་འཚུབ་སྐྱེས།
  དེ་དུས་མགྲོན་ཁང་དུ་འཁོར་ལོ་བཟུང་བའི་རྒད་པོ་ཞིག་སླེབས་བྱུང་། རྒད་པོ་དེས་ཀུན་བཟང་མཐོང་བ་ན། ཐེ་ཚོམ་སྤུ་ཙམ་མེད་པར་ཚུར་བརྒྱུགས་ཡོང་ནས་ཁོའི་ལག་མགོར་འཇུས་ཏེ་དྲིན་ཅན་པོ། ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད། ཡུན་རིང་ཞིག་ལ་མ་ཐུག གང་ནས་ཡོང་བ་ཡིན་ཞེས་དྲིས་བྱུང་།
  ཀུན་བཟང་གིས་རྒད་པོས་ངོ་ནོར་ཁུར་བ་རེད་འདོད་དེ། ཁྱོད་སུ་ཡིན་ཞེས་ཐེ་ཚོམ་ངང་དྲིས་པ་ན།
  རྒད་པོ་དེས་སླར་ཡང་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཁྱོད་ཀྱིས་ང་བརྗེད་སོང་ངམ།
  ང་དོན་ཁོ་ཡིན། ང་དང་ཐོག་གསེར་རྫོང་ལ་ཡོང་དུས་ཁྱོད་ཀྱིས་ང་ལ་རླངས་འཁོར་གྱི་གླ་ཆ་དང་ཟས་རིན་སྦྱིན་པ་བརྗེད་སོང་ངམ། ད་ཁྱིམ་དུ་སོང་ནས་ཁ་བརྡ་བྱེད། རྒད་པོས་སླར་ཡང་ཁ་ཕར་འཁོར་ནས་གཡར་དཀར་སྒྲོལ་མ། གསར་བུ་འདི་ངས་ནམ་རྒྱུན་ཁྱོད་ལ་གླེང་བཞིན་པའི་གསེར་རྫོང་གི་དྲིན་ཅན་པོ་རེད། དེ་རིང་ངོ་ཤེས་སོང་ངམ། རྒད་པོས་དེ་ལྟར་ལབ་བཞིན་ཀུན་བཟང་གི་ཁུར་ཁུག་ལག་ཏུ་ལེན་ཞོར་ཨོ། འདི་ངའི་བུ་མོ་རེད། ད་ལོ་ལོ་བཅོ་བརྒྱད་རེད། ད་ང་ཚོ་ནང་དུ་སོང་ནས་ཁ་བརྡ་བྱེད་ཟེར།
  དོན་ཁོ་ཟེར་བའི་རྒད་པོ་འདིས་རྨ་ཆུའི་རྫོང་ཐོག་ཏུ་སྒོར་ཁྲི་བརྒྱད་བརྒྱ་ལྷག་གིས་ཉི་ཟླ་ལྷན་འཛོམས་ཞེས་པའི་མགྲོན་ཁང་ཆེན་མོ་ཞིག་ཕྱེས་འདུག་པ་མ་ཟད་ད་རུང་གཞུང་སྒེར་གྱི་སློབ་མ་མང་པོར་སློབ་ཡོན་སྟེར་བའི་དགེ་ལས་བྱ་བ་རླབས་ཆེན་ཞིག་གཉེར་གྱིན་འདུག
  ཀུན་བཟང་ཅི་ཞིག་ལ་ཡིད་མི་ཆེས་པར་གྱུར་ནས་ཇ་ཧུབ་གང་འཐུང་རྗེས་རྒད་པོ་ལ། ཁྱོད་གློ་བུར་དུ་འདི་འདྲའི་ཕྱུག་པོ་ཞིག་ལ་ཅི་ལྟར་གྱུར་བ་རེད་ཅེས་དྲིས། དོན་ཁོས་ལག་གི་མ་ཎིའི་འཁོར་ལོ་དལ་གྱིས་སྐོར་བཞིན་གྲོགས་པོ་ལོ་ལོ། སྤྱིར་བཏང་ང་ཚོ་བོད་ཀྱི་གཏམ་དཔེ་ལ། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཟེར་བ་བཞིན་ངེད་ཚང་ལ་མི་རབས་ཁ་ཤས་བརྒྱུད་པའི་གཟི་ཆུ་མིག་དགུ་པ་ཞིག་ཡོད། ན་ནིང་དེ་རྒྱ་ནག་གི་ཚོང་པ་ཞིག་ལ་བཙོང་རྗེས་ངེད་ཚང་གི་བུ་ཆེ་བ་སློབ་ཆེན་མཐར་ཕྱིན་པ་དང་ཁེལ་བས་ཁོས་བཀོད་བསྒྲིགས་ལྟར་རྨ་ཆུ་རྫོང་ཐོག་ཏུ་ཡོང་བ་ཡིན།
  ཀུན་བཟང་གིས་སླར་ཡང་ཁྱོད་ལ་རྟེན་འབྲེལ་ཞུ་ཞེས་བཤད་ཀྱང་། སེམས་སུ2020ལོའི་དམངས་ཀྱི་ཡོང་སྒོ་ནི་དོན་ཁོའི་ཡོང་སྒོ་དང་གཅིག་མཚུངས་ཡིན་ན་ཅི་མ་རུང་སྙམ།
  དོན་ཁོས་ཀུན་བཟང་གིས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་པ་མཐོང་བས་ཁོས་ཀུ་རེའི་ཚུལ་དུ། གྲོགས་པོ་བཟང་པོ། ཁྱོད་ད་བར་གཉེན་སྒྲིག་བྱས་ཟིན་ནམ་ཞེས་དྲིས་པ་ན།
  ཀུན་བཟང་ཅུང་འཚུབ་ཆ་ལངས་བཞིན་ང་ད་རུང་གཉེན་སྒྲིག་བྱས་མེད། འོན་ཀྱང་ཆུང་མ་ཞིག་མྱུར་དུ་ལེན་ན་འདོད་ཅེས་ལན་དེ་དོན་ཁོ་ལ་བཏབས་པ་འདྲ་ཡང་། ཀུན་བཟང་དང་གཡང་དཀར་སྒྲོལ་མ་གཉིས་ཀྱིས་དུས་གཅིག་ཏུ་ཕན་ཚུན་ལ་ལྟ་བའི་མིག་འོད་གཉིས་གཞི་གཅིག་ཏུ་འདྲེས་ལ། ཡུད་ཙམ་གྱི་རྗེས་ནས་དོན་ཁོ་ཚང་གི་ཁང་པའི་སྒེའུ་ཁུང་ལས་བདེ་སྐྱིད་ཀྱི་དགོད་སྒྲ་ཞིག་མཚན་མོའི་ལྷིང་འཇགས་ཀྱི་ཁྲོད་ནས་རྨ་ཆེན་གངས་རིའི་ཕྱོགས་སུ་མཆེད་ཡོང་ལ། ཀུན་བཟང་གི2020ལོའི་རྨི་ལམ་དང་འདྲ་བའི་ཉ་གང་ཟླ་བ་དེ་ཡང་ལྷུང་ལྷུང་བཞུར་བའི་རྨ་ཆུའི་རླབས་རྒྱུན་ཁྲོད་དལ་གྱིས་གཡོ་བཞིན་འདུག

                                            2015.6.13

                                                                       རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། 2020ལོའི་རེ་སྨོན།

2016-02-27 ཨ་སྐྱབས་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།